西藏昌都市财政局

政府信息公开

昌都市农牧民享受财政补助优惠政策明白卡ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་མང་ཚོགས་ཀྱི་ནོར་སྲིད་ཁ་གསབ་རོགས་དངུལ་གྱི་གཟིགས་སྐྱོང་ས...

发布时间: 2023-09-08   浏览次数:   【字体:


昌都市农牧民享受财政补助优惠政策明白卡
ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་མང་ཚོགས་ཀྱི་ནོར་སྲིད་ཁ་གསབ་རོགས་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་མྱོང་བའི་གསལ་ཡིག
(2023年版)
༢༠༢༣ལོའི་པར་མ།


西藏昌都市财政局印制
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུད་ཀྱིས་པར་བསྒྲིགས་བྱས།
二0二三年八月
༢༠༢༣ལོའི་ཟླ་༨པ།
第一部分  直接补贴政策
ཁག་དང་པོ། ཐད་ཀའི་རོགས་དངུལ་སྲིད་ཇུས།
(现金或实物)
དངུལ་སྨར་དང་དངོས་ཟོག

1.村干部基本报酬(村干部待遇)
2023年度,村“两委”正职报酬待遇为37258元/年,其中基本报酬占80%、为29806元/年,业绩考核奖励为7452元/年;村“两委”其他干部报酬待遇26081元/年,其中基本报酬占80%、为20865元/年,业绩考核奖励为5216元/年。
༡.གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ། (གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང། )
2023ལོ་ནས་བཟུང་གྲོང་ཚོའི"ཨུ་ལྷན་གཉིས་"ཀྱི་ལས་འགན་འཁུར་མཁན་རྒན་པའི་གླ་ཆ་ཐོབ་ཐང་ལོ་རེར་སྒོར37258ཡིན་པ་དང་། དེའི་ནང་གཞི་རྩའི་ཐོབ་ཆ80%ཟིན་པ་དང་། ལོ་རེར་སྒོར29806ཡིན། བྱས་རྗེས་དཔྱད་ཞིབ་བྱས་འབྲས་ཀྱི་བྱ་དགའ་དངུལ་ལོ་རེར་སྒོར7452ཡིན།   གྲོང་ཚོའི"ཨུ་ལྷན་གཉིས"ཀྱི་ལས་བྱེད་པ་གཞན་དག་གི་ཐོབ་ཆ་ལོ་རེར་སྒོར26081ཡིན་ཞིང་།  དེའི་ནང་གཞི་རྩའི་ཐོབ་ཆ80%དང་། ལོ་རེར་སྒོར20865ཡིན། བྱས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ་དངུལ་ལོ་རེར་སྒོར5216ཡིན།
2.大中型水库移民补助
对纳入扶持范围的移民每人每年补助600元,从完成搬迁之日起扶持20年。
༢.ཆུ་མཛོད་ཆེ་འབྲིང་གི་གནས་སྤོའི་ཡུལ་མིར་ཁ་གསབ་རོགས་དངུལ།
རོགས་སྐྱོར་བྱེད་ཁོངས་སུ་ཚུད་པའི་གནས་སྤོ་ཡུལ་མིའི་མི་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར600སྤྲད་པ་དང་། གནས་སྤོ་ལེགས་འགྲུབ་བྱུང་ཉིན་ནས་བཟུང་ལོ20ལ་རོགས་སྐྱོར་བྱ་དགོས།
3. 草原生态保护补助奖励
(1)八宿、丁青、卡若、江达、贡觉、察雅、左贡、芒康8个县(区)禁牧补助7.5元/亩·年、草畜平衡奖励2.5元/亩·年,纯牧户保底2000元/人·年、限高8000元/人·年,非纯牧户限高6500元/人·年。
(2)边坝、洛隆、类乌齐3个县禁牧补助7元/亩·年、草畜平衡奖励2.3元/亩·年,纯牧户保底1300元/人·年、限高6500元/人·年,非纯牧户限高6500元/人·年。
(3)继续选聘村级草原监督员2711名,劳动报酬为7000元/人·年。
༣. རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ།
དཔའ་ཤོད་དང་སྟེང་ཆེན། ཁ་རུབ། འཇོ་མདའ། གོ་འཇོ། བྲག་གཡབ། མཛོ་སྒང་། སྨར་ཁམས་བཅས་རྫོང(ཆུས) 8ལ་ཕྱུགས་བཀག་ཁ་གསབ་རོགས་དངུལ་མུའུ་རེར་ལོ་རེར་སྒོར7.5དང་། རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའ་མུའུ་རེར་ལོ་རེར་སྒོར2.5ཡིན་པ་དང་། ལོ་རེར་འབྲོག་པའི་དུད་ཚང་དག་མ་ལ་མི་རེར་ཉུང་མཐའ་ཡང་སྒོར2000དང་། མཐོ་ན་མི་རེར་ལོ་རེར་སྒོར8000། འབྲོག་ལས་མ་ཡིན་པའི་དུད་ཚང་ལ་ཚད་བཀག་མི་རེར་ལོ་རེར་མཐོ་ན་སྒོར6500ཡོད།
(2) དཔལ་འབར་དང་ལྷོ་རོང་། རི་བོ་ཆེ་བཅས་རྫོང3གྱིས་ཕྱུགས་བཀག་ཁ་གསབ་རོགས་དངུལ་མུའུ་རེར་ལོ་རེར་སྒོར7དང་། ལོ་རེར་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའ་མུའུ་རེར་ལོ་རེར་སྒོར2.3། འབྲོག་པའི་དུད་ཚང་དག་མར་མ་མཐའི་འགན་ལེན་མ་དངུལ་མི་རེར་ལོ་རེར་སྒོར1300དང་། མཐོ་ན་ལོ་རེར་མི་རེར་སྒོར6500ཡིན་པ་དང་། ལོ་རེར་འབྲོག་པའི་དུད་ཚང་དག་མ་ཡིན་པ་ལ་མི་རེར་མཐོ་ན་ལོ་རེར་སྒོར6500ཡིན།
(3)གྲོང་ཚོ་རིམ་པའི་རྩྭ་ཐང་ལྟ་སྐུལ་པ2711མུ་མཐུད་འདེམས་བསྐོ་བྱས་པ་དང་།  ངལ་རྩོལ་གྱི་ཐོབ་ཆ་མི་རེར་ལོ་རེར་སྒོར་7000ཡིན།
4.农村危房改造补助
根据《财政部住房城乡建设部关于印发<中央财政农村危房改造补助资金管理办法>的通知》(财社〔2023〕64号),补助资金用于农村低收入群体等重点对象农村危房改造、7度及以上抗震设防地区农房抗震改造以及其他符合政策规定的农村困难群众基本住房安全保障支出。农村低收入群体等重点对象包括农村易返贫致贫户、农村低保户、农村分散供养特困人员、因病因灾因意外事故等刚性支出较大或收入大幅缩减导致基本生活出现严重困难家庭、农村低保边缘家庭、未享受过农村危房保障政策支持且依靠自身力量无法解决住房安全问题的其他脱贫户。每年农村危房改造及抗震加固国家补助金额标准不等。
༤.གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་བསྒྱུར་བཀོད་ཀྱི་ཁ་གསབ།
《ནོར་སྲིད་པུའུ་ཡི་སྡོད་ཁང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་ <ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་ཉེན་ཁང་བསྒྱུར་བཀོད་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས> དཔར་འགྲེམ་སྐོར་གྱི་བརྡ་ཐོ》(ནོར་སྤྱི་〔2023〕ཡིག་ཨང་64པ།)་གཞིར་བཟུང་ནས།  གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་གཙོ་གནད་གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་བསྒྱུར་བཀོད་དང་། རིམ་པ་7ཡན་གྱི་ས་ཡོམ་སྔོན་འགོག་ས་ཁུལ་གྱི་ཞིང་པའི་སྡོད་ཁང་ཡོམ་འགོག་བསྒྱུར་བཀོད། དེ་བཞིན་སྲིད་ཇུས་གཞན་དག་དང་མཐུན་པའི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་འགན་སྲུང་གི་གཏོང་སྒོ་བཅས་གཙོ་གནད་དུ་སྤྱོད་དགོས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་གཙོ་གནད་དུ་གྲོང་གསེབ་ཀྱི་དབུལ་པོར་འགྱུར་སླ་བའི་དབུལ་ཕོངས་ཁྱིམ་དུད་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་དུད། གྲོང་གསེབ་ཏུ་ཁ་ཐོར་དུ་འཚོ་སྐྱོང་བྱེད་པའི་དམིགས་བསལ་ཀྱི་མི། ནད་གཞིའི་རྐྱེན་གྱིས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བ་སོགས་འགྱུར་མེད་རང་བཞིན་གྱི་གཏོང་སྒོ་ཅུང་ཆེ་བའམ་ཡོང་འབབ་ཉུང་དུ་ཆེས་ཆེར་སོང་བས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་ཡོད་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཁྱིམ་ཚང་། གྲོང་གསེབ་ཀྱི་ཉེན་ཅན་ཁང་པའི་འགན་སྲུང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སུ་མ་ཐོབ་པར་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བའི་དབུལ་སྒྲོལ་ཁྱིམ་ཚང་གཞན་དག ལོ་རེའི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་བཀོད་དང་ཡོམ་འགོག་དང་བརྟན་དུ་གཏོང་བའི་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་འདྲ་བ།
5. 农牧区“一孩双女”户困难家庭扶助制度
农牧区只有一个子女或两个女孩或子女死亡现无子女扶助制度。享受补助条件为:本人及配偶均为我区农业户口;1933年1月1日以后出生;现存一个子女或两个女孩或子女死亡现无子女;年满55周岁。资金以个人为单位发放,每人每年补贴960元。(各县区摸底调查公示后,上报至国家计划生育家庭信息管理系统,采取直通车方式直接拨付至个人账户,不经过各级财政卫健系统)。
༥.ཞིང་འབྲོག་ཁུལ་གྱི"ཕྲུ་གུ་གཅིག་ཡང་ན་བུ་མོ་གཉིས"ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས།
ཞིང་འབྲོག་ཁུལ་དུ་ཕྲུ་གུ་གཅིག་གམ་ཡང་ན་བུ་མོ་གཉིས་ཡང་ན་བྱིས་པ་ཚེ་ལས་འདས་ནས་ཕྲུ་གུ་མེད་པ་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས། ཁ་གསབ་རོགས་དངུལ་སྤྲོད་པའི་ཆ་རྐྱེན་ནི་རང་ཉིད་དང་བཟའ་ཟླ་ཚང་མ་རང་ལྗོངས་ཀྱི་ཞིང་ལས་ཁྱིམ་ཐོ་ཡིན་པ་དང་། 1933ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པ། ད་ཡོད་ཕྲུ་གུ་གཅིག་གམ་བུ་མོ་གཉིས་ཡང་ན་བྱིས་པ་ཚེ་ལས་འདས་ནས་ད་ཡོད་ཕྲུ་གུ་མེད་པ་དང་།  རང་ལོ་55སོན་ཡོད་ཅན། མ་དངུལ་མི་སྒེར་སྡེ་ཚན་དུ་བྱས་ནས་མི་རེར་ལོ་རེར་ཁ་གསབ་སྒོར960སྤྲད་པ།   (རྫོང་དང་ཆུས་ཁག་གིས་མཐིལ་རྟོགས་བརྟག་དཔྱད་ཡོངས་བསྒྲགས་བྱས་རྗེས། རྒྱལ་ཁབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཆ་འཕྲིན་དོ་དམ་མ་ལག་ལ་སྙན་སེང་ཞུས་ནས་ཐད་ཀར་མི་སྒེར་གྱི་ཐོ་ཁོངས་སུ་སྤྲོད་པ་ལས། རིམ་པ་ཁག་གི་ནོར་སྲིད་དང་ལུས་ཁམས་བདེ་སྲུང་གི་འཕྲོད་བསྟེན་རྒྱུད་ཁོངས་སུ་མི་བརྒྱུད་པ།)
6. 特殊子女家庭特别扶助制度
对城镇和农村独生子女死亡或伤残家庭后未再生育或领养子女家庭的夫妻实行特别扶助制度。享受补助条件为:(1)1933年1月1日以后出生;(2)女方年满49周岁;(3)只生育一个孩子或合法收养一个子女;(4)现无存活子女或子女被依法鉴定为三级以上残疾的家庭。补助标准为:子女死亡家庭每人每月补贴590元,子女伤残家庭每人每月补贴460元。(各县区摸底调查公示后,上报至农牧区计划生育家庭信息管理系统,国家采取直通车方式直接拨付至个人账户,不经过各级财政卫健系统)。
༦.དམིགས་བསལ་བུ་ཕྲུག་གི་ཁྱིམ་ཚང་ལ་དམིགས་བསལ་གྱི་རོགས་སྐྱོར་ལམ་ལུགས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྲུ་གུ་ཁེར་རྐྱང་ཤི་བའམ་ཡང་ན་རྨས་སྐྱོན་བྱུང་བའི་ཁྱིམ་ཚང་ལ་སླར་ཡང་ཕྲུ་གུ་མ་སྐྱེས་པའམ་ཡང་ན་གསོ་སྐྱོང་བྱས་ཡོད་པའི་ཁྱིམ་ཚང་གི་ཁྱོ་ཤུག་ལ་དམིགས་བསལ་གྱི་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱས་ནས། ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་ནི།   (1) 1933ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པ་དང་།  (2)བུད་མེད་ལོ་ན་49ལ་སོན་པ། (3)ཕྲུ་གུ་གཅིག་ཁོ་ན་སྐྱེས་པའམ་ཡང་ན་བུ་ཕྲུག་གཅིག་ཁྲིམས་མཐུན་ངང་གསོས་པ།  (4)ད་ལྟ་ཕྲུག་གུ་མེད་པའམ་ཡང་ན་བུ་ཕྲུག་རྣམས་ཁྲིམས་ལྟར་རིམ་པ་གསུམ་ཡན་གྱི་དབང་པོ་སྐྱོན་ཅན་ཡིན་པའི་ཁྱིམ་ཚང་དུ་གསལ་འབྱེད་བྱས་ཡོད་པར། ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་ནི་བུ་ཕྲུག་ཤི་བའི་ཁྱིམ་ཚང་ལ་མི་རེར་ཟླ་རེར་ཁ་གསབ་སྒོར་590སྤྲོད་པ་དང་། ཕྲུ་གུར་རྨས་སྐྱོན་བྱུང་བའི་ཁྱིམ་ཚང་གི་མི་རེར་ཟླ་རེར་ཁ་གསབ་སྒོར་460སྤྲོད་དགོས། (རྫོང་དང་ཆུས་ཁག་གིས་མཐིལ་རྟོགས་བརྟག་དཔྱད་ཡོངས་བསྒྲགས་བྱས་རྗེས།  ཞིང་འབྲོག་ཁུལ་གྱི་འཆར་ཡོད་བུ་བཙའི་ཁྱིམ་ཚང་གི་ཆ་འཕྲིན་དོ་དམ་མ་ལག་ལ་སྙན་སེང་ཞུས་ནས་རྒྱལ་ཁབ་ཀྱིས་ཐད་ཀར་མི་སྒེར་གྱི་ཐོ་ཁོངས་ལ་སྤྲོད་པ་ལས་རིམ་པ་ཁག་གི་ནོར་སྲིད་འཕྲོད་བསྟེན་རྒྱུད་ཁོངས་ལ་བརྒྱུད་མི་དགོས། )
7 .“半边户”计划生育家庭奖励扶助制度
为完善农村部分计划生育家庭奖励扶助制度,经国务院同意,从2011年开始,将一方为农村居民、一方为城镇居民的夫妇(简称“半边户”)中符合条件的农村居民一方纳入农村奖励扶助制度。扶助对象条件:没有违反人口与计划生育法规、规章或政策规定生育,1933年1月1日以后出生,年满55周岁,现存一个子女或两个女孩或子女死亡现无子女。“半边户”补助标准为:每人每年960元。
༧."ཐེམ་ཐོ་ཡ་ཆགས་དུད་ཚང"གི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས།
གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ཁག་ཅིག་ལ་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། 2011ལོ་ནས་བཟུང་ཕྱོགས་གཅིག་གྲོང་གསེབ་ཀྱི་སྡོད་དམངས་དང་། ཕྱོགས་གཅིག་གྲོང་ཁྱེར་གྲོང་རྡལ་གྱི་སྡོད་དམངས་ཡིན་པའི་བཟའ་ཟླ(བསྡུས་མིང་ལ" ཐེམ་ཐོ་ཡ་ཆགས་དུད་ཚང ")ཁྲོད་ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་ཡུལ་མི་ཕྱོགས་གཅིག་གྲོང་གསེབ་ཀྱི་བྱ་དགའ་དང་རོགས་སྐྱོར་ལམ་ལུགས་སུ་འཇུག་དགོས།  རོགས་སྐྱོར་བྱ་ཡུལ་གྱི་ཆ་རྐྱེན་ནི་མི་འབོར་དང་འཆར་ལྡན་བུ་བཙའི་སྐོར་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ཡང་ན་སྲིད་ཇུས་ཀྱི་གཏན་འབེབས་དང་མ་འགལ་པ་དང་། 1933ལོའི་ཟླ1ཚེས1ཉིན་ནས་སྐྱེས་པ་དང་། ལོ55ལ་སོན་ཞིང་། ད་ལྟ་བུ་ཕྲུག་གཅིག་ཡང་ན་བུ་མོ་གཉིས་ཡང་ན་བུ་ཕྲུག་ཚེ་ལས་འདས་ནས་བུ་རྒྱུད་མེད་པ། " ཐེམ་ཐོ་ཡ་ཆགས་དུད་ཚང "ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ནི་མི་རེར་ལོ་རེར་སྒོར960ཡིན།
8.农业机械购置补贴
(1)补贴对象:补贴对象为在我市从事农业生产的个人和农业生产经营组织,其中农业生产经营组织是指在我市注册的农村集体经济组织、农牧民专业合作社、农机社会化服务组织、农业企业和其他从事农业生产经营的组织。
(2)补贴范围:西藏自治区2021-2023年农机购置补贴机具种类范围为14大类35个小类103个品目,包括耕整地机械、种植施肥机械、田间管理机械、收获机械、收获后处理机械、农产品初加工机械、农用搬运机械、排灌机械、畜牧机械、农业废弃物利用处理设备、农田基本建设机械、设施农业设备、动力机械、其他机械等。
(3)补贴标准:农机购置补贴实行定额补贴,补贴额由自治区农业农村厅结合《农业部办公厅 财政部办公厅关于在西藏和新疆南疆地区开展差别化农机购置补贴试点的通知》(农办财〔2017〕19号)有关规定,依据同档产品上年市场销售均价测算,并按年度进行调整。一般补贴机具单机中央财政补贴额原则上不超过5万元(不包含提高补贴比例的机具);挤奶机械单机补贴限额不超过12万元;100马力以上拖拉机、高性能青饲料收获机、大型免耕播种机、大型联合收割机、畜禽粪污资源化利用机具单机补贴限额不超过15万元;200马力以上拖拉机单机补贴限额不超过25万元;成套设施装备单套补贴限额不超过60万元。
(4)补贴方式:农机购置补贴政策采取“自主购机、定额补贴、先购后补、县(区)结算、直补到卡(户)”的方式实施。
༨.ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ།
(1)ཁ་གསབ་བྱ་ཡུལ། རང་རེའི་གྲོང་ཁྱེར་དུ་ཞིང་ལས་ཐོན་སྐྱེད་ཀྱི་མི་སྒེར་དང་། ཞིང་ལས་ཐོན་སྐྱེན་གྱི་གཉེར་སྐྱོང་རྩ་འཛུགས་ཞེས་པ་ནི་རང་རེའི་གྲོང་ཁྱེར་དུ་ཐོ་འགོད་བྱས་པའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས། ཞིང་ལས་ཁེ་ལས། དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་རྩ་འཛུགས་གཞན་དག་བཅས་ཡིན།
(2)ཁ་གསབ་ཀྱི་ཁྱབ་ཁོངས། བོད་རང་སྐྱོང་ལྗོངས་2021ལོ་ནས་2023ལོའི་བར་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱི་ རིགས་དང་ཁྱབ་ཁོངས་ནི་རིགས་ཆེ་གྲས་14དང་རིགས་ཆུང་གྲས35། སྣ་ཁ་103བཅས་ཡོད།  རྨོ་ཞིང་འཕྲུལ་ཆས་དང་ འདེབས་འཛུགས་ལུད་སྦྱོར་འཕྲུལ་ཆས། ཞིང་ཚིགས་ལེགས་སྦྱོར་འཕྲུལ་ཆས། རྔ་བསྡུ་འཕྲུལ་ཆས།  རྔ་བསྡུ་རྗེས་ཀྱི་ལས་ཀའི་འཕྲུལ་ཆས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་འཕྲུལ་ཆས།  ཞིང་སྤྱོད་དབོར་འདྲེན་འཕྲུལ་ཆས།  ཆུ་སྦྱོར་འཕྲུལ་ཆས། ཕྱུགས་ལས་འཕྲུལ་ཆས། ཞིང་ལས་ཀྱི་བེད་མེད་དངོས་རོ་བེད་སྤྱོད་སྒྲིག་ཆས། ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་འཕྲུལ་ཆས། སྒྲིག་བཀོད་ཞིང་ལས་ཀྱི་སྒྲིག་ཆས། སྒུལ་ཤུགས་འཕྲུལ་ཆས། འཕྲུལ་ཆས་གཞན་དག་སོགས་ཚུད་ཡོད།
(3)ཁ་གསབ་ཚད་གཞི། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་ལ་བཅད་གྲངས་ཁ་གསབ་ལག་བསྟར་བྱ་རྒྱུ་ཡིན། ཁ་གསབ་དངུལ་གྲངས་ནི་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་《ཞིང་ལས་པུའུ་གཞུང་ལས་ཐིང་དང་ནོར་སྲིད་པུའུ་གཞུང་ལས་ཐིང་གིས་་བོད་ལྗོངས་དང་ཞིན་ཅང་ལྷོ་རྒྱུད་ས་ཁུལ་དུ་ཁྱད་པར་ཅན་གྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཚོད་ལྟ་བྱེད་གནས་སྤེལ་བའི་སྐོར་གྱི་བརྡ་ཐོ།》(ཞིང་ལས་གཞུང་ལས་ཁང་གི་ནོར་དོན་ཡིག་ཨང〔2017〕ཡིག་ཨང་19པ། )འབྲེལ་ཡོད་གཏན་འབེབསདང་ཟུང་འབྲེལ་བྱས་ནས། རིམ་པ་གཅིག་པའི་ཐོན་རྫས་ལོ་གོང་མའི་ཚོང་རར་བྲིན་ཚོང་བྱེད་ཚད་ཆ་སྙོམས་ཀྱི་ཚད་ལེན་ཞིབ་རྩིས་གཞི་བཟུང་སྟེ། ལོ་འཁོར་ལྟར་ལེགས་སྒྲིག་བྱེད་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱི་སྤྱིར་བཏང་གི་ཁ་གསབ་འཕྲུལ་ཆས་ཀྱི་འཕྲུལ་ཆས་རྐྱང་པའི་ཁ་གསབ་དངུལ་གྲངས་དེ་རྩ་དོན་ཐོག་སྒོར་ཁྲི5ལས་བརྒལ་མི་ཆོག(ཁ་གསབ་རོགས་དངུལ་གྱི་བསྡུར་ཚད་མཐོ་རུ་གཏོང་བའི་འཕྲུལ་ཆས་ཚུད་མེད)། འོ་མ་བཞོ་བའི་འཕྲུལ་ཆས་རྐྱང་པའི་ཁ་གསབ་བཅད་གྲངས་སྒོར་ཁྲི12ལས་མི་བརྒལ་པ། རྟ་ཤུགས་100ཡན་གྱི་འདྲུད་འཐེན་འཁོར་ལོ་དང་ནུས་ཆེའི་གཟན་རྩྭ་བརྔ་བསྡུ་འཕྲུལ་འཁོར། རྨོ་འདེབས་འཕྲུལ་འཁོར་ཆེ་གྲས། ལོ་བརྔ་མཉམ་བསྡུ་འཕྲུལ་འཁོར་ཆེ་གྲས། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་རྫས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་འཕྲུལ་ཆས་རྐྱང་པའི་ཁ་གསབ་བཅད་གྲངས་སྒོར་ཁྲི་15ལས་མི་བརྒལ་བ། རྟ་ཤུགས200ཡན་གྱི་འདྲུད་འཐེན་འཁོར་ལོའི་ཁ་གསབ་ཚད་གྲངས་སྒོར་ཁྲི25ལས་མི་བརྒལ་བ།  སྒྲིག་བཀོད་སྒྲིག་ཆས་ཆ་ཚང་ཁ་གསབ་ཀྱི་བཅད་གྲངས་སྒོར་ཁྲི60ལས་མི་བརྒལ་བ།
(4)གསབ་དངུལ་སྤྲོད་སྟངས། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ཀྱིས་"རང་འགུལ་ཉོ་སྒྲུབ་འཕྲུལ་འཁོར་དང་བཅད་གྲངས་ཁ་གསབ། སྔོན་ཉོ་རྗེས་གསབ། རྫོང(ཆུས)ནས་བསྡོམས་རྩིས་རྒྱག་པ། ཁ་གསབ་མ་དངུལ་ཐད་ཀར་དངུལ་བྱང་དུ་རྒྱག་པ་བཅས་ཀྱི་སྤྲོད་སྟངས་ལག་བསྟར་བྱ་དགོས།
9.农业支持保护补贴
2016年起,将农作物良种补贴、种粮农民直接补贴和农资综合补贴合并为农业支持保护补贴,政策目标调整为耕地地力提升和农作物良种繁育与推广。2021年起,通过“一卡通”方式将补贴资金直接兑现给种植粮食的生产者手中,具体补助标准由各地市自行确定,并将具体补贴标准向自治区报备。
我市补助标准:
(1)补贴对象:全市统计部门已核准粮食种植面积内的种植农户,原则上为拥有耕地承包权的种地农牧民。
(2)补贴内容:扶持农牧民群众大力积造农家肥,购置、增施商品有机肥;鼓励利用冬播作物收获后,大力开展复种养地工作。
(3)补贴标准:每年度具体补贴标准结合自治区下达资金额度、统计部门上年粮食种植面积等情况综合测算。2023年度我市按照统计部门上年粮食种植面积测算,补贴标准约为53.3元/亩。
(4)补贴发放:由县(区)财政局、农业农村局根据本县(区)核实的补贴面积,通过“财政一体化系统”直接发放到种地农牧民手中。
༩. ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ཁ་གསབ།
2016ལོ་ནས་བཟུང་། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁ་གསབ་དང་འབྲུ་རིགས་འདེབས་མཁན་ཞིང་པར་ཐད་ཀར་ཁ་གསབ། ཞིང་ལས་རྒྱུ་ཆ་ཕྱོགས་བསྡུས་ཀྱི་ཁ་གསབ་བཅས་ཟླ་སྒྲིལ་བཏང་ནས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ཁ་གསབ་ཏུ་སྒྱུར། ཆབ་སྲིད་ཀྱི་དམིགས་ཚད་དེ་རྨོ་ཞིང་ས་གཤིས་མཐོར་གཏོང་དང་འབྲུ་རིགས་སོན་བཟང་གསོ་སྤེལ་གྱི་ཐད་དུ་ལེགས་སྒྲིག་བྱེད་དགོས།
2021ལོ་ནས་བཟུང་། "གྰ་གཅིག་ཀུན་འཐུས"ཀྱི་བྱེད་ཐབས་ལ་བརྟེན་ནས། ཁ་གསབ་མ་དངུལ་དེ་འབྲུ་རིགས་འདེབས་འཛུགས་བྱེད་མཁན་གྱི་ལག་ཏུ་ཐད་ཀར་འཛིན་སྤྲོད་བྱ་རྒྱུ། བྱེ་བྲག་གི་ཁ་གསབ་ཚད་གཞི་ནི་ས་ཁུལ་དང་གྲོང་ཁྱེར་སོ་སོ་ནས་གཏན་འབེབས་བྱས་ནས། བྱེ་བྲག་གི་ཁ་གསབ་ཚད་གཞི་དེ་རང་སྐྱོང་ལྗོངས་ལ་སྙན་གསེང་ཞུ་དགོས།
ངེད་གྲོང་ཁྱེར་གྱི་ཁ་གསབ་ཚད་གཞི་གཤམ་གསལ།
(1)ཁ་གསབ་བྱ་ཡུལ། གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་སྡེ་ཁག་གིས་འབྲུ་རིགས་འདེབས་ཁྱོན་ནང་གི་འདེབས་འཛུགས་ཞིང་དུད་ལ་ཞིབ་བཤེར་ཆོག་མཆན་ཐོབ་པའི་འདེབས་འཛུགས་དུད་ཁྱིམ་དང་། རྩ་དོན་ཐོག་རྨོ་ཞིང་འགན་གཙང་ལེན་དབང་ཡོད་པའི་འདེབས་འཛུགས་ཞིང་འབྲོག་མང་ཚོགས།
(2)ཁ་གསབ་ཀྱི་ནང་དོན།  ཞིང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་ཞིང་པའི་ཁྱིམ་ལུད་གསོག་འཇོག་ཤུགས་ཆེན་བྱེད་པ་དང་།  ཚོང་ཟོག་གི་སྐྱེ་ལྡན་ལུད་རྫས་ཉོ་སྒྲུབ་དང་འཕར་སྣོན་བྱེད་པར་བསྔགས་སྐུལ་བྱ་དགོས། དགུན་རྨོ་འབྲུ་རིགས་བསྡུ་ལེན་བྱས་རྗེས། བསྐྱར་རྨོ་ས་གསོའི་ལས་དོན་གང་ལེགས་སྤེལ་བར་སྐུལ་འདེད་གཏོང་དགོས།
(3) ཁ་གསབ་ཀྱི་ཚད་གཞི། ལོ་རེའི་ཁ་གསབ་ཚད་གཞི་ཞིབ་ཕྲ་དེ་རང་སྐྱོང་ལྗོངས་ཀྱིས་མ་དངུལ་གྱི་གྲངས་ཚད་དང་བསྡོམས་རྩིས་སྡེ་ཁག་གི་ལོ་གོང་མའི་འབྲུ་རིགས་འདེབས་ཁྱོན་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་ཚད་ལེན་དང་ཟུང་འབྲེལ་བྱ་དགོས།  2023ལོའི་ལོ་འཁོར་ལ་རང་རེའི་གྲོང་ཁྱེར་གྱི་བསྡོམས་རྩིས་སྡེ་ཁག་གིས་ལོ་གོང་མའི་འབྲུ་རིགས་འདེབས་ཁྱོན་ལ་གཞིགས་ཏེ་ཁ་གསབ་ཚད་གཞི་ཕལ་ཆེར་མུའུ་རེར་སྒོར53.3ཡིན།
(4)གསབ་དངུལ་སྤྲོད་སྟངས། རྫོང་(ཆུས)ནོར་སྲིད་ཅུད་དང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་རྫོང་ (ཆུས་)ཀྱིས་ཞིབ་དཔྱད་བྱས་པའི་ཁ་གསབ་རྒྱ་ཁྱོན་ལ་གཞིགས་ནས"ནོར་སྲིད་གཞི་གཅིག་ཅན་གྱི་མ་ལག"བརྒྱུད་དེ་ཐད་ཀར་ཞིང་འབྲོག་པར་སྤྲོད་རྒྱུ།
10.畜牧良种补贴
(1)奶牛良种补贴:每头使用冻精2剂,每剂补贴30元;配种员劳务补贴、电子耳标、输精器械损耗、液氮费、建档立卡等费用每头补助90元。
(2)绵羊、山羊良种补贴:每只种公羊一次性补贴1200元。
(3)牦牛良种补贴:每头牦牛种公牛一次性补贴4000元。
༡༠.ཕྱུགས་ལས་སོན་བཟང་གི་ཁ་གསབ།
(1)བཞོན་མའི་རྒྱུད་བཟང་གི་ཁ་གསབ། བཞོན་མ་རེ་ལ་སྨན་ཁབ2བཀོད་སྒྲིག་བྱས་ཏེ། སྨན་ཁབ་རེར་ཁ་གསབ་སྒོར་30ཡིན། ཁབ་རྒྱག་མཁན་མི་སྣར་ངལ་ལས་ཁ་གསབ་དང་། གློག་རྡུལ་རྣ་བའི་རྟགས་མཚན།  ཁབ་ཆས་ཟད་གྲོན། འཁྱག་རྫས་ཏཱན་གྱི་འགྲོ་གྲོན། ཡིག་ཚགས་དང་བྱང་བུ་བཟོ་བ་སོགས་ཀྱི་འགྲོ་གྲོན་སྒོར་90ཁ་གསབ་ཡོད།
(2)ལུག་དང་རའི་རྒྱུད་བཟང་གི་ཁ་གསབ་རོགས་དངུལ། ལུག་ཐུག་རེར་ཐེངས་རེར་ཁ་གསབ་སྒོར་1200ཡོད།
(3)འབྲི་གཡག་གི་རྒྱུད་བཟང་ཁ་གསབ། གཡག་ཐུག་རེར་ཐེངས་རེར་ཁ་གསབ་སྒོར4000ཡིན།
11.国家奖学金
奖励优秀大二及以上全日制在校学生(含高职),由学生向所在学校申请,标准为每生每年8000元。
༡༡. རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ།
ཕུལ་བྱུང་སློབ་ཆེན་ལོ་རིམ་གཉིས་པ་དང་གཉིས་པ་ཡན་གྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མར(མཐོ་རིམ་ལས་རིགས་སློབ་མ)བྱ་དགའ་སྤྲོད་རྒྱུ། སློབ་མས་རང་ཉིད་གནས་སའི་སློབ་གྲྭར་རེ་འདུན་ཞུ་རྒྱུ་དང་།  ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར8000ཡིན།
12.国家励志奖学金
奖励资助品学兼优的大二及以上全日制家庭经济困难学生(含高职),由学生向所在学校申请,标准为每生每年5000元。
༡༢. རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་མ་དངུལ།
སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཆེན་ལོ་རིམ་གཉིས་པ་དང་གཉིས་པ་ཡན་གྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར(མཐོ་རིམ་ལས་རིགས་སློབ་གྲྭ་ཚུད་པ)བྱ་དགའ་སྤྲོད་རྒྱུ། སློབ་མས་རང་ཉིད་གནས་སའི་སློབ་གྲྭར་རེ་འདུན་ཞུ་རྒྱུ་དང་། ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་5000ཡིན།
13.国家助学金
用于资助家庭经济困难的全日制普通本专科在校学生(含高职、第二学士学位),由学生向所在学校申请,每生每年3000元。
༡༣. རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ།
ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མར(མཐོ་རིམ་ལས་རིགས་སློབ་གྲྭ་དང་ཤེས་རམས་པའི་སློབ་གནས་གཉིས་པ་ཚུད་པ)རོགས་དངུལ་སྤྲོད་རྒྱུ། སློབ་མས་གནས་ཡུལ་དེ་གའི་སློབ་གྲྭར་རེ་ཞུ་བྱེད་དགོས་པ་དང་། སློབ་མ་རེར་ལོ་རེར་སྒོར་3000སྤྲོད་རྒྱུ།
14.科技特派员生活补贴
2021年起,自治区本级不再安排农牧民科技特派员补助资金,由各地市负责农牧民科技特派员各项管理工作并承担补助资金。对经科技特派员办公室选聘的农牧民科技特派员(全市共2180人),考核结果为“合格”的,每年一次性补助6000元(地市承担50%,各县承担50%)。
༡༤. ཚན་རྩལ་ཆེད་མངགས་པའི་འཚོ་བའི་ཁ་གསབ།
2021ལོ་ནས་བཟུང་རང་སྐྱོང་ལྗོངས་རིམ་པ་ཁག་གིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཁ་གསབ་མ་དངུལ་བཀོད་སྒྲིག་མི་བྱེད་པར་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་དོ་དམ་ལས་དོན་ཁག་གི་འགན་འཁུར་བ་དང་ཁ་གསབ་མ་དངུལ་ཡང་འགན་འཁུར་རྒྱུ། ཚན་རྩལ་ཆེད་མངགས་པའི་གཞུང་ལས་ཁང་གིས་གདམ་གསེས་གདན་ཞུ་བྱས་པའི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པར(གྲོང་ཁྱེར་ཡོངས་ལ་ཁྱོན་མི་2180ཡོད)དཔྱད་ཞིབ་བྱས་འབྲས་ནི“ཚད་ལོན”ཡིན་པ་དང་ལོ་ལྟར་ཐེངས་གཅིག་ཁ་གསབ་སྒོར་6000སྤྲོད་ཀྱི་ཡོད། (ས་ཁུལ་དང་གྲོང་ཁྱེར་གྱིས་50% དང་རྫོང་ཁག་གིས་50%འགན་འཁུར་རྒྱུ)
15.优抚对象等人员抚恤和生活补助
根据退役军人事务部、财政部《关于调整部分优抚对象等人员抚恤和生活补助标准的通知》(退役军人部发〔2022〕64号),从2022年8月1日起调整部分优抚对象等人员抚恤和生活补助标准。
(1)残疾军人、伤残人民警察、伤残预备役人员和伤残民兵民工、其他因公伤残人员残疾抚恤金按照残疾等级分为十级,最低10850元/年,最高116270元/年。
(2)烈属、因公牺牲军人遗属、病故军人遗属定期抚恤金标准分别为36910、31410、29280元/年。
(3)在乡退伍红军老战士、在乡西路军红军老战士、红军失散人员生活补助标准分别为80620、80620、36370元/年。
(4)在乡复员军人生活补助标准在现行补助标准的基础上每人每月提高150元。
(5)带病回乡退役军人生活补助标准调整为每人每月600元。
(6)在农村和城镇无工作单位且家庭生活困难的参战退役军人生活补助标准提高至每人每月800元(中央财政补助标准640元)。
(7)对不符合评残和享受带病回乡退役军人生活补助条件但患病或生活困难的农村和城镇无工作单位的原8023部队退役军人以及其他参加核试验军人退役人员(含参与铀矿开采军人退役人员)提高生活补助标准至每人每月800元(中央财政补助标准640元)。
(8)对居住在农村和城镇无工作单位、18周岁之前没有享受过定期抚恤金待遇且年满60周岁的烈士子女(含建国前错杀后被平反人员的子女)提高生活补助标准至每人每月645元。
(9)对从1954年11月1日试行义务兵役制后至《退役士兵安置条例》施行前入伍、年龄在60周岁以上(含60周岁)、未享受到国家定期抚恤补助的农村籍退役士兵提高老年生活补助标准,每服一年义务兵役每人每月补助提高至54元。
༡༥. གཟིགས་སྐྱོང་བྱ་ཡུལ་སོགས་ཀྱི་མི་སྣའི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ།
དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་དང་ནོར་སྲིད་པུས《གཟིགས་སྐྱོང་བྱ་ཡུལ་ཁག་གཅིག་སོགས་ཀྱི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(དམག་ཞབས་ཐིམས་པའི་དམག་མི་པུའུ་ཡིས་འགྲེམས་སྤེལ་བྱས་པའི(2022)ཡིག་ཨང་64པ)ལ་གཞིགས་ནས། 2022ལོའི་ཟླ་8ཚེས་1ཉིན་ནས་བཟུང་། གཟིགས་སྐྱོང་བྱ་ཡུལ་ཁག་གཅིག་སོགས་མི་སྣའི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱེད་རྒྱུ།
(1)དབང་པོ་སྐྱོན་ཅན་གྱི་དམག་མི་དང་རྨས་སྐྱོན་བྱུང་བའི་མི་དམངས་ཉེན་རྟོག་པ། རྨས་སྐྱོན་བྱུང་ཡོད་པའི་གྲ་སྒྲིག་དམག་ཞབས་མི་སྣ། རྨས་སྐྱོན་བྱུང་བའི་ཡུལ་དམག་དང་ལས་བཟོ་བ། གཞུང་དོན་དུ་རྨས་སྐྱོན་བྱུང་བའི་མི་སྣར་དབང་པོ་སྐྱོན་ཅན་གྱི་འཆི་གོད་གྱོང་གསབ་རོགས་དངུལ་ནི་དབང་པོ་སྐྱོན་ཅན་གྱི་རིམ་པ་ལྟར་རིགས་བཅུ་ལ་དབྱེ་རྒྱུ། ལོ་རེར་དམའ་ཤོས་སྒོར་10850ཡིན་པ་དང་ལོ་རེར་མཐོ་ཤོས་སྒོར་116270ཡིན།
(2)སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་གཞུང་དོན་དུ་སྐུ་གཤེགས་པའི་དམག་མིའི་ཁྱིམ་མི། ནད་ཀྱིས་གྲོངས་པའི་དམག་མིའི་ཁྱིམ་མི་བཅས་ཀྱི་དུས་བཀག་འཆི་གོད་གྱོང་གསབ་རོགས་དངུལ་གྱི་ཚད་གཞི་ནི་སོ་སོ་ལོ་རེར་སྒོར་36910དང་31410། 29280བཅས་ཡིན།
(3)ཕ་ཡུལ་དུ་ཡོད་པའི་དམག་ཞབས་ཐིམ་པའི་དམར་དམག་འཐབ་འཛིང་པ་རྒན་གྲས་དང་ཕ་ཡུལ་དུ་ཡོད་པའི་ནུབ་ལམ་དམག་དཔུང་གི་དམར་དམག་འཐབ་འཛིང་པ་རྒན་གྲས། དམར་དམག་ཁ་ཐོར་དུ་སོང་བའི་མི་སྣ་བཅས་ལ་འཚོ་བའི་ཁ་གསབ་ཚད་གཞི་ནི་སོ་སོ་ལོ་རེར་སྒོར་80620དང་80620།  36370བཅས་ཡིན།
(4)ཕ་ཡུལ་དུ་ཡོད་པའི་ཕྱིར་ལོག་དམག་མིའི་འཚོ་བའི་ཁ་གསབ་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁ་གསབ་ཚད་གཞིའི་རྨང་གཞིའི་ཐོག་མི་རེར་ཟླ་རེར་སྒོར་150མཐོ་རུ་བཏང་ཡོད།
(5)ནད་གཞི་ཕོག་ནས་ཕ་ཡུལ་དུ་ལོག་པའི་དམག་ཞབས་ཐིམས་པའི་དམག་མིའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་600བར་ལེགས་སྒྲིག་བྱས་ཡོད།
(6)གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དུ་ལས་ཀ་མེད་པ་དང་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་འཐབ་ཞུགས་དམག་ཞབས་ཐིམ་པའི་དམག་མིའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་800 བར་མཐོ་རུ་བཏང་ཡོད།(ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སྒོར་640ཡིན)
(7)དབང་པོ་སྐྱོན་ཅན་ལ་དཔྱད་བསྡུར་བྱེད་པ་དང་ནད་གཞི་ཕོག་ནས་ཕ་ཡུལ་དུ་ལོག་པའི་དམག་ཞབས་ཐིམས་པའི་དམག་མིའི་འཚོ་བའི་ཁ་གསབ་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་མ་འཛོམས་ཀྱང་། ནད་གཞི་ཡོད་པའམ་ཡང་ན་འཚོ་བར་དཀའ་ངལ་ཡོད་པའི་གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དུ་ལས་ཀ་མེད་པའི་ལས་ཁུངས་ཀྱི་དེ་སྔའི་8023དཔུང་སྡེའི་དམག་ཞབས་ཐིམ་པའི་དམག་མི་དང་དེ་བཞིན་ཉིང་རྡུལ་ཚོད་ལྟ་བྱས་པའི་དམག་ཞབས་ཐིམས་པའི་དམག་མི་གཞན་དག(ཡིའུ་གཏེར་སྔོག་འདོན་ནང་ཞུགས་པའི་དམག་མི་ཚུད་)གི་འཚོ་བའི་ཁ་གསབ་ཚད་གཞི་དེ་ མི་རེར་ཟླ་རེར་སྒོར་800བར་མཐོ་རུ་བཏང་ཡོད།(ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སྒོར་640 ཡིན)
(8)གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དུ་ལས་ཀ་བྱེད་སའི་ལས་ཁུངས་མེད་པ་དང་། ལོ་18ལ་མ་སོན་པའི་སྔོན་དུ་དུས་བཅད་འཆི་གོད་གྱོང་གསབ་རོགས་དངུལ་ལོངས་སྤྱོད་བྱེད་མྱོང་མེད་པ་མ་ཟད། ལོ་ན་60ལ་སོན་པའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག(རྒྱལ་ཁབ་མ་བཙུགས་གོང་གསོད་ནོར་ཤོར་རྗེས་ཀྱི་དཀར་འདོན་བྱས་པའི་བུ་ཕྲུག་ཚུད་)བཅས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་645བར་བཏང་ཡོད། 
(9)1954ལོའི་ཟླ་11ཚེས་1ཉིན་འོས་འགན་དམག་ཞབས་ལམ་ལུགས་ཚོད་ལྟ་ལག་བསྟར་བྱས་པ་ནས། 《དམག་ཞབས་ཐིམ་པའི་དམག་མིའི་བཀོད་སྒྲིག་སྲོལ་ཡིག》ལག་བསྟར་མ་བྱས་གོང་གི་བར་གྱི་དམག་ཞུགས་མི་སྣ་ལོ་གྲངས་60ཡན་(ལོ་60ཚུད་པ)དང་། རྒྱལ་ཁབ་ཀྱི་དུས་བཀག་འཆི་གོད་གྱོང་གསབ་རོགས་དངུལ་མ་ཐོབ་པའི་གྲོང་གསེབ་ཀྱི་དམག་ཞབས་ཐིམ་པའི་དམག་མི་ལ་རྒན་རྒོན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ཡོད་དེ། ལོ་རེར་འོས་འགན་དམག་ཞབས་ཞུ་བའི་དམག་མི་རེ་ལ་ཟླ་རེར་ཁ་གསབ་སྒོར་54བར་མཐོ་རུ་བཏང་ཡོད།
16.老年人健康补贴
根据自治区财政厅、自治区卫健委《关于提高高龄老人健康补贴标准的通知》(藏财社〔2023〕13号),从2023年1月1日起,高龄老人健康补贴标准提高500元,对百岁以上的老年人,每人每年发放不低于1500元的健康补贴;对90至99周岁的老年人,每人每年发放不低于1200元的健康补贴;对80至89周岁的老年人,每人每年发放不低于1000元的健康补贴。
༡༦.རྒན་འཁོགས་ཀྱི་བདེ་ཐང་ཁ་གསབ།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་《ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ནོར་སྤྱི་〔2023〕ཡིག་ཨང་13པ། )ལ་གཞི་བཟུང་ནས་2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་སྒོར་500མཐོ་རུ་གཏོང་རྒྱུ་དང་། ལོ་བརྒྱ་ཡན་ཟིན་པའི་རྒན་འཁོགས་ལ་མི་རེར་ལོ་རེར་བདེ་ཐང་ཁ་གསབ་སྒོར་1500ལས་མི་དམའ་བ་དང་། ལོ་ན་90ནས་99བར་གྱི་རྒན་འཁོགས་ལ་ལོ་རེར་སྒོར་1200ལས་མི་དམའ་བའི་བདེ་ཐང་གི་ཁ་གསབ་སྤྲོད་རྒྱུ། ལོ་ན80ནས89བར་ཡིན་པའི་རྒན་འཁོགས་ལ་མི་རེར་ལོ་རེར་བདེ་ཐང་གི་ཁ་གསབ་སྒོར1000ལས་མི་དམའ་བ་སྤྲོད་རྒྱུ།
17.经济困难、高龄、失能等老年人补贴
经济困难的高龄失能等老年人补贴制度,补贴范围:(1)低保家庭中70周岁以上的老年人;(2)低保家庭中60周岁以上70周岁以下(含70周岁)的失能老人。补贴标准:每人每月50元。
༡༧.དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་ལོ་ན་མཐོ་བ། རང་རྐྱ་མི་ཐུབ་པའི་རྒན་འཁོགས་ཀྱི་ཁ་གསབ།
དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་རྐྱ་མི་ཐུབ་པའི་རྒན་འཁོགས་ཀྱི་ཁ་གསབ་སྤྲོད་པའི་ལམ་ལུགས་དང་ཁ་གསབ་ཀྱི་ཁྱབ་ཁོངས། (1)མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་གི་ལོ་ན70ཡན་ལོན་པའི་རྒན་འཁོགས། (2)མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་ཁྲོད་ལོ60ཡན་ནས་ལོ70མན་གྱི(ལོ70ནང་དུ་ཚུད་པ།)རང་རྐྱ་མི་ཐུབ་པའི་རྒན་འཁོགས། ཁ་གསབ་ཀྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་50ཡིན།
18.农牧区“三老”人员生活补贴
2023年1月1日起,提高“三老”人员生活补贴标准,提标后标准如下:
老党员:(1)1959年3月20日(含)前入党的农牧民(未享受离退休待遇的社区居民)党员每月补助1050元。(2)1959年3月21日至1965年8月31日(含)入党的农牧民(未享受离退休待遇的社区居民)党员每月补助850元。(3)1965年9月1日以后入党,党龄满30年,年满60周岁的农牧民(未享受离退休待遇的社区居民)党员每月补助750元。(4)1965年9月1日以后入党,党龄满30年,年满60周岁农牧民(未享受离退休待遇的社区居民)党员,且1987年后担任村干部连续或累计满10年,目前不再担任村干部、未领取生活补助的农牧民(社区居民)党员每月补助800元。
老干部党员:(1)1965年8月31日(含)前担任乡(镇)半脱产干部满1年时间,目前不再担任村干部、未领取月生活补助费的农牧民(社区居民)党员每月补助950元。(2)1965年9月1日-1987年撤区并乡期间担任乡(镇)半脱产干部连续或累计满10年、年满60周岁,目前不再担任村干部、未领取月生活补助费的农牧民(社区居民)党员每月补助850元。
老模范党员:(1)曾获得国家级荣誉称号,年满60周岁的农牧民(未享受离退休待遇的社区居民)党员每月补助850元。(2)曾获得省部级荣誉称号,年满60周岁的农牧民(未享受离退休待遇的社区居民)党员每月补助750元。
老干部群众:(1)1965年8月31日(含)前担任乡(镇)半脱产干部满1年时间,目前不再担任村干部、未领取月生活补助费的农牧民(社区居民)每月补助730元。(2)1965年9月1日-1987年撤区并乡期间担任乡(镇)半脱产干部连续或累计满10年、年满60周岁,目前不再担任村干部、未领取月生活补助费的农牧民(社区居民)每月补助680元。

老模范群众:(1)曾获得国家级荣誉称号,年满60周岁的农牧民(未享受离退休待遇的社区居民)每月补助730元。(2)曾获得省部级荣誉称号,年满60周岁的农牧民(未享受离退休待遇的社区居民)每月补助680元。
༡༨.ཞིང་འབྲོག་ཁུལ་གྱི"རྒན་གྲས་གསུམ་"གྱི་མི་སྣའི་འཚོ་བའི་ཁ་གསབ།
2023ལོའི་ཟླ1ཚེས1ཉིན་ནས་བཟུང་"རྒན་གྲས་གསུམ"མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བའི་ཚད་གཞི་གཤམ་གསལ་ལྟར།
ཏང་ཡོན་རྒན་གྲས།(1)1959ལོའི་ཟླ་3ཚེས་20ཉིན(ཚུད)སྔོན་ལ་ཏང་ནང་ཞུགས་པའི་ཞིང་འབྲོག་པ་(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་མ་སྤྱད་པའི་སྡེ་ཁུལ་གྱི་གྲོང་མི་)ཏང་ཡོན་རེར་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་1050སྤྲོད་རྒྱུ། (2) 1959ལོའི་ཟླ3ཚེས་21ཉིན་ནས1965ལོའི་ཟླ8ཚེས31ཉིན(ཚུད)བར་ཏང་ནང་ཞུགས་པའི་ཞིང་འབྲོག་པ(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་མ་སྤྱད་པའི་སྡེ་ཁུལ་གྱི་གྲོང་མི།)ཏང་ཡོན་རེར་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་850སྤྲོད་རྒྱུ། (3) 1965ལོའི་ཟླ9ཚེས1ཉིན་གྱི་རྗེས་སུ་ཏང་ནང་ཞུགས་ནས་ལོ30ལོན་ཞིང་།ལོ60ལ་སོན་པའི་ཞིང་འབྲོག་པ(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་མ་སྤྱད་པའི་སྡེ་ཁུལ་གྱི་གྲོང་མི)ཏང་ཡོན་ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར750སྤྲོད་རྒྱུ།(4)1965ལོའི་ཟླ་9ཚེས་1ཉིན་ནས་བཟུང་ཏང་ནང་ཞུགས་ནས་ལོ་30ལོན་ཞིང་། རང་ལོ60ལ་སོན་པའི་ཞིང་འབྲོག་པ་(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་མ་སྤྱད་པའི་སྡེ་ཁུལ་གྱི་གྲོང་མི་)ཏང་ཡོན་ཡིན་པ་མ་ཟད།1987ལོའི་རྗེས་སུ་གྲོང་ཚོའི་ལས་བྱེད་པ་འགན་བསྟུད་མར་འཁུར་བའམ་ཡང་ན་རིམ་རྩིས་བྱས་ན་ལོ10ལ་འགན་ཁུར་བ། མིག་སྔར་གྲོང་ཚོའི་ལས་བྱེད་ཀྱི་འགན་མི་འཁུར་པ་དང་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པ་(སྡེ་ཁུལ་སྡོད་དམངས་)ཏང་ཡོན་ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་800སྤྲོད་རྒྱུ།
ལས་བྱེད་པ་ཏང་ཡོན་རྒན་གྲས། (1)1965ལོའི་ཟླ་8ཚེས་31ཉིན་གྱི་(ཚུད)སྔོན་ལ་ཤང་(གྲོང་རྡལ་)ཕྱེད་ལས་བྱེད་པའི་གོ་གནས་འགན་ལོ1འཁུར་བ། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མེད་པ་དང་། ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པའི་(སྡེ་ཁུལ་སྡོད་དམངས་)ཏང་ཡོན་ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་950སྤྲོད་རྒྱུ།(2)1965ལོའི་ཟླ9ཚེས1ཉིན་ནས1987ལོའི་བར་ཆུས་ཤང་དུ་བསྡུ་སྐབས། ཤང་(གྲོང་རྡལ་)ཕྱེད་ ལས་བྱེད་པའི་འགན་བསྟུད་མར་འཁུར་བའམ་ཡང་ན་ལོ་10ཟིན་ཞིང་། ལོ་གྲངས་60ལོན་ཡོད་པ། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མེད་པ་དང་། ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པ་(སྡེ་ཁུལ་སྡོད་དམངས་)ཏང་ཡོན་ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་850སྤྲོད་རྒྱུ།
དཔེ་བཟང་ཅན་གྱི་ཏང་ཡོན་རྒན་གྲས། (1)རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཞིང་། ལོ་ན60ལ་སོན་པའི་ཞིང་འབྲོག་པ་(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་མེད་པའི་སྡེ་ཁུལ་གྱི་གྲོང་མི)ཏང་ཡོན་ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་850སྤྲོད་རྒྱུ། (2)དེ་སྔོན་ཞིང་ཆེན་དང་པུའུ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཞིང་། ལོ་ན་60ལ་སོན་པའི་ཞིང་འབྲོག་པའི་(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱད་མེད་པའི་སྡེ་ཁུལ་གྱི་གྲོང་མི་)ཏང་ཡོན་ལ་ཟླ་རེར་རོགས་དངུལ་སྒོར750སྤྲོད་རྒྱུ།
ལས་བྱེད་པ་རྒན་གྲས་ཀྱི་མང་ཚོགས། (1)1965ལོའི་ཟླ8ཚེས31ཉིན་གྱི་(ཚུད)སྔོན་ལ་ཤང་(གྲོང་བརྡལ་)དང་ཕྱེད་ལས་བྱེད་པའི་འགན་ཁུར་ནས་ལོ་1ལོན་པ། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མེད་པ་དང་། ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པ་(སྡེ་ཁུལ་སྡོད་དམངས་)ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་730སྤྲོད་རྒྱུ། (2)1965ལོའི་ཟླ9ཚེས1ཉིན་ནས1987ལོའི་བར་ཆུས་ཤང་དུ་བསྡུ་སྐབས། ཤང་(གྲོང་བརྡལ)ཕྱེད་ལས་བྱེད་པའི་འགན་བསྟུད་མར་འཁུར་བའམ་ཡང་ན་རིམ་རྩིས་བྱས་ན་ལོ10ཡིན་ཞིང་། ལོ་གྲངས་60ལ་ལོན་ཡོད་པ་དང་། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་མི་ཁུར་བ། ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པ་(སྡེ་ཁུལ་སྡོད་དམངས་)ལ་ཟླ་རེར་ཁ་གསབ་རོགས་དངུལ་སྒོར680སྤྲོད་རྒྱུ།
དཔེ་བཟང་མང་ཚོགས་རྒན་གྲས།(1)དེ་སྔོན་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་དང་རང་ལོ་60སོན་པའི་ཞིང་འབྲོག་པ་(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་མེད་པའི་སྡེ་ཁུལ་གྱི་གྲོང་མི།)ལ་ཟླ་རེར་ཁ་གསབ་སྒོར730སྤྲོད་རྒྱུ།(2)དེ་སྔོན་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་དང་རང་ལོ་60ལ་སོན་པའི་ཞིང་འབྲོག་པ(ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་མེད་པའི་སྡེ་ཁུལ་གྱི་གྲོང་མི།)ལ་ཟླ་རེར་ཁ་གསབ་སྒོར་680སྤྲོད་རྒྱུ།

19.重点公益林管护人员经费
已纳入国有林(非国有林),执行标准参考直接补贴第31项。
༡༩.གཙོ་གནད་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་མི་སྣའི་འགྲོ་སོང་།
རྒྱལ་ཁབ་ལ་དབང་བའི་ནགས་ཚལ(རྒྱལ་ཁབ་ལ་དབང་བ་མིན་པའི་ནགས་ཚལ)ནང་བཅུག་ཟིན་པ་དང་། ལག་བསྟར་ཚད་གཞི་དེ་ཐད་ཀར་ཁ་གསབ་བྱེད་པའི་རྣམ་གྲངས31པ་ལ་གཟིགས།
20.退耕还林还草工程政策补助
新一轮退耕还林还草补助期和标准为:退耕还林每亩退耕地补助1200元,五年内分三次下达,第一年500元,第三年300元,第五年400元;退耕还草每亩退耕地补助850元,三年内分两次下达,第一年450元,第三年400元。    
新一轮退耕还林还草延长期补助期限和标准为:退耕还林每亩退耕地补助,分五年下达,每年100元;退耕还草每亩退耕地补助300元,分三年下达,每年100元。上一轮政策到期退耕还生态林抚育每亩退耕地补助100元,自政策到期次年分五次下达,每年20元。
༢༠.རྨོ་སྐྱུར་ནགས་གསོ་རྩྭ་འདེབས་ལས་གྲྭའི་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ།
རེས་འཁོར་གསར་པའི་རྨོ་སྐྱུར་ནགས་གསོ་རྩྭ་འདེབས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཡུན་དང་ཚད་གཞི་ནི་རྨོ་བསྐྱུར་ནགས་གསོ་མུའུ་རེར་རྨོ་བསྐྱུར་ས་ཞིང་གསབ་དངུལ་སྒོར1200ཡིན་ཞིང་། ལོ་ལྔའི་ནང་ཐེངས་གསུམ་ལ་གཤམ་སྤྲོད་བྱ་རྒྱུ། ལོ་དང་པོར་སྒོར་500སྤྲོད་ཅིང་།  ལོ་གསུམ་པར་སྒོར300སྤྲོད་པ་དང་། ལོ་ལྔ་པར་སྒོར400སྤྲོད་རྒྱུ། རྨོ་བསྐྱུར་རྩྭ་འདེབས་མུའུ་རེར་རྨོ་བསྐྱུར་ས་ཞིང་གི་ཁ་གསབ་རོགས་དངུལ་སྒོར850སྤྲད་རྒྱུ་དང་། དེ་ལོ་གསུམ་ནང་ཐེངས་གཉིས་ལ་གཤམ་སྤྲོད་བྱ་རྒྱུ། ལོ་དང་པོར་སྒོར450སྤྲོད་ཅིང་། ལོ་གསུམ་པར་སྒོར400སྤྲོད་རྒྱུ།
རེས་སྐོར་གསར་པའི་རྨོ་སྐྱུར་ནགས་གསོ་རྩྭ་འདེབས་ཀྱི་དུས་འགྱངས་བྱེད་རིང་ཁ་གསབ་རོགས་དངུལ་སྤྲོད་པའི་དུས་ཚད་དང་ཚད་གཞི་ནི་རྨོ་བསྐྱུར་ནགས་གསོ་མུའུ་རེའི་རྨོ་བསྐྱུར་ས་ཞིང་གི་ཁ་གསབ་རོགས་དངུལ་དེ་ལོ་ལྔར་བགོས་ནས་གཤམ་སྤྲོད་བྱ་རྒྱུ། ལོ་རེར་སྒོར་100སྤྲོད་རྒྱུ་ཡིན། རྨོ་བསྐྱུར་རྩྭ་འདེབས་ཀྱི་མུའུ་རེར་རྨོ་བསྐྱུར་ས་ཞིང་གི་ཁ་གསབ་རོགས་དངུལ་སྒོར་300སྤྲོད་རྒྱུ། དེ་ལོ་གསུམ་ནང་བགོས་ནས་གཤམ་སྤྲོད་བྱེད་པ་དང་ལོ་རེ་སྒོར་100སྤྲོད་རྒྱུ། ཐེངས་སྔོན་མའི་སྲིད་ཇུས་ཀྱིས་དུས་བཅད་ཐིམ་པའི་རྨོ་བསྐྱུར་སྐྱེ་ཁམས་ནགས་གསོ་མུའུ་རེར་རྨོ་བསྐྱུར་ས་ཞིང་གི་ཁ་གསབ་རོགས་དངུལ་སྒོར100ཡིན་པ་དང་། སྲིད་ཇུས་ཀྱི་དུས་ཚོད་ཐིམ་པའི་ལོ་རྗེས་མར་ཐེངས་ལྔ་ལ་བགོས་ནས་གཤམ་སྤྲོད་བྱེད་པ་དང་ལོ་རེར་སྒོར་20སྤྲོད་རྒྱུ།
21.村级动物防疫员补贴
从2020年1月1日起,村级动物防疫员基本报酬每人每月1100元(下达转移支付时已统筹考虑村级动物防疫员基本报酬因素,由各县(区)统筹安排资金落实村级动物防疫员基本报酬资金)
༢༡.གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣའི་ཁ་གསབ།
2020ལོའི་ཟླ1ཚེས་1ཉིན་ནས་བཟུང་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣའི་གཞི་རྩའི་གླ་ཆ་མི་རེར་ཟླ་རེར་སྒོར1100ཡིན། (གཤམ་ལ་སྤོ་སྤྲོད་བྱེད་སྐབས་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་པའི་གཞི་རྩའི་ཐོབ་ཆའི་རྒྱུ་རྐྱེན་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཤིང་། རྫོང་(ཆུས)ཁག་གིས་མ་དངུལ་བཀོད་སྒྲིག་བྱས་ནས་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣར་གཞི་རྩའི་ཐོབ་ཆའི་མ་དངུལ་དོན་འཁྱོལ་བྱེད་དགོས།)
22.村医补贴
村医基本报酬:2020年1月起每人每月1100元,全年13200元。绩效工资,月平均1000元,根据考核半年或年终发放。
༢༢.གྲོང་ཚོའི་སྨན་པའི་ཁ་གསབ།
གྲོང་ཚོའི་སྨན་པའི་གཞི་རྩའི་ཐོབ་ཆ།2020ལོའི་ཟླ1པོ་ནས་བཟུང་མི་རེར་ཟླ་རེར་སྒོར1100ཡིན་པ་དང་། ལོ་ཧྲིལ་པོར་སྒོར13200ཡིན། བྱས་འབྲས་གླ་ཆ་ཟླ་རེར་ཆ་སྙོམས་སྒོར1000ཡིན་པ་དང་། དཔྱད་ཞིབ་བྱས་པར་གཞིགས་ནས་ལོ་ཕྱེད་དམ་ཡང་ན་ལོ་མཇུག་ཏུ་སྤྲོད་རྒྱུ།
23. 城乡居民基本养老保险制度
根据《西藏自治区关于建立城乡居民基本养老保险待遇确定和基础养老金正常调整机制的实施意见》(藏人社发〔2019〕112号),城乡居民基本养老保险从2020年1月1日起,个人年缴费标准分为200元~5,000元十四个档次,最高可缴5,000元。个人可自愿选择档次缴费,多缴多得。财政对个人缴费补贴分为年人均50元~300元十四个档次。对建档立卡贫困人员,在脱贫攻坚巩固期内保留每人每年100元的最低缴费档次标准,按规定继续由政府全额代缴,并享受40元政府补贴。对城乡居民中(一、二级)重度残疾人,孤寡老人、低保对象等缴费困难群体仍按100元的最低缴费档次由政府全额代缴,并享受40元政府补贴。对65周岁以上参保城乡老年居民予以适当倾斜,其中:年满65-69周岁的参保人员,基础养老金每人每月增加10元;年满70周岁及以上的参保人员,基础养老金每人每月增加20元。加发年限基础养老金,对缴费年限超过15年的,在15年的基础上,缴费每增加1年,每月加发当年我区基础养老金标准的5%。政府给予法定继承人或指定受益人一次性丧葬补助金,标准从6个月基础养老金提高到18个月。从2023年1月1日起,城乡居民基本养老保险基础养老金标准提高至月人均230元。
༢༣.གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས།
《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་དང་གཞི་རྩའི་རྒན་གསོའི་མ་དངུལ་རྒྱུན་ལྡན་ལེགས་སྒྲིག་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གཞིར་བཟུང་། (བོད་མི་སྤྱི་སྤེལ་〔2019〕ཡིག་ཨང་112པ།) གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་དེ་2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་མི་སྒེར་གྱིས་ལོ་རེར་གྲོན་དངུལ་སྤྲོད་པའི་ཚད་གཞི་དེ་སྒོར་200ནས་5000བར་དུ་རིམ་པ་བཅུ་བཞིར་དབྱེ་ཡོད། མཐོ་ཤོས་ལ་གྲོན་དངུལ་སྒོར་5000སྤྲད་ཆོག མི་སྒེར་གྱིས་རང་མོས་ངང་རིམ་པ་ལྟར་དངུལ་སྤྲོད་དགོས་པ་དང་མང་པོ་སྤྲད་ན་མང་པོ་ཐོབ་ཐུབ། ནོར་སྲིད་ཀྱིས་མི་སྒེར་ལ་གྲོན་དངུལ་སྤྲོད་པའི་ཁ་གསབ་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་50ནས་300བར་རིམ་པ་བཅུ་བཞིར་དབྱེ་ཡོད། ཡིག་ཚགས་དང་གྰ་བཟོས་པའི་དབུལ་ཕོངས་མི་སྣར་དབུལ་སེལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་དུས་ཡུན་ནང་མི་རེར་ལོ་རེར་སྒོར་100ཡི་མ་མཐའི་གྲོན་དངུལ་སྤྲོད་པའི་ཚད་གཞི་སོར་འཇོག་བྱ་རྒྱུ། གཏན་འབེབས་ལྟར་མུ་མཐུད་དུ་སྲིད་གཞུང་གིས་ཚབ་འཇལ་བྱ་རྒྱུ་མ་ཟད། སྲིད་གཞུང་གིས་ཁ་གསབ་སྒོར40ལོངས་སུ་སྤྱད་ཆོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྲོད་ཀྱི་(རིམ་པ་དང་པོ་དང་གཉིས་པ)ཚབས་ཆེན་གྱི་དབང་པོ་སྐྱོན་ཅན་དང་། མི་ཧྲེང་རྒན་རྒོན་དང་། མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་སོགས་གྲོན་དངུལ་སྤྲོད་དཀའ་བའི་ཚོགས་སྤྱིར་སྔར་བཞིན་སྒོར100ཡི་མ་མཐའི་གྲོན་དངུལ་སྤྲོད་པའི་རིམ་པ་ལྟར་སྲིད་གཞུང་གིས་ཚབ་འཇལ་བྱ་རྒྱུ་མ་ཟད། སྒོར40ཡི་སྲིད་གཞུང་གི་ཁ་གསབ་ལོངས་སུ་སྤྱོད་རྒྱུ། ལོ་65ཡན་གྱི་འགན་བཅོལ་ནང་ཞུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྲོང་མི་ལ་གཟིགས་སྐྱོང་འོས་འཚམ་བྱ་རྒྱུ་དང་། དེའི་ནང་ལོ་65ནས་69བར་གྱི་འགན་བཅོལ་ནང་ཞུགས་མཁན་མི་སྣར་གཞི་རྩའི་རྒན་གསོའི་མ་དངུལ་མི་རེར་ཟླ་རེར་སྒོར་10མང་དུ་གཏོང་རྒྱུ་དང་། ལོ་70དང་དེ་ཡན་གྱི་འགན་བཅོལ་ནང་ཞུགས་མཁན་ལ་རྨང་གཞིའི་རྒན་གསོའི་མ་དངུལ་མི་རེར་ཟླ་རེར་སྒོར་20མང་དུ་གཏོང་རྒྱུ། གཞི་རྩའི་རྒན་གསོའི་མ་དངུལ་ལོ་ཚད་སྣོན་སྤྲོད་བྱས་ནས་གྲོན་དངུལ་འཇལ་བའི་ལོ་ཚད་ལོ་15ལས་བརྒལ་རིགས་ལ་ལོ་15ཡི་རྨང་གཞིའི་ཐོག་གྲོན་དངུལ་འཇལ་ཚད་ལོ་1མང་དུ་གཏོང་རྒྱུ་དང་ཟླ་རེར་ལོ་དེ་རིང་གི་རང་ལྗོངས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞིའི་5%སྣོན་སྤྲོད་བྱེད་རྒྱུ། སྲིད་གཞུང་གིས་ཁྲིམས་བཀོད་ཤུལ་འཛིན་པའམ་ཡང་ན་དམིགས་གཏད་ཁེ་ཐོབ་པ་ལ་ཐེངས་གཅིག་རང་བཞིན་གྱི་གཤིན་པོ་དུར་སྐྱེལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པ་དང་ཚད་གཞི་དེ་ཟླ་6གི་གཞི་རྩའི་རྒན་གསོའི་མ་དངུལ་ནས་ཟླ་18བར་མཐོ་རུ་བཏང་ཡོད། 2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་གཞིའི་རྩའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་230བར་མཐོ་རུ་བཏང་ཡོད།
24.先心病儿童和白内障患者医疗救助
根据《西藏自治区儿童先天性心脏病医疗救治实施方案》(藏政办发〔2012〕35号)要求,按照发现一例救治一例的原则,对全区0-18岁先心病患儿进行免费救治,并发放交通生活补助(在区外手术治疗的患儿及一名监护人每人8,000元的生活和交通补助,在区内手术的患儿及一名监护人提供1,600元交通和生活补助);根据《中共中央国务院关于深化医药卫生体制改革的意见》、西藏自治区强基惠民整体工作要求,为了进一步提高贫困白内障患者复明手术率,解决因白内障致盲问题,并减轻其就医负担,对贫困白内障患者免费救治。
༢༤.ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དང་སྐྱ་འགྲིབ་ཕོག་པའི་ནད་པའི་སྨན་བཅོས་རོགས་སྐྱོབ།
《བོད་རང་སྐྱོང་ལྗོངས་ཀྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་སྲོག་སྐྱོབ་སྨན་བཅོས་ལག་བསྟར་ཇུས་གཞི》(བོད་སྲིད་གཞུང་ནས་སྤེལ〔2012〕ཡིག་ཨང་35པ། )བླང་བྱ་ལྟར། ཤེས་རྟོགས་གཅིག་བྱུང་ཚེ་སྐྱོབ་བཅོས་གཅིག་བྱེད་པའི་རྩ་དོན་གཞིར་བཟུང་། ལྗོངས་ཡོངས་ཀྱི་ལོ་0ནས་18བར་གྱི་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱེད་པ་དང་འགྲིམ་འགྲུལ་འཚོ་བའི་ཁ་གསབ་(ལྗོངས་ཕྱིར་གཤགས་བཅོས་བྱས་ནས་སྨན་བཅོས་བྱས་པའི་བྱིས་པ་དང་དེ་བཞིན་ལྟ་སྐྱོང་པ་གཅིག་ལ་མི་རེར་སྒོར་8000ཡི་འཚོ་བ་དང་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་སྤྲོད་པ་དང་ལྗོངས་ནང་ཁུལ་དུ་གཤགས་བཅོས་བྱས་པའི་བྱིས་པ་དང་དེ་བཞིན་ལྟ་སྐྱོང་པ་གཅིག་ལ་སྒོར་1600ཡི་འགྲིམ་འགྲུལ་དང་འཚོ་བའི་ཁ་གསབ་སྤྲོད་རྒྱུ།)སྤྲོད་རྒྱུ།《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་མ་ལག་བསྒྱུར་བཅོས་བྱ་རྒྱུའི་བསམ་འཆར།》དང་། བོད་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་སྤྱི་ཡོངས་ལས་ཀའི་བླང་བྱར་གཞིགས་ནས། དབུལ་ཕོངས་ཀྱི་སྐྱ་འགྲིབ་ཕོག་པའི་ནད་པར་གཤགས་བཅོས་བྱེད་ཚད་སྔར་བས་མཐོ་རུ་གཏོང་བའི་ཆེད་དུ། སྐྱ་གྲིབ་ཕོག་པའི་གནད་དོན་ཐག་གཅོད་བྱ་རྒྱུ་མ་ཟད། དེའི་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་བཏང་ནས་དབུལ་ཕོངས་ཀྱི་སྐྱ་འགྲིབ་ཕོག་པའི་ནད་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ།
25.西藏自治区民族团结进步模范表彰奖励
获得“西藏自治区民族团结进步模范个人”称号的,自治区财政厅按照4,000元/人的标准安排表彰奖励资金。西藏自治区民族团结进步表彰大会每三年召开一次。
༢༥.བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཟེངས་བསྟོད་བྱ་དགའ།
"བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སྒེར་དཔེ་བཟང་ཅན"ཞེས་པའི་མཚན་སྙན་ཐོབ་པ་ཡིན་ན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཚད་གཞི་ལྟར་མི་རེར་སྒོར4000གཟེངས་བསྟོད་བྱ་དགའི་མ་དངུལ་བཀོད་སྒྲིག་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལོ་གསུམ་རེར་ཐེངས་རེ་འཚོག་རྒྱུ།
26. 生态保护岗位补助
为16周岁至65周岁具有劳动能力(不含一二级残疾)有意愿的具有返贫风险的防返贫监测人员、脱贫巩固人口(含农村低保人口)、农村低收入人口提供生态保护岗位,生态保护岗位对象不得从村两委、村医、村兽医、科技特派员、村级草原监督员(草原生态保护补助奖励类补贴对象)、全日制在校生、长期在外以及一年以上在企事业单位务工人员中遴选。共设有7大类岗位,分别为:林业系统生态保护、草原监督员、水生态保护(含村级水管员)、农村公路养护、村庄保洁、厕所保洁员(含旅游厕所)、地质灾害群测群防。自2018年起,生态保护岗位补助标准由3000元/年·人提高至3500元/年·人。
༢༦.སྐྱེ་ཁམས་སྲུང་སྐྱོབ་ལས་གནས་ཀྱི་ཁ་གསབ།
ལོ་16ནས་65བར་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་(རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་ཚུད་མེད།)དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་མི་སྣ་དང་དབུལ་སྒྲོལ་སྲ་བརྟན་གྱི་མི་འབོར་(གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་འབོར་ཚུད་ཡོད།)དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་བཅས་ལ་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་མཁོ་འདོན་བྱ་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ལས་གནས་བྱ་ཡུལ་ནི་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོའི་སྨན་པ། གྲོང་ཚོའི་ཕྱུགས་རིགས་སྨན་པ། ཚན་རྩལ་ཆེད་མངགས་པ། གྲོང་ཚོ་རིམ་པའི་རྩྭ་ཐང་ལྟ་སྐུལ་པ།(རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་རོགས་དངུལ་དང་བྱ་དགའི་རིགས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཡུལ།)ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ། ཡུན་རིང་ཕྱི་རོལ་དུ་ཡོད་པ་དང་དེ་བཞིན་ལོ་གཅིག་ཡན་གྱི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ལས་མིའི་ཁྲོད་ནས་གདམ་གསེས་བྱ་མི་རུང་། ལས་གནས་རིགས7ཡོད་པ་སོ་སོ་ནི། ནགས་ལས་མ་ལག་སྐྱེ་ཁམས་སྲུང་སྐྱོང་པ་དང་རྩྭ་ཐང་གི་ལྟ་སྐུལ་པ། ཆུའི་སྐྱེ་ཁམས་སྲུང་སྐྱོང་པ། (གྲོང་ཚོ་རིམ་པའི་ཆུའི་བདག་གཉེར་བ་ཚུད།) གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་པ། གྲོང་སྡེའི་གཙང་སྦྲ་འགན་སྲུང་པ། གསང་སྤྱོད་ཀྱི་གཙང་སྦྲ་བྱེད་མཁན། (ཡུལ་སྐོར་གྱི་གསང་སྤྱོད་ཚུད།) ས་གཤིས་གནོད་འཚེ་སྔོན་འགོག་ཚོགས་པ་བཅས་ཚུད་ཡོད། 2018ལོ་ནས་བཟུང་སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཀྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་3000ནས་ལོ་རེར་མི་རེར་སྒོར་3500བར་མཐོ་རུ་བཏང་ཡོད།
27. 困难群众救助补助资金
根据《西藏自治区困难群众救助补助资金管理办法》(藏财社〔2023〕8号),在制度存续期间,中央财政及自治区财政安排用于补助各地市开展低保、特困人员救助供养、临时救助、流浪乞讨人员救助、孤儿和艾滋病病毒感染儿童基本生活保障工作的资金。
根据《西藏自治区民政厅西藏自治区财政厅关于提高城乡居民最低生活保障、特困人员救助供养补助标准的通知》(藏民发〔2023〕15号),自2023年1月1日起,提高城乡居民最低生活保障、特困人员救助供养6项补助标准:(1)城镇居民最低生活保障补助标准由每人每月927元提高至947元;(2)农村居民最低生活保障补助标准由每人每年5160元提高至5340元;(3)集中供养和城市分散供养特困人员补助标准由每人每年14461元提高至14773元;(4)农村分散供养特困人员基本生活补助标准由每人每年7740元提高至8010元;(5)集中供养特困人员中部分丧失生活自理能力照料护理每人每年1446元提高至1477元;(6)完全丧失生活自理能力照料护理费每人每年2169元提高至2216元。(分散供养特困人员照料护理费由乡镇人民政府(街道办事处)按照委托照料服务协议,直接拨付给委托照料服务的组织和个人。集中供养特困人员照料护理费统筹用于供养服务机构照料护理开支)。
从2020年起,全区孤儿全面实施孤儿基本生活费发放制度。目前,孤儿基本生活费标准为:二类区散居孤儿基本养育标准为每人每月600元,机构供养标准为每人每月1231元;三类区标准为每人每月1477元;四类区标准为每人每月1662元。
༢༧.དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ།
《བོད་རང་སྐྱོང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》(བོད་ནོར་སྤྱི་〔2023〕ཡིག་ཨང་8པ།) གཞིར་བཟུང་ནས། ལམ་ལུགས་ལག་བསྟར་བྱེད་པའི་རིང་ལ། ཀྲུང་དབྱང་ནོར་སྲིད་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ས་གནས་དང་གྲོང་ཁྱེར་ཁག་གི་མ་མཐའི་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བསྙེན་བཀུར། གནས་སྐབས་རོགས་སྐྱོབ། འཁྱམ་པོ་དང་སློང་མོ་བར་རོགས་སྐྱོབ། དྭ་ཕྲུག་དང་ཨེ་ཙི་འགོས་པའི་བྱིས་པའི་གཞི་རྩའི་འཚོ་བ་འགན་སྲུང་བཅས་ལ་མ་དངུལ་བཀོད་སྒྲིག་བྱ་རྒྱུ།
《རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་འཚོ་སྐྱོང་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞིའི་སྐོར་གྱི་བརྡ་ཐོ》(བོད་དམངས་སྤེལ་〔2023〕ཡིག་ཨང་15པ། )ལྟར། 2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་གི་ཁ་གསབ་ཚད་གཞི་རྣམ་གྲངས6མཐོ་རུ་བཏང་ཡོད། (1)གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་927ཡིན་པ་ནས་སྒོར་947བར་མཐོ་རུ་གཏོང་རྒྱུ།  (2)གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར5160ནས་སྒོར5340བར་མཐོ་རུ་གཏོང་རྒྱུ། (3)གཅིག་བསྡུས་ཀྱིས་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་དུ་འཚོ་བའི་དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣའི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར14461ནས་སྒོར་14773བར་མཐོ་རུ་གཏོང་རྒྱུ། (4)གྲོང་གསེབ་ཏུ་ཁ་ཐོར་དུ་འཚོ་སྐྱོང་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་7740ནས་སྒོར་8010བར་མཐོ་རུ་གཏོང་རྒྱུ། (5)གཅིག་བསྡུས་ཀྱིས་འཚོ་སྐྱོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་ཀྱི་འཚོ་བ་རང་གིས་སྐྱེལ་བའི་ནུས་པ་ཤོར་བའི་མི་ལ་བདག་སྐྱོང་བྱེད་མཁན་ལ་མི་རེར་ལོ་རེར་སྒོར1446ནས་སྒོར1477བར་མཐོ་རུ་གཏོང་རྒྱུ། (6)འཚོ་བ་རང་གིས་སྐྱེལ་བའི་ནུས་པ་རྦད་དེ་ཤོར་བའི་འཚོ་བ་བདག་སྐྱོང་མཁན་ལ་མི་རེར་ལོ་རེར་སྒོར2169ནས་སྒོར2216བར་མཐོ་རུ་གཏོང་རྒྱུ། (དམིགས་བསལ་དཀའ་ངལ་ཡོད་པའི་མིར་ལྟ་སྐྱོང་བྱེད་པའི་འགྲོ་གྲོན་ནི་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་(སྲང་ལམ་དོན་གཅོད་ཁང་།)གིས་མངགས་བཅོལ་བྱས་པའི་ཞབས་ཞུའི་གྲོས་མཐུན་ལྟར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལྟ་སྐྱོང་དང་བདག་སྐྱོང་གྲོན་དངུལ་གཅིག་བསྡུས་ཀྱིས་བསྙེན་བཀུར་ཞབས་ཞུའི་ལས་ཁུངས་ལ་ལྟ་སྐྱོང་དང་བདག་སྐྱོང་གི་འགྲོ་གྲོན་གཏོང་བར་སྤྱོད་དགོས།)
2020ལོ་ནས་བཟུང་ལྗོངས་ཡོངས་ཀྱི་དྭ་ཕྲུག་ལ་གཞི་རྩའི་འཚོ་བའི་གྲོན་དངུལ་སྤྲོད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད། མིག་སྔར་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གྲོན་དངུལ་གྱི་ཚད་གཞི་སྟེ། རིགས་གཉིས་པའི་ཁུལ་གྱི་དྭ་ཕྲུག་གི་གཞི་རྩའི་གསོ་སྐྱོང་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་600ཡིན་པ་དང་། སྒྲིག་གཞིའི་འཚོ་སྐྱོང་ཚད་གཞི་ནི་མི་རེར་ཟླ་རེར་སྒོར1231ཡིན། རིགས་གསུམ་པའི་ཁུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་1477ཡིན་པ་དང་རིགས་བཞི་པའི་ཁུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་1662ཡིན།

28.就业补助
用于职业培训补贴、职业技能鉴定补贴、社会保险补贴、公益性岗位补贴、创业补贴、就业见习补贴、求职创业补贴等、公共就业服务能力建设补助资金等;其中:公益性岗位补贴为最低工资标准130%。
༢༨.ལས་ཞུགས་ཁ་གསབ།
ལས་ཞུགས་ཁ་གསབ་ནི་ལས་རིགས་གསོ་སྐྱོང་སྦྱོང་བརྡར་ཁ་གསབ་དང་། ལས་རིགས་རྩལ་ནུས་གསལ་འབྱེད་ཁ་གསབ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ། ལས་གཏོད་ཁ་གསབ། ལས་ཞུགས་ཀྱི་ལྟ་སྦྱོང་ཁ་གསབ། ལས་འཚོལ་ལས་གཏོད་ཀྱི་ཁ་གསབ། སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་གི་ཁ་གསབ་མ་དངུལ་སོགས་སུ་སྤྱོད་དགོས། དེའི་ནང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཁ་གསབ་དེ་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཡི130%ཡིན།
29.城镇低收入家庭廉租住房补贴(城镇住房保障家庭租赁补贴)
自治区承担80%,地市承担15%,各县(区)承担5%。(1)补贴面积标准。租赁补贴面积标准为1人户20平方米、2人户40平方米、3人及以上户60平方米。(2)补贴金额标准。补贴金额标准为15元/平方米·月。租赁补贴标准和申请条件由自治区住房城乡建设主管部门会同有关部门实时调整、公布。(3)补贴发放比例。租赁补贴根据家庭困难程度按比例发放,其中:当地居民户口低收入家庭发放比例为100%,其他保障对象发放比例为70%。(4)补贴测算公式。租赁补贴金额=(补贴面积-自有住房建筑面积)×租赁补贴标准×发放比例。
༢༩.གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཁང་གླ་དམའ་བའི་སྡོད་ཁང་གི་ཁ་གསབ། (གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱིམ་ཚང་གི་བོགས་གཏོང་ཁ་གསབ།)
རང་སྐྱོང་ལྗོངས་ཀྱིས་80%འགན་འཁུར་ཞིང་ས་ཁུལ་དང་གྲོང་ཁྱེར་གྱིས་15%འགན་འཁུར་རྒྱུ་དང་རྫོང་(ཆུས་)ཁག་གིས་5%འགན་འཁུར་རྒྱུ། (1)ཁ་གསབ་རྒྱ་ཁྱོན་གྱི་ཚད་གཞི། བོགས་གཏོང་ཁ་གསབ་རྒྱ་ཁྱོན་གྱི་ཚད་གཞི་ནི་དུད་ཚང་མི1ཅན་ལ་སྨི་གྲུ་བཞི་མ་20དང་། མི་2ཡོད་པའི་དུད་ཚང་ལ་སྨི་གྲུ་བཞི་མ40། མི་3དང་ཡང་ན་དེའི་ཡན་གྱི་དུད་ཚང་ལ་སྨི་གྲུ་བཞི་མ60བཅས་ཡིན།  (2)གསབ་དངུལ་གྱི་ཚད་གཞི། ཁ་གསབ་དངུལ་གྲངས་ཀྱི་ཚད་གཞི་ནི་སྨི་ངོས་གྲུ་བཞི་མ1ལ་ཟླ་རེར་སྒོར15ཡིན། བོགས་གཏོང་ཁ་གསབ་ཀྱི་ཚད་གཞི་དང་རེ་ཞུའི་ཆ་རྐྱེན་དེ་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དོ་དམ་སྡེ་ཚན་ནས་དུས་ཐོག་ཏུ་ལེགས་སྒྲིག་དང་སྤྱི་བསྒྲགས་བྱ་དགོས། (3)ཁ་གསབ་སྤྲོད་པའི་བསྡུར་ཚད། བོགས་གཏོང་ཁ་གསབ་རོགས་དངུལ་དེ་ཁྱིམ་ཚང་གི་དཀའ་ཚད་ལ་གཞིགས་ནས་བསྡུར་ཚད་ལྟར་སྤྲོད་རྒྱུ། དེའི་ནང་ས་གནས་དེ་གའི་ཡུལ་མིའི་ཡོང་འབབ་དམའ་བའི་ཁྱིམ་ཚང་གིས་སྤྲད་པའི་བསྡུར་ཚད100%ཡིན་པ་དང་། འགན་སྲུང་བྱ་ཡུལ་གཞན་དག་གིས་སྤྲད་པའི་བསྡུར་ཚད70%ཡིན།(4)ཁ་གསབ་ཚད་ལེན་གྱི་སྤྱི་འགྲོས་ནི། བོགས་གཏོང་ཁ་གསབ་དངུལ་གྲངས་=(ཁ་གསབ་རོགས་དངུལ་གྱི་རྒྱ་ཁྱོན་-རང་ལ་ཡོད་པའི་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན)×བོགས་གཏོང་ཁ་གསབ་ཚད་གཞི×སྤྲོད་པའི་བསྡུར་ཚད།
30.贫困残疾人生活补贴及重度护理补贴
困难残疾人生活补贴和重度残疾人护理补贴制度,补贴范围:困难残疾人为西藏户籍且生活困难的各类残疾人,重度残疾人为被评为一、二级且需要长期照护的残疾人。补贴标准:困难残疾人生活补贴标准为每人每月100元。重度残疾人护理补贴标准为每人每月200元。
༣༠. དབུལ་པོའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ནད་གཞི་ལྕི་བའི་ནད་གཡོག་གི་ཁ་གསབ།
དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་རིགས་ལ་བདག་སྐྱོང་བྱེད་པར་ཁ་གསབ་སྤྲོད་པའི་ལམ་ལུགས་དང་ཁ་གསབ་བྱེད་པའི་ཁྱབ་ཁོངས་ནི། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དེ་བོད་ལྗོངས་ཀྱི་ཐེམ་ཐོ་ཡིན་པ་མ་ཟད་འཚོ་བར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་རིགས། ཚབས་ཆེའི་དབང་པོ་སྐྱོན་ཅན་གྲས་ནི་རིམ་པ་དང་པོ་དང་རིམ་པ་གཉིས་པར་བདམ་པ་མ་ཟད་ཡུན་རིང་ལྟ་སྐྱོང་བྱེད་དགོས་པའི་དབང་པོ་སྐྱོན་ཅན་ཡིན། ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ནི། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་100ཡིན། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་གི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར200ཡིན།
31.国有林(非国有林)保护修复补助
国有国家级和自治区级公益林管护自治区财政执行补助标准5.3元/亩;非国有林生态保护补偿自治区财政执行补助标准10.3元/亩。由重点公益林管护人员经费(森林生态效益补偿)和天然林保护工程区管护人员经费整合。该补助资金由重点公益林管护人员经费(森林生态效益补偿)和天然林保护工程区管护人员经费整合。
༣༡.རྒྱལ་དབང་ནགས་ཚལ(རྒྱལ་དབང་མིན་པའི་ནགས་ཚལ)སྲུང་སྐྱོང་དང་ཉམས་གསོའི་ཁ་གསབ།
རྒྱལ་དབང་གི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ཐད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ལག་བསྟར་ཁ་གསབ་ཚད་གཞི་ནི་མུའུ་རེར་སྒོར5.3ཡོད། རྒྱལ་དབང་མིན་པའི་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ལག་བསྟར་ཁ་གསབ་ཚད་གཞི་ནི་མུའུ་རེར་སྒོར10.3ཡིན། གཙོ་གནད་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་མི་སྣའི་གྲོན་དངུལ(ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ)དང་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་ཁུལ་གྱི་དོ་དམ་སྲུང་སྐྱོང་མི་སྣའི་གྲོན་དངུལ་སྡེབ་སྒྲིག་བྱ་དགོས། ཁ་གསབ་རོགས་དངུལ་དེ་གཙོ་གནད་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་མི་སྣའི་གྲོན་དངུལ(ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་)དང་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་ཁུལ་གྱི་དོ་དམ་སྲུང་སྐྱོང་མི་སྣའི་གྲོན་དངུལ་སྡེབ་སྒྲིག་བྱ་དགོས།
32.牛羊出售奖补
(1)补贴对象。出售上市的本地牛羊,从外地输入的、自食未形成商品的、活畜出售的和已享受相关财政政策、扶贫政策的不再进行补贴。同时,不得对短期育肥企业、加工企业及从当地收购牛羊的其他企业进行补贴。
(2)补贴标准。出售牛补贴标准:一二三季度每头牛补贴800元,四季度每头牛补贴400元。出售羊补贴标准:一二三季度每只羊补贴150元,四季度每只羊补贴100元。
༣༢.ནོར་ལུག་ཕྱིར་འཚོང་གི་བྱ་དགའི་ཁ་གསབ།
(1)ཁ་གསབ་བྱ་ཡུལ། ཚོང་རར་བཏོན་པའི་ས་གནས་དེ་གའི་ནོར་ལུག་ཕྱིར་འཚོང་བྱེད་སྐབས་ས་ཆ་གཞན་ནས་ནང་འདྲེན་བྱས་པ་དང་། རང་ཁ་རང་གསོས་ཐད་ལ་ཚོང་ཟོག་གྲུབ་མེད་པ། ཕྱུགས་རིགས་ཕྱིར་འཚོང་བྱས་པ། འབྲེལ་ཡོད་ནོར་སྲིད་སྲིད་ཇུས་ལོངས་སུ་སྤྱོད་མྱོང་པ། དབུལ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་མྱོང་པ་བཅས་ལ་སླར་ཡང་ཁ་གསབ་མི་བྱེད། དུས་མཚུངས་སུ་དུས་ཐུང་ནང་གསོ་ཚགས་བྱེད་པའི་ཁེ་ལས་དང་། ལས་སྣོན་ཁེ་ལས། དེ་བཞིན་ས་གནས་དེ་གའི་ནོར་ལུག་ཉོ་སྒྲུབ་བྱེད་པའི་ཁེ་ལས་གཞན་དག་བཅས་ལ་ཁ་གསབ་བྱེད་མི་ཆོག
(2)ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི། འབྲི་གཡག་འཚོང་བའི་ཁ་གསབ་ཚད་གཞི་ནི་དུས་ཚིགས་དང་པོ་གཉིས་པ་གསུམ་པ་རེ་རེར་འབྲི་གཡག་རེར་ཁ་གསབ་སྒོར800སྤྲོད་རྒྱུ་ཡོད་པ་དང་། དུས་ཚིགས་བཞི་པར་འབྲི་གཡག་རེར་ཁ་གསབ་སྒོར་400རེ་སྤྲོད་རྒྱུ། ལུག་བཙོངས་པའི་ཁ་གསབ་ཚད་གཞི་ནི། དུས་ཚིགས་དང་པོ་དང་གཉིས་པ། གསུམ་པར་ལུག་རེར་ཁ་གསབ་སྒོར150སྤྲོད་པ་དང་། དུས་ཚིགས་བཞི་པར་ལུག་རེར་ཁ་གསབ་སྒོར་100རེ་སྤྲོད་རྒྱུ།
33.实际种粮农民一次性补贴
发放范围主要为在自治区范围内种植的粮食作物,具体包括青稞、小麦、水稻、籽粒玉米、杂粮等粮食作物。发放对象为实际种粮农民,具体包括利用自有承包地种粮的农民,以及流转土地种粮的大户、家庭农场、农民合作社、农业企业等新型农业经营主体。按照2022、2023年度种粮面积、产量指标因素测算,第一批资金亩均补贴4.85元。
༣༣.དངོས་ཞུགས་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ།
སྤྲོད་པའི་ཁྱབ་ཁོངས་གཙོ་བོ་ནི། རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནང་འདེབས་འཛུགས་བྱས་པའི་འབྲུ་རིགས་ལོ་ཏོག་ཡིན་པ་དང་ཞིབ་ཕྲའི་ནང་ནས་དང་གྲོ། ཆུ་འབྲས། འབྲུ་རྡོག མ་རྨོས་ལོ་ཏོག འབྲུ་རིགས་དཀྱུས་མ་སོགས་འབྲུ་རིགས་ལོ་ཏོག་ཚུད་ཡོད། སྤྲོད་ཡུལ་ནི་དངོས་ཞུགས་འབྲུ་རིགས་འདེབས་མཁན་ཞིང་པ་ཡིན་ཞིང་། དེའི་ནང་རང་ལ་འགན་གཙང་བླངས་པའི་ས་ཞིང་བེད་སྤྱད་དེ་འབྲུ་རིགས་འདེབས་མཁན་ཞིང་པ་དང་། དེ་བཞིན་ས་ཞིང་འཁོར་རྒྱུག་བྱས་ནས་འབྲུ་རིགས་འདེབས་མཁན་དུད་ཆེན། ཁྱིམ་ཚང་གི་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་གྲས་བཅས་ཚུད་ཡོད། 2022ལོ་དང་2023ལོའི་འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་ཀྱི་དམིགས་ཚད་རྒྱུ་རྐྱེན་ལ་གཞིགས་ནས་ཚོད་རྩིས་བྱས་ཏེ་ཁག་དང་པོའི་མ་དངུལ་མུའུ་རེར་ཆ་སྙོམས་ཁ་གསབ་སྒོར་4.85སྤྲོད་རྒྱུ།

第二部分 间接补贴政策
(公共服务优惠政策项目)
ཁག་གཉིས་པ། གཞན་བརྒྱུད་ཁ་གསབ་ཀྱི་སྲིད་ཇུས།
(སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་རྣམ་གྲངས།)

1.农牧民技能培训补贴
农牧民群众可结合自身实际及市场技能需求变化等,免费参加农牧民技能培训,产生的培训费用由人社部门全额补贴至有相应资质的技能培训实施机构,补贴标准为:实用技术培训补贴450元/人/次;劳动力转移培训补贴3000-12200元/人/次(A级消防员、保安员、保洁员、保育员等3000元/30天/人次,A级导游员4900元/45天/人次;B级混凝土工、钢筋工、砌筑工等4,900元/45天/人次,古建装饰工、车工、焊工等12200元/180天/人次,装载机操作员、挖掘机操作员6400元/60天/人次;C级孤残儿童护理员、保健按摩师、修脚师等3000元/30天/人次,养老护理员4900元/45天/人次,美容美发师3900元/30天/人次;D级果树园艺工、护林员、花卉园艺师、家禽饲养工等3000元/30天/人次;E级西式烹调师、中式面点师、中式烹调师等5000元/45天/人次;F级工艺画制作、藏香制作、藏式绘画3900元/30天/人次,民族歌舞、民族手工艺品加工4800元/60天/人次,手工木工、家具制作工、唐卡制作、藏式雕刻等12200元/180天/人次;J级计算机操作员、摩托车维修、农机维修3000元/30天/人次,冷作钣金工3900元/30天/人次,汽车修理工、计算机维修、维修电工4800元/60天/人次,工程机械修理12200元/180天/人次;II级汽车驾驶员A5000元/60天/人次,汽车驾驶员B4500元/60天/人次,汽车驾驶员C4000元/60天/人次;创业类培训补贴4000-20000元/人次(创业培训4000元/10天/人次,创业师资培训补贴6000元/10天/人次,创业精英特别培训补贴20000元/8天/人次)。
༡.ཞིང་འབྲོག་དམངས་ཚོགས་རྩལ་ནུས་གསོ་སྦྱོང་ཁ་གསབ།
ཞིང་འབྲོག་མང་ཚོགས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཚོང་རའི་རྩལ་ནུས་དགོས་མཁོའི་འགྱུར་ལྡོག་སོགས་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་རིན་དོད་མི་དགོས་པར་ཞུགས་ཆོག་པ་དང་། གསོ་སྐྱོང་སྦྱོང་བརྡར་གྱི་འགྲོ་གྲོན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁ་གསབ་བྱེད་དགོས་བབ་མཚུངས་ཀྱི་ནུས་པ་ལྡན་པའི་རྩལ་ནུས་གསོ་སྐྱོང་སྦྱོང་བརྡར་ལས་ཁུངས་ལ་རོགས་སྐྱོར་ཁ་གསབ་བྱེད་དགོས། ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ནི་དངོས་སྤྱོད་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་ལ་མི་རེར་ཐེངས་རེར་སྒོར450ཡིན་པ་དང་། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་མི་རེར་ཐེངས་རེར་སྒོར3000-12200ཡིན། (Aརིམ་པའི་མེ་གསོད་མི་སྣ།བདེ་སྲུང་པ། གཙང་སྤྲའི་མི་སྣ། གསོ་སྐྱོང་པ་སོགས་ཉིན30ནང་མི་རེར་སྒོར3000དང་། Aརིམ་པའི་ཡུལ་སྐོར་སྣེ་ཤན་པ་ཉིན45ནང་མི་རེར་སྒོར4900ཡིན། Bརིམ་པའི་ཨར་འདམ་བཟོ་པ་དང་། ལྕགས་རྩིབས་བཟོ་པ། རྩིག་ལས་སོགས་ཉིན45་ནང་མི་རེར་སྒོར་4900 གནའ་བོའི་མཛེས་རྒྱན་བཟོ་པ་དང་། རླངས་འཁོར་བཟོ་པ། ཚ་ལ་རྒྱག་མཁན་སོགས་ཉིན180ནང་མི་རེར་སྒོར12200 འདེགས་འབེབས་འཕྲུལ་འཁོར་གྱི་བཀོལ་སྤྱོད་པ་དང་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་བྱེད་མཁན་ལ་ཉིན60ནང་མི་ཐེངས་རེར་སྒོར6400 Cརིམ་པའི་དབང་པོ་སྐྱོན་ཅན་བྱིས་པའི་ནད་གཡོག་པ་དང་། ལུས་ཁམས་བདེ་སྲུང་འཕུར་མཉེད་མཁན། རྐང་པ་མཛེས་བཟོ་མཁན་སོགས་ཉིན30ནང་མི་རེར་ཐེངས་རེར་སྒོར3000  རྒན་གསོའི་ནད་གཡོག་པར་ཉིན45ནང་མི་ཐེངས་རེར་སྒོར4900 སྐྲ་བཞར་མཛེས་བཟོ་མཁན་ལ་ཉིན30ནང་མི་ཐེངས་རེར་སྒོར3900ཡིན། Dརིམ་པའི་སིལ་སྡོང་ལྡུམ་རའི་བཟོ་རྩལ་མཁན་དང་། ནགས་སྲུང་བ། མེ་ཏོག་ལྡུམ་རའི་ལག་རྩལ་པ། ཁྱིམ་བྱ་གསོ་ཚགས་བཟོ་པ་སོགས་ཉིན30ནང་མི་ཐེངས་རེར་སྒོར3000 Eརིམ་པའི་ནུབ་ཟས་གཡོས་སྦྱོར་མཁན་དང་། ཀྲུང་གོའི་ཟས་རིགས་གཡོས་སྦྱོར་མཁན། ཀྲུང་ལུགས་བཙོ་རིགས་གཡོས་སྦྱོར་མཁན་ལ་ཉིན45ནང་མི་ཐེངས་རེར་སྒོར5000  Fརིམ་པའི་བཟོ་རྩལ་རི་མོ་དང་། བོད་སྤོས་བཟོ་སྐྲུན། བོད་བཟོའི་རི་མོ་བཅས་ཉིན30་ནང་མི་ཐེངས་རེར་སྒོར3900  མི་རིགས་ཀྱི་གླུ་གར་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་བྱེད་པར་ཉིན60ནང་མི་ཐེངས་རེར་སྒོར4800 ལག་ཤེས་ཤིང་བཟོ་དང་། ཁྱིམ་ཆས་བཟོ་བ། ཐང་ག་འབྲི་བ། བོད་བཟོའི་ཤིང་བརྐོས་སོགས་ཉིན180ནང་མི་ཐེངས་རེར་སྒོར12200  Jརིམ་པའི་རྩིས་འཁོར་ལས་བཟོ་བ་དང་། སྦག་སྦག་འཁོར་ལོ་ཞིག་གསོ། ཞིང་འཕྲུལ་ཉམས་གསོ་བཅས་ཉིན30ནང་མི་ཐེངས་རེར་སྒོར3000 འཁྱགས་བཟོ་ལྕགས་ལེབ་བཟོ་མཁན་ལ་ཉིན30ནང་མི་ཐེངས་རེར་སྒོར་3900  རླངས་འཁོར་ཞིག་གསོ་བྱེད་མཁན་དང་། རྩིས་འཁོར་ཞིག་གསོ། གློག་ལས་མཁན་བཅས་ལ་ཉིན60ནང་མི་ཐེངས་རེར་སྒོར་4800 ལས་གྲྭའི་འཕྲུལ་ཆས་ཞིག་གསོ་བྱེད་པར་ཉིན180ནང་མི་ཐེངས་རེར་སྒོར12200 IIརིམ་པའི་རླངས་འཁོར་ཁ་ལོ་བ་Aལ་ཉིན་60་ནང་མི་ཐེངས་རེར་སྒོར5000 རླངས་འཁོར་ཁ་ལོ་བ་Bལ་ཉིན་60ནང་མི་ཐེངས་རེར་སྒོར4500 རླངས་འཁོར་ཁ་ལོ་བ་Cལ་ཉིན་60ནང་མི་ཐེངས་རེར་སྒོར4000  ལས་རིགས་གསར་གཏོད་རིགས་ཀྱི་གསོ་སྦྱོང་ཁ་གསབ་རོགས་དངུལ་མི་རེར་སྒོར4000ནས20000ཡིན། ལས་གཏོད་གསོ་སྦྱོང་ཉིན10ནང་མི་ཐེངས་རེར་སྒོར4000  ལས་གཏོད་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་གྱི་ཁ་གསབ་ཉིན10ནང་མི་ཐེངས་རེར་སྒོར6000  བྱ་གཞག་གསར་གཏོད་ཕུལ་བྱུང་ཅན་དང་དམིགས་བསལ་གསོ་སྦྱོང་གི་ཁ་གསབ་ཉིན་8ནང་མི་ཐེངས་རེར་སྒོར20000བཅས་ཡིན།
2.农村基层党组织保障经费
从2018年起,全区村级组织党建工作经费按照每个村(居)每年10万元的标准进行保障。
༢.གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་སྲུང་གྲོན་དངུལ།
2018ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་འགྲོ་གྲོན་དེ་གྲོང་ཚོ་རེའི་ལོ་རེར་སྒོར་ཁྲི10ཡི་ཚད་གཞི་ལྟར་འགན་ལེན་བྱས་ཡོད།
3.村教学点燃料费补贴
根据上级每年下达金额,由市教育局结合海拔、村教学点数量等因素确定标准后兑现。
༣. གྲོང་ཚོའི་སློབ་ཁྲིད་ཀྱི་མེ་ཤིང་གྲོན་དངུལ་གྱི་ཁ་གསབ།
གོང་རིམ་གྱིས་ལོ་ལྟར་གཤམ་སྤྲོད་བྱས་པའི་དངུལ་གྲངས་ལྟར་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་ས་བབ་མཐོ་བ་དང་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་གྲངས་འབོར་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས་ཚད་གཞི་ལྟར་གཏན་འཁེལ་ལག་བསྟར་དོན་འཁྱོལ་བཟོ་རྒྱུ།
4.村文化室补助
对每个村文化室运行维护进行补助,每年补助1050元,从年初均衡性转移支付中直接补助各县(区),由各县(区)根据所辖行政村(社区)核定并发放补助。
༤. གྲོང་ཚོའི་རིག་གནས་ཁང་གི་ཁ་གསབ།
གྲོང་ཚོའི་རིག་གནས་ཁང་རེ་རེའི་འཁོར་སྐྱོད་དང་ཉམས་གསོ་ལ་ཁ་གསབ་རོགས་དངུལ་སྤྲད་པ་དང་། ལོ་རེར་ཁ་གསབ་རོགས་དངུལ་སྒོར1050བཏང་རྒྱུ། ལོ་འགོར་དོ་མཉམ་རང་བཞིན་གྱི་སྤོ་སྤྲོད་བྱེད་སྐབས་རྫོང་(ཆུས་)ཁག་ལ་ཐད་ཀར་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་དང་། རྫོང་(ཆུས་)ཁག་གིས་ཁོངས་གཏོགས་སྲིད་འཛིན་གྲོང་ཚོ་(སྡེ་ཁུལ་)ལ་གཞིགས་ནས་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དང་འབྲེལ་ཁ་གསབ་རོགས་དངུལ་སྤྲོད་དགོས།
5.农药补贴
常规农药购置补助经费由自治区、地(市)、县(区)及农业生产经营主体共同承担,分担比例为45%、25%、20%、10%。实行资金、任务、权利、责任“四到县(区)”管理,由县(区)自行组织采购。
༥. ཞིང་སྨན་གྱི་ཁ་གསབ།
རྒྱུན་གཏན་གྱི་ཞིང་སྨན་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་དེ་རང་སྐྱོང་ལྗོངས་དང་། ས་ཁུལ། (གྲོང་ཁྱེར)། རྫོང་(ཁུལ)དང་དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་བཅས་ཀྱིས་མཉམ་དུ་འགན་འཁུར་རྒྱུ་དང་། འགན་ཁུར་བའི་སྡུར་ཚད45%25%20%10%བཅས་ཡིན་ལ། མ་དངུལ་དང་། ལས་འགན། ཁེ་དབང་། འགན་འཁྲི་བཅས་“བཞི་རྫོང་(ཆུས་)གིས་དོ་དམ་ལག་ལེན་བསྟར་རྒྱུ་དང་རྫོང་(ཆུས་)སོ་སོས་སྒྲིག་འཛུགས་ཀྱིས་ཉོ་སྒྲུབ་བྱེད་དགོས།
6.政策性农业保险
我区农业保险政策险种包括:种植业(青稞、小麦、油菜、玉米、水稻、马铃薯);养殖业(牛、羊);能繁母猪、育肥猪;大棚蔬菜、大棚主体框架、农牧民住房。
保费和赔款具体情况:青稞(保费7.6元/亩,农牧民支付保费0.304元/亩,赔款380元/亩)、小麦(保费7元/亩,农牧民支付保费0.28元/亩,赔款350元/亩)、油菜(保费8元/亩,农牧民支付保费0.32元/亩,赔款400元/亩)、水稻(保费7.6元/亩,农牧民支付保费0.304元/亩,赔款380元/亩)、马铃薯(保费8元/亩,农牧民支付保费0.32元/亩,赔款400元/亩)、牛(保费150元/头,农牧民支付保费6元/头,赔款5000元/头)、羊(保费15元/只,农牧民支付保费0.6元/只,赔款500元/只)、能繁母猪(保费90元/头,养猪户支付保费18元/头,赔款1500元/头)、育肥猪保费(48元/头,养猪户支付保费9.6元/头,赔款800元/头)、大棚蔬菜(保费120元/户,农牧民支付保费4.8元/户,赔款2000元/户)、大棚主体框架(保费180元/户,农牧民支付保费7.2元/户,赔款3000元/户)、农牧民住房(保费140元/栋,农牧民支付保费5.6元/栋,赔款14000元/栋)。
༦. སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ།
རང་ཁུལ་གྱི་ཞིང་ལས་འགན་བཅོལ་སྲིད་ཇུས་ནང་དུ་འདེབས་འཛུགས་ལས་རིགས་(ནས་དང་གྲོ། པད་ཁ། ཀེ་ཚེ། མ་རྨོས་ལོ་ཏོག ཆུ་འབྲས། ཞོག་ཁོག་བཅས)དང་། གསོ་སྤེལ་ལས་རིགས། (ནོར་དང་ལུག)  རྒྱུད་སྤེལ་མོ་ཕག་གསོ་ཐུབ་པ་དང་ཕག་ཚོན་པོ་གསོ་ཐུབ་པ།  དྲོད་ཁང་ཆེ་མོའི་སྔོ་ཚལ་དང་དྲོད་ཁང་ཆེ་མོའི་གཞི་སྒྲོམ།  ཞིང་འབྲོག་མི་དམངས་ཀྱི་སྡོད་ཁང་།
འགན་ལེན་གྲོན་དངུལ་དང་སྐྱིན་ཚབ་འཇལ་དངུལ་གྱི་ཞིབ་ཕྲའི་གནས་ཚུལ།  ནས(འགན་ལེན་གྲོན་དངུལ་མུའུ་རེར་སྒོར་7.6ཟིན། ཞིང་འབྲོག་མི་དམངས་ཀྱིས་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.304ཡིན་པ།  སྐྱིན་ཚབ་སྒོར་མུའུ་རེར་སྒོར་380)བཅས་ཡིན། གྲོ(འགན་ལེན་གྲོན་དངུལ་མུའུ་རེར་སྒོར7 ཞིང་འབྲོག་མང་ཚོགས་ཀྱིས་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར0.28ཡིན་པ་དང་།  སྐྱིན་ཚབ་མུའུ་རེར་སྒོར350བཏང་།)  པད་ཁ། (འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར8ཡིན་པ་དང་། ཞིང་འབྲོག་པས་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.32ཡིན་པ། སྐྱིན་ཚབ་མུའུ་རེར་སྒོར400སྤྲད་པ།)  ཆུ་འབྲས། (འགན་ལེན་གྲོན་དངུལ་མུའུ་རེར་སྒོར་7.6ཟིན། ཞིང་འབྲོག་མི་དམངས་ཀྱིས་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.304ཡིན་པ།  སྐྱིན་ཚབ་སྒོར་མུའུ་རེར་སྒོར་380)བཅས་ཡིན།  ཞོག་ཁོག(འགན་ལེན་གྲོན་དངུལ་མུའུ་རེར་སྒོར8ཡིན་པ་དང་། ཞིང་འབྲོག་མི་དམངས་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.32ཡིན་པ།  སྐྱིན་ཚབ་མུའུ་རེ་སྒོར400) ཟོག་(འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་150ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར6སྤྲད་པ་དང་། སྐྱིན་ཚབ་གཅིག་རེར་སྒོར5000རེད།)  ལུག(འགན་བཅོལ་གྲོན་དངུལ་མགོ་གྲངས་རེར་སྒོར15དང་། ཞིང་འབྲོག་མི་དམངས་འགན་བཅོལ་གྲོན་དངུལ་གྱིས་མགོ་གྲངས་རེར་སྒོར0.6ཡིན།  སྐྱིན་ཚབ་མགོ་གྲངས་རེར་སྒོར500)  རྒྱུད་སྤེལ་མོ་ཕག་(འགན་ལེན་གྲོན་དངུལ་མགོ་གྲངས་རེར་སྒོར90ཡིན་པ་དང་། ཕག་གསོ་མཁན་དུད་ཚང་གིས་འགན་བཅོལ་གྲོན་དངུལ་མགོ་གྲངས་རེར་སྒོར་18སྤྲོད་རྒྱུ་དང་།  སྐྱིན་ཚབ་ཕག་རེར་སྒོར1500ཡིན)   ཕག་ཚོན་པོ་གསོ་བའི་འགན་ལེན་གྲོན་དངུལ( ཕག་ཚོན་པོ་མགོ་གྲངས་རེར་སྒོར་48ཡིན་པ་དང་།  ཕག་གསོས་དུད་ཚང་རེར་འགན་བཅོལ་གྲོན་དངུལ་གསོ་ཕག་རེར་སྒོར9.6ཡིན།  སྐྱིན་ཚབ་གྲོན་དངུལ་གསོ་ཕག་རེར་སྒོར་800  དྲོད་ཁང་ཆེ་མོའི་སྔོ་ཚལ་(འགན་ལེན་གྲོན་དངུལ་དུད་ཚང་རེར་སྒོར120ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་འགན་བཅོལ་གྲོན་དངུལ་དུད་ཚང་རེར་སྒོར4.8ཡིན་པ་དང་།  སྐྱིན་ཚབ་གྲོན་དངུལ་དུད་ཚང་རེར་སྒོར2000ཡིན།)  དྲོད་ཁང་ཆེ་མོའི་གཞི་སྒྲོམ(འགན་ལེན་གྲོན་དངུལ་ཁྱིམ་ཚང་རེར་སྒོར180ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་འགན་བཅོལ་གྲོན་དངུལ་ཁྱིམ་ཚང་རེར་སྒོར7.2སྤྲད་པ་དང་།  དུད་ཚང་རེར་སྐྱིན་ཚབ་གྲོན་དངུལ་སྒོར་3000ཡིན།  ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་(འགན་ལེན་གྲོན་དངུལ་ཐོག་བརྩེགས་རེར་སྒོར140ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཐོག་བརྩེགས་རེར་འགན་བཅོལ་གྲོན་དངུལ་སྒོར་5.6སྤྲད་པ་དང་། སྐྱིན་ཚབ་འཇལ་དངུལ་ཐོག་བརྩེགས་རེར་སྒོར་14000བཅས་ཡིན།
7.动物疫病强制扑杀补助
家禽15元/羽;仔猪200元/头,成年猪800元/头;1岁以下牦(奶)牛3000元/头(含1岁,下同),1岁以上牦(奶)牛6000元/头;1岁以下肉(黄)牛1500元/头,1岁以上肉(黄)牛3000元/头;1岁以下羊200元/只,1岁以上羊500元/只;1岁以下马5000元/匹,1岁以上马12000元/匹。
补助由中央、自治区、地(市)、县(区)共同承担,分担比例为80%、10%、5%、5%。
༧.སྲོག་ཆགས་ལ་རིམས་ནད་ཕོག་སྟེ་བཙན་གསོད་བྱས་པའི་ཁ་གསབ།
ཁྱིམ་བྱ་རེར་སྒོར15དང་། ཕག་ཕྲུག་རེར་སྒོར་200ཡིན་པ་དང་། ཕག་ཆེ་གྲས་ལ་སྒོར800ཡིན། ལོ1མན་ཆད་ཀྱི་འབྲི་གཡག(མཛོ་མོ)མགོ་གྲངས་རེར་སྒོར3000ཡིན་པ་དང་། ལོ1ལ་སླེབས་པ་དང་། ལོ1་ཡན་གྱི་འབྲི་གཡག་(མཛོ་མོ)མགོ་གྲངས་རེར་སྒོར6000ཡིན། ལོ་1མན་ཆད་ཀྱི་བཤས་ཟོག(བ་གླང) མགོ་གྲངས་རེར་སྒོར1500ཡིན་པ་དང་།  ལོ1ཡན་གྱི་བཤས་ཟོག(བ་གླང) རེར་སྒོར3000ཡིན། ལོ1མན་གྱི་ལུག་རེར་སྒོར200དང་། ལོ1ཡན་གྱི་ལུག་རེར་སྒོར500ཡིན།  ལོ1མན་གྱི་རྟ་རེར་སྒོར5000དང་།  ལོ1ཡན་གྱི་རྟ་རེར་སྒོར12000ཡིན།
རོགས་དངུལ་ནི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ། (གྲོང་ཁྱེར)། རྫོང་(ཁུལ)བཅས་ཀྱིས་མཉམ་དུ་འགན་འཁུར་རྒྱུ་དང་། འགན་བགོས་བསྡུར་ཚད་ནི་80%དང་། 10%། 5%། 5%བཅས་ཡིན།
8.病死生猪养殖环节无害化处理补助
补助标准80元/头,其中:中央、自治区、地(市)、县(区)分别承担60元、10元、5元、5元。
༨.ནད་ཀྱིས་ཤི་བའི་གསོས་ཕག་གནོད་མེད་ཅན་གྱི་ལྷུ་ཚིགས་སུ་ཐག་གཅོད་བྱེད་པའི་ཁ་གསབ་རོགས་དངུལ།
ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་ཕག་རེར་སྒོར80ཡིན་པ་དང་དེའི་ནང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ། (གྲོང་ཁྱེར)། རྫོང(ཆུས)བཅས་ཀྱིས་སོ་སོར་ཕག་རེར་སྒོར60དང་།  ཕག་རེར་སྒོར10དང་།  སྒོར5དང་།  སྒོར5བཅས་འགན་འཁུར་རྒྱུ།
9.农牧民食用碘盐补贴
实行农牧区销售的加碘盐政府统一售价,每公斤0.5元,每人每年食用量按5.5公斤售给。各地市县、乡(镇)人民政府逐级负责统计上报本辖区农牧民食用碘盐人数,经地市经济和信息化局审核报送,并由自治区经济和信息化厅下达配送任务指标,对农牧民食用碘盐的生产、运输、装卸、仓库租赁成本费用按实际发生额给予全额补贴;对其他管理、销售、损耗费用等按规定给予一定补贴。
༩.ཞིང་འབྲོག་མི་དམངས་ཀྱི་ཏེན་ཚྭའི་ཁ་གསབ།
ཞིང་འབྲོག་ཁུལ་དུ་ཕྱིར་འཚོང་བྱས་པའི་ཏེན་ཚྭ་སྲིད་གཞུང་གིས་གཅིག་གྱུར་ཐོག་འཚོང་བའི་རིན་གོང་ལག་ལེན་བསྟར་བ་དང་། སྤྱི་རྒྱ་རེར་སྒོར0.5ཡིན་པ་དང་། མི་རེར་ལོ་རེར་བཟའ་བྱའི་གྲངས་འབོར་སྤྱི་རྒྱ5.5ལྟར་འཚོང་གི་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་གི་རྫོང་དང་། ཤང་(གྲོང་བརྡལ)བཅས་སུ་མི་དམངས་སྲིད་གཞུང་གིས་རིམ་པ་ལྟར་རང་ཁོངས་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཏེན་ཚྭ་བཟའ་བའི་མི་གྲངས་རྩིས་ཞུ་བྱེད་འགན་འཁུར་རྒྱུ་དང་། ས་ཁུལ་དང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུད་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་སྡེབ་སྐྱེལ་ལས་འགན་གྱི་དམིགས་ཚད་སྤྲད་རྒྱུ། ཞིང་འབྲོག་མང་ཚོགས་ལ་ཏེན་ཚྭ་ཐོན་སྐྱེད་དང་། སྐྱེལ་འདྲེན། འདོན་འཇུག མཛོད་ཁང་བོགས་མར་གཏོང་ལེན་བཅས་ཀྱི་མ་གནས་གྲོན་དངུལ་དེ་དོན་དངོས་སུ་བྱུང་བའི་གྲངས་འབོར་ལྟར་ཆ་ཚང་ཁ་གསབ་བྱ་དགོས། གཞན་གྱི་དོ་དམ་དང་ཕྱིར་འཚོང་།  ཟད་གྲོན་སོགས་འཆར་གཞི་ལྟར་ཁ་གསབ་ངེས་ཅན་སྤྲོད་རྒྱུ།
10.农用化肥价差费用补贴
自治区切块下达农用化肥差价补贴资金1000万元,除去自治区切块下达资金和群众固定承担资金外,不足部分由市、县(区)两级财政各承担50%。
2023年采购费用共计3570.39万元,自治区承担1000万元、群众固定承担1060.15万元、市级承担755.12万元、县(区)级承担755.12万元。
༡༠.ཞིང་སྤྱོད་རྫས་ལུད་ཀྱི་རིན་ཁྱད་གྲོན་དངུལ་གྱི་ཁ་གསབ།
རང་སྐྱོང་ལྗོངས་ཀྱིས་ཞིང་སྤྱོད་རྫས་ལུད་ཀྱི་རིན་ཁྱད་ཁ་གསབ་མ་དངུལ་དུམ་བུར་གཏུབ་ནས་སྒོར་ཁྲི་1000སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་དུམ་བུར་གཏུབ་ནས་སྤྲོད་པའི་མ་དངུལ་དང་མང་ཚོགས་ཀྱིས་གཏན་འཇགས་འགན་འཁུར་མ་དངུལ་ཕུད།  མ་འདང་བའི་ཆ་དེར་གྲོང་ཁྱེར་དང་རྫོང་(ཆུས་)རིམ་པ་གཉིས་ནོར་སྲིད་ཀྱིས་ཁག་སོ་སོས50%འགན་འཁུར་རྒྱུ།
2023ལོའི་ཉོ་སྒྲུབ་འགྲོ་གྲོན་ཁྱོན་བསྡོམས་སྒོར་ཁྲི་3570.39ཟིན་པ་དང་། རང་སྐྱོང་ལྗོངས་ཀྱིས་སྒོར་ཁྲི་1000དང་། མང་ཚོགས་ཀྱིས་གཏན་འཇགས་འགན་འཁུར་གྱིས་སྒོར་ཁྲི་1060.15དང་། གྲོང་ཁྱེར་རིམ་པའི་འགན་ཁྲི་755.12དང་། རྫོང་(ཆུས་)རིམ་པས་སྒོར་ཁྲི755.12འགན་འཁུར་རྒྱུ།
11.民间艺术团补贴费
自治区财政对县(区)民间艺术团每团每年场次补贴60万元,地(市)财政每团每年场次补贴50万元,县(区)财政每团每年场次补贴40万元,演满60场公益性演出的足额发放场次补贴。
༡༡.དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་གྲོན་དངུལ།
རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རྫོང་(ཆུས་)དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རེར་ལོ་རེའི་འཁྲབ་ཐེངས་རེར་ཁ་གསབ་སྒོར་ཁྲི60དང་། ས་གནས(གྲོང་ཁྱེར)ནོར་སྲིད་ཀྱིས་ཚོགས་པ་རེ་རེའི་ལོ་རེའི་འཁྲབ་ཐེངས་རེར་སྒོར་ཁྲི་50རེ་ཁ་གསབ་བྱེད་རྒྱུ་དང་། རྫོང་(ཆུས)ནོར་སྲིད་ཀྱིས་ཚོགས་པ་རེར་ལོ་རེར་འཁྲབ་ཐེངས་རེར་ཁ་གསབ་སྒོར་ཁྲི་40 སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཐེངས་གྲངས60ལོངས་བར་ཐེངས་གྲངས་འདང་ངེས་ཀྱི་ཁ་གསབ་སྤྲོད་དགོས།
12. 免费教育补助政策
15年义务教育全免。全体在校生享受本政策,无需申请,免收学费、杂费、免费提供教科书,现具体补助标准:学前农牧区380元、学前城镇3600元、小学260元、初中380元、示范高中1840元、普通高中1240元、中职3300元、特殊教育6000元。政策资金纳入学校统一使用管理。
༡༢. སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས།
ལོ15ཡི་འོས་འགན་སློབ་གསོའི་སློབ་ཡོན་རྩ་ཆག་བཏང་བ་རེད། སློབ་གྲྭར་ཡོད་པའི་སློབ་མ་ཡོངས་ལ་སྲིད་ཇུས་འདི་ལོངས་སུ་སྤྱོད་རྒྱུའི་རེ་འདུན་ཞུ་མི་དགོས་པ་དང་། སློབ་ཡོན་མི་ལེན་པ། འགྲོ་གྲོན་རྩག་རྩིག་མི་དགོས་པར་སློབ་དེབ་འདོན་སྤྲོད་བྱེད་པ། ད་ལྟ་ཞིབ་ཕྲའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི། སློབ་ཞུགས་གོང་གི་ཞིང་འབྲོག་ཁུལ་ལ་སྒོར380དང་། སློབ་ཞུགས་གོང་གི་གྲོང་བརྡལ་ལ་སྒོར་3600དང་། སློབ་ཆུང་སྒོར260དང་། དམའ་འབྲིང་སྒོར་380 དཔེ་སྟོན་སློབ་འབྲིང་སྒོར1840  མཐོ་རིམ་སློབ་འབྲིང་དཀྱུས་མར་སྒོར1240དང་། འབྲིང་རིམ་ལས་རིགས་ལ་སྒོར་3300དང་། དམིགས་བསལ་སློབ་གསོར་སྒོར་6000བཅས་ཡིན། སྲིད་ཇུས་ཀྱི་མ་དངུལ་དེ་སློབ་གྲྭས་གཅིག་གྱུར་གྱིས་བཀོལ་སྤྱོད་དང་དོ་དམ་བྱ་རྒྱུ།
13.农牧民子女学前教育补贴及义务教育“三包”政策
春季年生均补助标准为:学前教育阶段二类区3840元、三类区3940元、四类区4040元;小学阶段二类区4340元、三类区4440元、四类区4540元;初中阶段二类区4340元、三类区4440元、四类区4540元;高中教育阶段二类区4840元;中职阶段二类区4840元。
秋季年生均补助标准为:学前教育阶段二类区3930元、三类区4030元、四类区4130元;小学阶段二类区4430元、三类区4530元、四类区4630元;初中阶段二类区4430元、三类区4530元、四类区4630元;高中教育阶段二类区4930元;中职阶段二类区4930元。
特殊教育(含随班就读)6000元。
༡༣.ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་ཞུགས་གོང་གི་སློབ་གསོའི་ཁ་གསབ་དང་འོས་འགན་སློབ་གསོའི"འགན་ལེན་གསུམ་"གྱི་སྲིད་ཇུས།
དཔྱིད་དུས་སུ་ལོ་རེར་སློབ་མ་རེར་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི།  སློབ་ཞུགས་གོང་གི་སློབ་གསོའི་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར3840དང་རིགས་གསུམ་པའི་ཁུལ་དུ་སྒོར3940དང་། རིགས་བཞི་པའི་སྒོར4040བཅས་ཡིན།  སློབ་ཆུང་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར4340དང་།  རིགས་གསུམ་པའི་ཁུལ་དུ་སྒོར4440དང་།  རིགས་བཞི་པའི་ཁུལ་ལ་སྒོར4540ཡིན།  དམའ་རིམ་སློབ་འབྲིང་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར4340དང་རིགས་གསུམ་པའི་ཁུལ་དུ་སྒོར4440དང་།  རིགས་བཞི་པའི་ཁུལ་ལ་སྒོར4540བཅས་ཡིན།  མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར4840ཡིན།  འབྲིང་རིམ་ལས་རིགས་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར4840ཡོད་པ་དང་།
སྟོན་དུས་ཀྱི་ལོ་རེའི་སློབ་མ་རེར་ཆ་སྙོམས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ནི་སློབ་ཞུགས་གོང་གི་སློབ་གསོའི་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར3930དང་།  རིགས་གསུམ་པའི་ཁུལ་དུ་སྒོར4030དང་། རིགས་བཞི་པའི་ཁུལ་དུ་སྒོར4130ཡོད།  སློབ་ཆུང་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར4430དང་རིགས་གསུམ་པའི་ཁུལ་དུ་སྒོར་4530དང་།  རིགས་བཞི་བའི་ཁུལ་དུ་སྒོར4630བཅས་ཡིན།  དམའ་རིམ་སློབ་འབྲིང་དུས་རིམ་གྱི་རིགས་གཉིས་པའི་ཁུལ་གཉིས་པར་སྒོར4430དང་།  རིགས་གསུམ་པའི་ཁུལ་ལ་སྒོར་4530དང་། རིགས་བཞི་པའི་ཁུལ་ལ་སྒོར4630བཅས་ཡིན།  མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་རིམ་གྱི་རིགས་གཉིས་པའི་ཁུལ་དུ་སྒོར4930ཡིན། འབྲིང་རིམ་ལས་རིགས་དུས་སྐབས་སུ་རིགས་གཉིས་པའི་ཁུལ་ལ་སྒོར་4930ཟིན་ཡོད། དམིགས་བསལ་སློབ་གསོ(འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་པ་ཚུད)སྒོར6000ཡོད།
14.高校毕业生学费补偿和国家助学贷款代偿政策
符合条件的非部属高校当年毕业当年就业的大学应届毕业生,在3年服务期满后2年内自愿申请,每年4月30日前向县教育局申请。2023年度申报对象为2018、2019届非中央部属高校当年毕业当年乡镇基层就业乡村振兴专干、特定范围医疗机构就业、企业就业、自主创业工作满3年等人员学费或在校期间的国家助学贷款(含本金及利息)由自治区补偿或代偿。本专科最高8000元,研究生最高12000元。
༡༤..མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་རོགས་རམ་དངུལ་བུན་གྱི་ཚབ་འཇལ་སྲིད་ཇུས།
ཆ་རྐྱེན་དང་མཐུན་ཡང་པུའུ་རིམ་པའི་ཁོངས་གཏོགས་མིན་པའི་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་ལོ་དེར་སློབ་གྲྭ་ནས་ཐོན་པ་དང་སྐབས་དེར་ལས་ཞུགས་བྱས་པའི་སློབ་ཆེན་སློབ་མ་དེར།   ལོ་3་གྱི་ཞབས་ཞུའི་དུས་ཡུན་ཐིམ་རྗེས་ཀྱི་ལོ་2ནང་ཚུད་དུ་རང་མོས་ཀྱིས་རེ་འདུན་ཞུ་ཆོག་པ་དང་།  ལོ་རེའི་ཟླ་4ཚེས་30ཉིན་གྱི་སྔོན་ལ་རྫོང་སློབ་གསོ་ཅུད་དུ་རེ་ཞུ་འབུལ་དགོས།  2023ལོར་ཡིག་ཐོག་སྙན་ཞུ་བྱ་ཡུལ་ནི་2018ལོ་དང་2019ལོའི་ཀྲུང་དབྱང་པུའུ་ཡི་མཐོ་རིམ་སློབ་གྲྭ་ནས་ཐོན་པ་མིན་པ་དང་ལོ་དེར་ཤང་དང་གྲོང་རྡལ་གཞི་རིམ་དུ་ལས་ཞུགས་བྱས་པ་དང་ཤང་གྲོང་དར་རྒྱས་ཆེད་ལས་ལས་སྒྲུབ་པ་དང་།  དམིགས་བསལ་དུ་གཏན་འཁེལ་བཟོས་པའི་ཁྱབ་ཁུངས་ནང་གི་སྨན་བཅོས་ལས་ཁུངས་དང་།  ཁེ་ལས་སུ་ལས་ཞུགས་བྱས་མཁན།   རང་བདག་ལས་གཏོད་ཀྱི་ལས་ཞུགས་བྱས་ནས་ལོ་3སོང་བ་སོགས་ཀྱི་མི་སྣའི་སློབ་ཡོན་དང་ཡང་ན་སློབ་གྲྭར་ཡོད་རིང་གི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་(མ་དངུལ་དང་སྐྱེད་ཀ་འདུས་)རང་སྐྱོང་ལྗོངས་ཀྱིས་སྐྱིན་ཚབ་སྤྲོད་རྒྱུའམ་ཡང་ན་ཚབ་འཇལ་བྱ་རྒྱུ།  ཆེད་སྦྱོང་ཚན་ཁག་དང་དངོས་སྦྱོང་ཚན་ཁག་གི་ཆེས་མཐོ་བའི་སྒོར་8000ཡིན་པ་དང་།  ཞིབ་འཇུག་སློབ་མའི་ཆེས་མཐོ་བའི་སྒོར12000ཡིན།
15.城乡居民基本医疗保险
根据《西藏自治区人民政府关于印发<西藏自治区城乡居民基本医疗保险自治区级统筹实施意见(试行)>的通知》(藏政发〔2023〕13号),城乡居民基本医疗保险实行全区统一的住院、门诊和其他保障待遇政策。城乡居民基本医疗保险在集中征缴期参保缴费的,于次年1月1日至12月31 日享受城乡居民医疗保障待遇。
参保范围:具有我区户籍且未参加职工基本医疗保险的人员在户籍地参保,在我区就学的区外户籍各类全日制大中专在校学生,取得我区居住证且未参加基本医疗保险的区外户籍人员以及取得永久居留身份证且未参加基本医疗保险的外籍人员在居住地参保,在我区依法登记的宗教活动场所在编教职人员在寺庙所在地参保。参保人员不得跨制度、跨统筹地区重复参保和重复享受待遇。
筹资机制:实行个人缴费与政府补助相结合的筹资机制。全区执行统一的城乡居民基本医疗保险个人缴费标准和财政补助标准。个人缴费部门由城乡居民基本医疗保险参保人员自愿选择高、低两个档次标准之一进行参保缴费。个人缴费标准按照国家和自治区规定每年进行动态调整,并逐步过渡到一个缴费档次。2023年度个人缴费标准分为160元和350元两档,缴费档次越高报销比例越高。
建立“长缴多报”机制,参保人员在藏参加城乡居民基本医疗保险起连续不间断缴满10年及以上的,自缴满当年起住院和门诊特殊病基本医疗保险待遇在其选择的缴费档次待遇基础上提高3%。参保期间中断缴费的,不享受待遇提高政策,从再次参保缴费起重新计算连续缴费年限。医疗救助对象、女年满60周岁和男年满65周岁参保居民及边境一线群众、爱国守法先进僧尼等特殊群体参加城乡居民基本医疗保险个人缴费部分,按现行政策执行。1.城乡特困救助供养对象、孤儿、重度残疾人、6065人员由政府按最高档次全额代缴,个人不缴费。2.低保救助对象、农村返贫致贫人口、脱贫不稳定户、突发严重困难户、边缘易致贫户、低保边缘对象、困难职工、其他特殊困难人员(县级及以上政府认定)个人缴纳35元(2023年),其余部分由医疗救助资金代缴。3.获得自治区级先进僧尼称号的僧尼由政府按最高档次全额代缴,个人不缴费;获得市级先进僧尼称号的僧尼个人缴费标准80元或175元(2023年),获得县级先进僧尼称号的僧尼个人缴费标准120元或262.5元(2023年)。
(1)住院保障。城乡居民参保人员住院费用统筹基金年度最高 支付限额为6万元。二级及以下、三级定点医疗机构住院费用统筹基金起付标准分别为200元、400元,年度内第二次、第三次及之后住院的,分别按照首次住院起付标准的70%、50%执行。对于同一种疾病在定点医疗机构住院治疗后,出院15天内双向转诊再次住院的,不再设立住院起付标准。在我区二级及以下定点医疗机构住院产生的合规医疗费用,按高、低两种缴费档次由统筹基金分别按90%、65%比例支付;在我区三级定点医疗机构住院产生的合规医疗费用,按高、低两种缴费档次由统筹基金分别按85%、60%比例支付。
(2)门诊保障。保留各地(市)已确定的32种门诊特殊病病种,不设起付标准,产生的合规医疗费用,按高、低两种缴费档次由统筹基金分别按90%、60%比例支付,年度统筹基金最高支付限额与住院医疗费用合并计算;普通门诊起付标准为年度累计50元,产生的合规医疗费用由统筹基金按60%比例支付,年度统筹基金最高支付限额为300元,不计入住院和门诊特殊病年度最高支付限额;城乡居民参保人员高血压、糖尿病门诊用药保障待遇按照相关规定执行,不计入住院和门诊特殊病年度最高支付限额。
(3)其他保障。城乡居民参保人员因住院或认定门诊特殊病前7天符合规定的门诊检查、治疗费用,纳入住院或者门诊特殊病费用由统筹基金报销。产生的跨年度(含自治区级统筹前后)医疗费用依据费用发生当时的政策给予报销,对跨年度的医疗费用不再设立住院起付标准。
(4)当年出生的新生儿实施“落地参保”政策,参保缴费后自出生之日起开始按规定享受当年度城乡居民基本医疗保险待遇。新生儿出生后一周岁以内跨年度参保,且办理当年和次年城乡居民基本医疗保险参保手续并缴纳出生当年和次年基本医疗保险费的,自出生之日起按规定享受当年和次年城乡居民基本医疗保险待遇。
名词解释:起付标准是指参保人在享受医疗费用报销之前需要自己先行支付的费用额度。在起付标准以下的医疗费用,医疗保险统筹基金不予支付。
༡༥.གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ།
《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་<བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་ལག་བསྟར་བསམ་འཆར་(ཚོད་ལྟའི་ལག་བསྟར་)> སྐོར་གྱི་བརྡ་ཐོ་》(བོད་སྲིད་འགྲེམ་སྤེལ་)〔2023〕ཡིག་ཨང་13པ།) སྐོར་གྱི་འགྲེམ་སྤེལ་གཞིར་བཟུང་ནས།  གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ལྗོངས་ཡོངས་སུ་གཅིག་གྱུར་གྱིས་སྨན་ཁང་དུ་སྡོད་པ་དང་། སྒོ་བསྟེན་སྨན་ཁང་དང་འགན་སྲུང་ཐོབ་ཐང་གི་སྲིད་ཇུས་གཞན་དག་འགན་སྲུང་བྱེད་རྒྱུ་དང་།  གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་གཅིག་བསྡུས་ཀྱིས་འཇལ་བའི་དུས་ཡུན་ནང་འགན་བཅོལ་དུ་ཞུགས་ནས་གྲོན་དངུལ་འཇལ་སྤྲོད་བྱས་རིགས།  ཕྱི་ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་གྲོང་ཁྱེར་དང་ཤང་གི་གྲོང་མིའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱོད་ཆོག
འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས།  རང་ལྗོངས་ཀྱི་ཐེམ་ཐོ་ཡིན་རུང་།  ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་མི་སྣ་ཐེམ་ཐོ་གནས་ཡུལ་དུ་འགན་བཅོལ་ནང་ཞུགས་པ་དང་།  རང་ལྗོངས་སུ་སློབ་ཞུགས་བྱེད་པའི་ལྗོངས་ཕྱིའི་ཐེམ་ཐོའི་རིགས་ཁག་གི་ཉིན་གང་ལམ་ལུགས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་དང་།  རང་ལྗོངས་ཀྱི་གནས་སྡོད་ལག་ཁྱེར་ཐོབ་རུང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་ལྗོངས་ཕྱིའི་ཐེམ་ཐོ་ཡིན་པའི་མི་སྣ་དང་དེ་བཞིན་གཏན་ཡུན་བཅའ་སྡོད་ཐོབ་ཐང་ལག་ཁྱེར་ཐོབ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མི་སྣ་གནས་སྡོད་ཁུལ་དུ་འགན་བཅོལ་ནང་ཞུགས་པ་དང་།  རང་ལྗོངས་སུ་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་སྒྲིག་ཁོངས་ནང་ཡོད་པའི་ཆོས་ལུགས་མི་སྣ་རྣམས་དགོན་སྡེ་གནས་ཡུལ་དུ་འགན་བཅོལ་ནང་ཞུགས་དགོས་པ་དང་།  འགན་བཅོལ་ནང་ཞུགས་མཁན་དེ་ལམ་ལུགས་དང་གཅིག་གྱུར་འཆར་འགོད་ཀྱི་ས་ཁུལ་ལས་བརྒལ་མི་ཆོག་པ་དང་།  འགན་བཅོལ་ནང་ཞུགས་རྒྱུ་དང་ཐོབ་ཐང་བསྐྱར་དུ་ལོངས་སྤྱོད་བྱེད་མི་ཆོག
མ་དངུལ་གྲབས་གསོག་ལམ་སྲོལ། སྒེར་གྱིས་གྲོན་དངུལ་སྤྲོད་པ་དང་སྲིད་གཞུང་གི་ཁ་གསབ་ཟུང་འབྲེལ་བྱེད་པའི་མ་དངུལ་གྲབས་གསོག་ལམ་སྲོལ་ལག་བསྟར་བྱས་ཏེ།  ལྗོངས་ཡོངས་སུ་གཅིག་གྱུར་ཐོག་ནས་གྲོང་ཁྱེར་དང་ཤང་གྲོང་རྡལ་སྡོད་མངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་མི་སྒེར་གྱིས་གྲོན་དངུལ་སྤྲོད་པའི་ཚད་གཞི་དང་ནོར་སྲིད་ཀྱིས་གྲོན་དངུལ་སྤྲོད་པའི་ཚད་གཞི་ལག་བསྟར་བྱེད་རྒྱུ།  སྒེར་གྱི་འཇལ་སྤྲོད་བྱེད་པའི་གྲོན་དངུལ་གྱི་ཆ་ཤས་དེ་ནི་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ཀྱིས་རིམ་པ་མཐོ་བ་དང་དམའ་བ་གཉིས་ཀྱི་ཚད་གཞི་ལས་གཅིག་བདམས་ཏེ་འགན་བཅོལ་ནང་ཞུགས་ཆོག་པ་དང་།  མི་སྒེར་གྱིས་གྲོན་དངུལ་སྤྲོད་པའི་ཚད་གཞི་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལྟར་འགུལ་རྣམ་ཐོག་ལེགས་སྒྲིག་བྱ་རྒྱུ་དང་འབྲེལ་རིམ་བཞིན་དངུལ་སྤྲོད་རིམ་པ་ཞིག་ཏུ་བར་བརྒལ་བྱ་དགོས།   2023ལོར་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་དེ་སྒོར160དང་སྒོར350རིམ་པ་གཉིས་སུ་དབྱེས་ཡོད།  གྲོན་དངུལ་སྤྲོད་པའི་རིམ་པ་ཇི་ཙམ་མཐོ་ན་རྩིས་ཞུ་བྱེད་པའི་བསྡུར་ཚད་དེ་ཙམ་གྱིས་མཐོ་བ་ཡིན།
"རྒྱུན་སྤྲོད་མང་རྩིས་"ལམ་སྲོལ་བཙུགས་ཏེ།  འགན་བཅོལ་ནང་ཞུགས་མཁན་གྱིས་བོད་ཁུལ་དུ་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་བསྟུད་མར་ལོ10ཡན་ཆད་འཇལ་སྤྲོད་བྱས་པ་ཡིན་ན།  ལོ་དེ་ནས་བཟུང་སྨན་ཁང་དུ་བསྡད་པ་དང་སྒོ་བསྟེན་སྨན་ཁང་དུ་བསྡད་པའི་དམིགས་བསལ་ནད་གཞིའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་དེ་བདམས་པའི་གྲོན་དངུལ་སྤྲོད་པའི་རིམ་པའི་ཐོབ་ཐང་གི་རྨང་གཞིའི་ཐོག3%འཕར་སྣོན་བྱ་རྒྱུ་དང་།  འགན་བཅོལ་ནང་ཞུགས་རིང་གྲོན་དངུལ་སྤྲོད་མཚམས་ཆད་པ་ཡིན་ན།  ཐོབ་ཐང་མཐོ་རུ་གཏོང་བའི་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་མེད་ལ།  ཡང་བསྐྱར་འགན་བཅོལ་དུ་ཞུགས་པའི་གྲོན་དངུལ་སྤྲོད་པ་ནས་བཟུང་བསྟུད་མར་དངུལ་སྤྲོད་པའི་ལོ་ཚད་བསྐྱར་དུ་བརྩི་རྒྱུ།  སྨན་བཅོས་རོགས་སྐྱོབ་བྱ་ཡུལ།  བུད་མེད་ལོ60ལ་སོན་པ།  སྐྱེས་པ་ལོ་ན65ལ་སོན་པ་བཅས་འགན་བཅོལ་ནང་ཞུགས་མཁན་ཡུལ་མི་དང་དེ་བཞིན་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་མང་ཚོགས།  རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་སོགས་དམིགས་བསལ་ཚོགས་སྤྱི་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱིས་དངུལ་སྤྲོད་པའི་ཆ་ཤས་དེ་ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ལྟར་ལག་བསྟར་བྱ་རྒྱུ།  1.གྲོང་ཁྱེར་དང་ཤང་གི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བྱ་ཡུལ་དང་། དྭ་ཕྲུག  དབང་པོ་སྐྱོན་ཅན་མི་སྣ   6065བཅས་ལ་སྲིད་གཞུང་གིས་རིམ་པ་མཐོ་ཤོས་ལྟར་ཚབ་འཇལ་བྱ་རྒྱུ་དང་མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས།  2.མ་མཐའི་འཚོ་བ་འགན་སྲུང་གི་རོགས་སྐྱོབ་བྱ་ཡུལ་དང་།  གྲོང་གསེབ་ཀྱི་དབུལ་པོར་བསྐྱར་ལོག་མི་འབོར།  དབུལ་སྒྲོལ་བརྟན་པོ་མིན་པའི་དུད་ཚང་།  གློ་བུར་དུ་དཀའ་ངལ་ཚབས་ཆེན་བྱུང་བའི་དུད་ཚང།  མཐའ་ཁུལ་གྱི་དབུལ་ཕོངས་ཆགས་སླ་བའི་ཁྱིམ་དུད་དང་།  མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་སྐོར་དུ་གནས་མཁན། དཀའ་ངལ་ཡོད་པའི་ལས་བཟོ་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཞན་དག (རྫོང་རིམ་པ་དང་དེ་ཡན་གྱི་སྲིད་གཞུང་གིས་ངོས་འཛིན་བྱས་པ)མི་སྒེར་གྱིས་སྒོར35(2023ལོ་)སྤྲོད་དགོས། དེ་བྱིངས་ཀྱི་ཆ་ཤས་རྣམས་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱིས་ཚབ་འཇལ་བྱ་དགོས།  3.རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲྭ་བཙུན་གྱི་མཚན་སྙན་ཐོབ་པའི་གྲྭ་བཙུན་དེར་སྲིད་གཞུང་གིས་རིམ་པ་མཐོ་ཤོས་ལྟར་ཚབ་འཇལ་བྱ་རྒྱུ་དང་།  མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས།  གྲོང་ཁྱེར་རིམ་པའི་སྔོན་ཐོན་གྲྭ་བཙུན་གྱི་མཚན་སྙན་ཐོབ་པའི་གྲྭ་བཙུན་མི་སྒེར་གྱིས་དངུལ་སྤྲོད་ཚད་གཞི་སྒོར་80དང་ཡང་ན་སྒོར175(2023ལོ་)ཡིན་ཞིང་། རྫོང་རིམ་པའི་སྔོན་ཐོན་གྲྭ་བཙུན་གྱི་མཚན་སྙན་ཐོབ་པའི་གྲྭ་བཙུན་མི་སྒེར་གྱིས་དངུལ་སྤྲོད་ཚད་གཞི་སྒོར120འམ་ཡང་ན་སྒོར262.5(2023ལོ)བཅས་ཡིན།
(1) སྨན་ཁང་དུ་སྡོད་པར་འགན་སྲུང་། གྲོང་ཁྱེར་དང་ཤང་གི་གྲོང་མི་འགན་བཅོལ་ནང་ཞུགས་མཁན་སྨན་ཁང་དུ་སྡོད་པའི་གྲོན་དངུལ་གཅིག་གྱུར་འཆར་འགོད་ཐེབས་རྩའི་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་ཁྲི6ཡིན། རིམ་པ་གཉིས་པ་པའམ་དེའི་མན་ཆད། རིམ་པ་གསུམ་པའི་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱི་སྨན་ཁང་དུ་སྡོད་པའི་གྲོན་དངུལ་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཚད་གཞི་སོ་སོ་སྒོར་200དང་400ཡིན། ལོ་འཁོར་གཅིག་ནང་ཐེངས་གཉིས་པ་དང་། ཐེངས་གསུམ་པ་ཡང་ན་དེའི་རྗེས་སུ་སྨན་ཁང་དུ་བསྡད་ན་སྨན་ཁང་དུ་ཐེངས་དང་པོར་བསྡད་ནས་སྤྲད་པའི་ཚད་གཞིའི70%དང་50%ལྟར་ལག་བསྟར་བྱ་རྒྱུ། ནད་རིགས་གཅིག་པ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་རྗེས། སྨན་ཁང་ནས་ཕྱིར་བུད་ནས་ཉིན་15ཡི་ནང་ཚུན་དུ་ཕྱོགས་གཉིས་ནས་སྨན་བཅས་བརྗེ་སྤོར་བྱས་ཏེ་ཡང་བསྐྱར་སྨན་ཁང་དུ་བསྡད་པར་བསྐྱར་དུ་སྨན་ཁང་དུ་སྡོད་རྒྱུའི་ཚད་གཞི་འཛུགས་མི་དགོས། རང་ལྗོངས་ཀྱི་རིམ་པ་གཉིས་པ་དང་དེ་མན་ཆད་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པར་སྨན་ཁང་དུ་སྡོད་སྐབས་ཐོན་པའི་ལུགས་མཐུན་གྱི་སྨན་བཅོས་འགྲོ་གྲོན་དང་། མཐོ་དམའ་ལ་གཞིགས་ནས་གྲོན་དངུལ་འཇལ་བའི་གདང་རིམ་གཉིས་ནི་གཅིག་གྱུར་ཐེབས་རྩའི་ཁག་སོ་སོར་90%དང་65%ཡི་བསྡུར་ཚད་ལྟར་གཏོང་སྤྲོད་བྱེད་རྒྱུ་སྟེ།  རང་ལྗོངས་ཀྱི་རིམ་གསུམ་གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པར་སྨན་ཁང་དུ་སྡོད་རིང་ཐོན་པའི་ལུགས་མཐུན་གྱི་སྨན་བཅོས་འགྲོ་གྲོན་དེ་མཐོ་བ་དང་དམའ་ཤོས་རིགས་གཉིས་ཀྱི་གདང་རིམ་ནི་གཅིག་གྱུར་ཐེབས་རྩའི་ཁག་སོ་སོར་85%དང་60%ཡི་བསྡུར་ཚད་ལྟར་གཏོང་སྤྲོད་།
(2)སྒོ་བསྟེན་སྨན་ཁང་གི་འགན་སྲུང་། ས་གནས་ཁག་(གྲོང་ཁྱེར)གིས་གཏན་འཁེལ་བྱས་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་32དེ་སོར་འཇོག་བྱེད་རྒྱུ་དང་གཏོང་སྤྲོད་ཚད་གཞི་མི་འཛུགས་རྒྱུ། ཚད་མཐུན་གྱི་སྨན་བཅོས་འགྲོ་གྲོན་དེ་མཐོ་དམའ་རིགས་གཉིས་ཀྱི་གདང་རིམ་ནི་གཅིག་གྱུར་ཐེབས་རྩའི་ཁག་སོ་སོར་གྲོན་དངུལ་གྱི་རིམ་པ་ལྟར90%དང60%བསྡུར་ཚད་ལྟར་སྤྲོད་རྒྱུ། ལོ་འཁོར་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་དང་ཟླ་སྒྲིལ་བྱས་ཏེ་རྩིས་རྒྱག་རྒྱུ། སྒོ་བསྟེན་སྨན་ཁང་དཀྱུས་མའི་གཏོང་སྤྲོད་ཚད་གཞི་དེ་ལོ་འཁོར་ལ་རིམ་རྩིས་བྱས་ན་སྒོར་50ཡིན་ཞིང་། ཚད་མཐུན་སྨན་བཅོས་འགྲོ་གྲོན་དེ་གཅིག་གྱུར་འཆར་འགོད་ཐེབས་རྩས60%ཡི་བསྡུར་ཚད་ལྟར་གཏོང་སྤྲོད་བྱ་རྒྱུ། ལོ་འཁོར་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར300ཡིན་པ་དང་། སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་དུ་བསྡད་པའི་དམིགས་བསལ་ནད་གཞིའི་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་མི་ཚུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་མི་སྣའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་སྒོ་བསྟེན་སྨན་བཅོས་འགན་སྲུང་གི་ཐོབ་ཐང་དེ་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ། སྒོ་བསྟེན་སྨན་ཁང་དུ་བསྡད་པའི་དམིགས་བསལ་ནད་གཞིའི་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་མི་ཚུད།
(3)འགན་སྲུང་གཞན་དག། གྲོང་ཁྱེར་དང་ཤང་གི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་སྨན་ཁང་དུ་བསྡད་པའམ་ཡང་ན་སྒོ་བསྟེན་སྨན་ཁང་དུ་བསྡད་དེ་དམིགས་བསལ་ནད་གཏན་ཁེལ་མ་བྱས་གོང་གི་ཉིན7གྱི་ནང་ཚད་མཐུན་གྱི་སྒོ་བསྟེན་སྨན་ཁང་དུ་བསྡད་དེ་བརྟག་དཔྱད་དང་སྨན་བཅོས་འགྲོ་གྲོན། སྨན་ཁང་དུ་སྡོད་པའམ་ཡང་ན་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་བརྟག་གྲོན་དངུལ་དེ་གཅིག་གྱུར་འཆར་འགོད་ཐེབས་འཇལ་ཚབ་བྱེད་རྒྱུ། ལོ་དེ་ལས་བརྒལ་བའི་(རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་སྔ་ཕྱི་ཚུད་)སྨན་བཅོས་འགྲོ་གྲོན་དེ་སྐབས་དེའི་སྲིད་ཇུས་ལ་གཞིགས་ནས་རྩིས་ཞུ་བྱས་པ་དང་། ལོ་དེ་ལས་བརྒལ་བའི་སྨན་བཅོས་འགྲོ་གྲོན་ཡང་བསྐྱར་སྨན་ཁང་དུ་སྡོད་པའི་ཚད་གཞི་མི་འཛུགས།
(4) ལོ་དེའི་ཕྲུ་གུ་གསར་སྐྱེས"འགན་བཅོལ་ནང་ཞུགས་པའི"སྲིད་ཇུས་ལག་བསྟར་བྱས་པ་དང་། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲད་རྗེས་སྐྱེས་པའི་ཉིན་ནས་བཟུང་གཏན་འབེབས་ལྟར་ལོ་དེའི་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།  ཕྲུ་གུ་བཙས་རྗེས་བྱིས་པ་ལོ་གཅིག་ནང་ཚུན་དུ་ལོ་བརྒལ་ནས་འགན་བཅོལ་ནང་ཞུགས་པ་མ་ཟད།  ལོ་དེའི་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་འགྲོ་ལུགས་སྒྲུབ་པ་དང་སྦྲེལ་ལོ་དེ་དང་ལོ་རྗེས་མའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཡང་སྤྲོད་པར།  ཕྲུ་གུ་སྐྱེས་པའི་ཉིན་ནས་བཟུང་གཏན་འབེབས་ལྟར་ལོ་དེ་དང་ལོ་རྗེས་མའི་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱད་ཆོག
མིང་ཚིག་འགྲེལ་བཤད། གཏོང་སྤྲོད་ཀྱི་ཚད་གཞི་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགྲོ་གྲོན་རྩིས་ཞུ་མ་བྱས་གོང་རང་ཉིད་ཀྱིས་སྔོན་ལ་གཏོང་སྤྲོད་བྱ་དགོས་པའི་འགྲོ་གྲོན་གྱི་གྲངས་ཚད་ལ་ཟེར། སྤྲོད་དགོས་པའི་ཚད་གཞི་མན་གྱི་སྨན་བཅོས་གྲོན་དངུལ་དེ་སྨན་བཅོས་ཉེན་འགོག་འགན་ལེན་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩ་ནས་གཏོང་སྤྲོད་མི་བྱེད།
16.城乡居民大病保险
城乡居民大病保险实行自治区级统筹。经基本医疗保险报销后,对符合大病保险赔付规定的医疗费用,按保险合同进行赔付,年度最高赔付限额为14万元。
༡༦.གྲོང་ཁྱེར་དང་ཤང་གི་གྲོང་མིའི་ནད་ལྕི་མོའི་འགན་བཅོལ།
གྲོང་ཁྱེར་དང་ཤང་གི་གྲོང་མིའི་ནད་ལྕི་མོ་འགན་བཅོལ་ལ་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་བྱ་རྒྱུ། གཞི་རྩའི་སྨན་བཅོས་འགན་བཅོལ་འགྲོ་སོང་རྩིས་ཞུ་བྱས་རྗེས། ནད་གཞི་ཆེ་རིགས་ཀྱི་ཉེན་འགོག་འགན་ལེན་གྱི་འཇལ་སྤྲོད་བྱ་རྒྱུའི་གཏན་འབེབས་དང་མཐུན་པའི་སྨན་བཅོས་གྲོན་དངུལ་དེ་ཉེན་འགོག་འགན་ལེན་གྱི་གན་རྒྱར་གཞིགས་ནས་སྐྱིན་ཚབ་སྤྲོད་རྒྱུ་དང་། ལོ་རེའི་སྐྱིན་ཚབ་འཇལ་གྲངས་ཚད་མཐོ་ཤོས་སྒོར་ཁྲི14ཡིན།
17.城乡居民暨在编僧尼健康体检
对我区城乡居民和在编僧尼开展免费体检经费,城乡居民健康基础体检最低标准100元/人,区市县5:3:2比例承担。在编僧尼200元/人,区市县1:2:1比例承担。
༡༧.གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་དམངས་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་བདེ་ཐང་ལུས་བཤེར།
རང་ལྗོངས་ཀྱི་གྲོང་ཁྱེར་དང་ཤང་གི་གྲོང་མི་དང་སྒྲིག་ཁོངས་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་གྲོན་དངུལ་གཏོང་བ་དང་། གྲོང་ཁྱེར་དང་ཤང་གི་གྲོང་མིའི་ལུས་ཁམས་བདེ་ཐང་ལ་བརྟག་བཤེར་བྱེད་པའི་ཚད་གཞི་དམའ་ཤོས་ནི་མི་རེ་སྒོར་100རེ་ཡིན། ལྗོངས་དང་གྲོང་ཁྱེར་རྫོང་སོ་སོས་5:3:2ཀྱི་བསྡུར་ཚད་ལྟར་འགན་འཁུར་དགོས། གྲྭ་བཙུན་ལ་སྒོར་200ཟིན་པ་དེ་ལྗོངས་དང་གྲོང་ཁྱེར་རྫོང་བཅས་ནས་1:2:1ཡི་བསྡུར་ཚད་ཀྱིས་འགན་འཁུར་རྒྱུ།
18.全区基层卫生人才能力提升
按照“合理、可持续、可实现”和总体推进,分步实施的原则,通过“线上视频教学”和“线下技能面授”结合,用5-10年的时间,持续提升基层医疗卫生人员服务水平,补齐基层医疗技术人员执业资格短板,切实培养一批“留得住、能战斗、带不走”的基层医疗技术人员。实施危重孕产妇和新生儿救治中心转会诊,形成协调管理,上下联动、应对有序、运转高效的救治网络,在促进区域布局更加科学,救治中心建设更加规范、兜底救治能力和服务质量逐步提升,保障救治服务的可及性和安全性方面发挥积极作用。
༡༨.ལྗོངས་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་ཤེས་ལྡན་མི་སྣའི་ནུས་པ་མཐོར་འདེགས་གཏོང་བ།
"ལུགས་དང་མཐུན་པ་དང་། རྒྱུན་མཐུད་ཐུབ་པ། མངོན་འགྱུར་ཐུབ་པ་"དང་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ། གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པའི་རྩ་དོན་གཞིར་བཟུང་ནས"དྲ་ཐོག་བརྙན་ལམ་གྱི་སློབ་ཁྲིད་"དང་"ཡུལ་དངོས་རྩལ་ནུས་སློབ་ཁྲིད"ཟུང་འབྲེལ་བྱས་ནས་ལོ་5ནས་10ཡི་རིང་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། གཞི་རིམ་གྱི་སྨན་བཅོས་ལག་རྩལ་མི་སྣའི་ལས་གཉེར་ཐོབ་ཐང་མི་འདང་སར་གསབ་སྣོན་བྱས་ནས"སྡོད་ཐུབ་པ་དང་། ལས་ཀ་སྒྲུབ་ཐུབ་པ། ཁྲིད་མི་ཐུབ་པ་"བཅས་ཀྱི་གཞི་རིམ་གྱི་སྨན་བཅོས་ལག་རྩལ་མི་སྣ་ཁག་གཅིག་གསོ་སྐྱོང་ཏན་ཏིག་བྱ་དགོས། ཉེན་ཚབ་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་གསར་སྐྱེས་སྨན་བཅོས་ལྟེ་གནས་སུ་བསྒྱུར་ནས་མཐུན་སྦྱོར་དོ་དམ་བྱས་ནས་གོང་འོག་མཉམ་འགུལ་དང་། གོ་རིམ་ལྡན་པ། འཁོར་སྐྱོད་ནུས་པ་ཆེ་བ་བཅས་ཀྱི་སྐྱོབ་བཅོས་དྲ་བ་ཆགས་པར་བྱེད་དགོས། ས་ཁོངས་ཀྱི་ཁྱབ་ཚུལ་སྔར་ལས་ཚན་རིག་དང་མཐུན་པ་དང་། སྨན་བཅོས་ལྟེ་གནས་འཛུགས་སྐྲུན་སྔར་ལས་ཚད་ལྡན་དང་། མཐའ་འཁྱོལ་སྨན་བཅོས་ཀྱི་ནུས་པ། ཞབས་ཞུའི་སྤུས་ཚད་བཅས་རིམ་བཞིན་མཐོ་རུ་བཏང་ནས་སྨན་བཅོས་ཞབས་ཞུའི་ཆོག་འཐུས་རང་བཞིན་དང་བདེ་འཇགས་འགན་སྲུང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།
19.城乡医疗救助
根据《昌都市深化医疗保障制度改革工作领导小组办公室关于印发<昌都市关于健全重特大疾病医疗保险和救助制度实施方案及实施细则>的通知》(昌医改办〔2023〕1号)精神,进一步增强困难群众和大病患者兜底性保障,防范因病返贫致贫风险。
救助对象类别。第一类救助对象为城乡特困救助供养对象。第二类救助对象为孤儿(含事实无人抚养儿童),一、二级重度残疾人。第三类救助对象为城乡最低生活保障家庭成员、返贫致贫人口。第四类救助对象为纳入防止返贫致贫监测范围的易返贫致贫人口(含脱贫不稳定户、边缘易致贫户、因病突发严重困难户),城乡困难低保边缘家庭成员,经工会部门认定的困难职工。第五类救助对象为不属于以上四类救助对象,但因高额医疗费用支出导致家庭基本生活出现严重困难的大病患者以及县(区)级以上地方人民政府规定的其他特殊困难人员。
救助标准。1.住院和门诊特殊病救助:救助对象政策范围内个人自付医疗费用,分别按第一类和第二类全额、第三类95%、第四类90%的比例给予救助。昌都市住院和门诊特殊病医疗救助共用年度救助限额,普通医疗救助年度限额15万元、重特大疾病医疗救助年度限额30万元。救助对象医疗费用经基本医保、大病保险、普通医疗救助(不设起付线)报销后的政策范围内个人自付费用达到全区上年度城乡居民人均可支配收入5%以上的,给予重特大疾病医疗救助。重特大疾病住院救助不限病种限制,按医疗费用进行保障。2.普通门诊救助:救助对象在定点医疗机构发生政策范围内的普通门诊治疗费用,经基本医保门诊统筹制度报销后,按第一和第二类全额、第三类95%、第四类90%的比例给予救助,年度最高救助限额500元。3.依申请救助:第五类救助对象因病致贫重病参保患者医疗费用经基本医保、大病保险支付后负担达到或超过其家庭上年度收入40%的,经民政部门按《西藏自治区申请救助居民家庭经济状况核对办法》对其家庭经济状况进行核对,出具核对报告后,前24个月内在定点医疗机构产生的自付医疗费用,在年度救助限额内按70%的比例予以救助。
༡༩.གྲོང་ཁྱེར་དང་ཤང་གི་སྨན་བཅོས་རོགས་སྐྱོབ།
《ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་དཔར་བའི་ཆབ་མདོ་གྲོང་ཁྱེར་གྱིས་ནད་གཞི་ཚབས་ཆེན་དང་དམིགས་བསལ་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་ལག་བསྟར་ཇུས་གཞི་དང་ལག་བསྟར་ཞིབ་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ་གཞིར་བཟུང་ནས། (ཆབ་སྲིད་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་གཞུང་ལས་ཁང་གི་〔2023〕ཡིག་ཨང་1པ) དགོངས་དོན་ལྟར། སྔར་ལས་ལྷག་པའི་སྒོ་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པའི་མཐའ་སྐྱོང་རང་བཞིན་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་གཞི་རྐྱེན་གྱིས་དབུལ་ཕོངས་སུ་འགྱུར་བའི་ཉེན་ཁ་འགོག་ཟོན་བྱེད་དགོས། སྐྱོབ་རོགས་བྱ་ཡུལ་གྱི་རིགས། རོགས་སྐྱོབ་བྱ་ཡུལ་རིགས་དང་པོ་ནི་གྲོང་ཁྱེར་དང་ཤང་གི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་ཡིན། སྐྱོབ་རོགས་བྱ་ཡུལ་རིགས་གཉིས་པ་ནི་དྭ་ཕྲུག་(དོན་དངོས་སུ་བྱིས་པ་གསོ་སྐྱོང་བྱེད་མཁན་མེད་པ་)དང་། རིམ་པ་དང་པོ་དང་། རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་ལྕི་རིགས་བཅས་ཡིན། སྐྱོབ་རོགས་བྱ་ཡུལ་རིགས་གསུམ་པ་ནི་གྲོང་ཁྱེར་དང་ཤང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་ཁོངས་མི་དང་དབུལ་པོར་འགྱུར་བའི་དབུལ་ཕོངས་མི་འབོར། རོགས་སྐྱོབ་བྱ་ཡུལ་རིགས་བཞི་པ་ནི་དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་བར་འགོག་ཟོན་ལྟ་ཞིབ་ཚད་ལེན་བྱེད་ཁོངས་སུ་བཅུག་པའི་དབུལ་ཕོངས་འགྱུར་སླ་བའི་དབུལ་ཕོངས་མི་འབོར་(དབུལ་སྒྲོལ་བརྟན་པོ་མིན་པའི་དུད་ཚང་དང་། མཐའ་མཚམས་དབུལ་ཕོངས་དུད་ཚང་དང་། དཀའ་ངལ་ཚབས་ཆེན་བྱུང་བའི་ཁྱིམ་ཚང་།) རོགས་སྐྱོབ་བྱ་ཡུལ་རིགས་ལྔ་པ་ནི་གོང་གསལ་གྱི་རོགས་སྐྱོབ་བྱ་ཡུལ་རིགས་བཞིའི་ཁོངས་སུ་མི་གཏོགས་མོད། འོན་ཀྱང་སྨན་བཅོས་འགྲོ་གྲོན་མང་བའི་རྐྱེན་གྱིས་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་བྱུང་བའི་ནད་པ་དང་རྫོང་(ཆུས་)རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དམིགས་གསལ་དཀའ་ངལ་ཅན་གཞན་དག་བཅས་ཡིན།
རོགས་སྐྱོར་ཀྱི་ཚད་གཞི་ནི། 1.སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པའི་དམིགས་བསལ་ནད་བརྟག་གི་ལ་རོགས་སྐྱོར། རོགས་སྐྱོར་བྱ་ཡུལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་མི་སྒེར་གྱིས་རང་གིས་སྨན་བཅོས་གྲོན་དངུལ་སྤྲད་པ་དང་། ཁག་སོ་སོར་རིགས་དང་པོ་དང་རིགས་གཉིས་པ་ཆ་ཚང་དང་། རིགས་གསུམ་པ་95%དང་རིགས་བཞི་པའི90%ཡི་བསྡུར་ཚད་ལྟར་རོགས་སྐྱོར་བྱེད་རྒྱུ། ཆབ་མདོ་གྲོང་ཁྱེར་དུ་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་ནད་བརྟག་སྨན་བཅོས་ཀྱི་དམིགས་བསལ་སྨན་བཅོས་རོགས་སྐྱོབ་བྱེད་པར་ལོ་རེའི་བཅད་གྲངས་ཡོད་དེ།སྤྱིར་བཏང་གི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་རེའི་བཅད་གྲངས་སྒོར་ཁྲི་15དང་། ནད་གཞི་ཚབས་ཆེན་དང་དམིགས་བསལ་རིགས་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་རེའི་བཅད་གྲངས་སྒོར་ཁྲི30ཡིན། རོགས་སྐྱོར་བྱ་ཡུལ་གྱི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ལྗིད་མོའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་དཀྱུས་མ་(འགྲོ་སོང་རྩིས་ཞུ་མ་བྱས་པའི)རྩིས་ཞུ་བྱས་རྗེས་ཀྱི་སྲིད་ཇུས་ཁྱབ་ཁོངས་ནང་མི་སྒེར་གྱིས་གཏོང་སྒོ་ལོ་གོང་མའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་སྨན་བཅོས་ཡོང་འབབ་5%ཡན་ཟིན་ལ། ནད་གཞི་ཚབས་ཆེན་དང་དམིགས་བསལ་གྱི་རིགས་སྨན་བཅོས་རོགས་སྐྱོབ་ཆེར་བྱ་རྒྱུ། 2.སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་རོགས་སྐྱོབ། རོགས་སྐྱོར་བྱ་ཡུལ་དམིགས་འཛུགས་སྨན་བཅོས་ལས་ཁུངས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་བཏང་བ་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ལམ་ལུགས་བརྒྱུད་འཇལ་ཚབ་བྱས་རྗེས། རིགས་དང་པོ་དང་རིགས་གཉིས་པའི་གྲངས་འབོར་ཡོངས་དང་རིགས་གསུམ་པའི95%དང་རིགས་བཞི་པའི་བརྒྱ་ཆ90%ཡི་སྡུར་ཚད་ལྟར་སྐྱོབ་རོགས་བྱ་རྒྱུ་དང་། ལོ་གཅིག་་གི་རོགས་སྐྱོབ་བཅད་གྲངས་མཐོ་ཤོས་སྒོར་500ཡིན། 3.རོགས་སྐྱོབ་བྱ་རྒྱུའི་རེ་འདུན་ཞུ་བར་གཞིགས་ན། རིགས་ལྔ་པའི་རོགས་སྐྱོབ་བྱ་ཡུལ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་ནད་གཞི་ལྕི་མོའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྕི་མོའི་འགན་བཅོལ་བཏང་རྗེས་ཁུར་བོ་ལོ་གོང་མའི་ཡོང་འབབ40%ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཡོད།
དམངས་སྲིད་སྡེ་ཁག་གིས་《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཐབས》ལྟར་དེའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བསྡུར་བྱས་ཏེ་སྙན་ཞུ་བཏོན་རྗེས། ཟླ24སྔོན་གྱི་ནང་གནས་གཏན་ཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ལས་ཁུངས་ནང་རང་གི་གྲོན་དངུལ་དེ་ལོ་རེའི་རོགས་སྐྱོར་ཚད་བཀག་ནང་ཚུན70%ཡི་སྡུར་ཚད་ལྟར་རོགས་སྐྱོར་བྱེད།
20.农牧民孕产妇住院分娩奖励待产生活补助
农牧区孕产妇在享受住院分娩费全额报销政策的同时,享受一次性住院分娩补助,标准为1000元/人,待产期间每天30元给予生活补贴,按人均10天共300元预算,护送奖励150元(孕产妇、1名村医、1名家属均预算50元)
༢༠.ཞིང་འབྲོག་མི་དམངས་ཁྲོད་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་བར་བྱ་དགའ་འཚོ་བའི་ཁ་གསབ་སྤྲོད་རྒྱུ།
ཞིང་འབྲོག་ཁུལ་གྱི་སྦྲུམ་མས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་པའི་སྨན་ཡོན་ཆ་ཚང་རྩིས་ཞུ་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་པ་དང་ཆབས་ཅིག་ཐེངས་གཅིག་རང་བཞིན་གྱི་སྨན་ཁང་དུ་ཕྲུ་གུ་སྐྱེས་པའི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ཚད་གཞི་ནི་མི་རེར་སྒོར་1000ཡིན། སྐྱེ་སྒུག་བྱེད་རིང་ཉིན་རེར་སྒོར་30ཡིས་འཚོ་བའི་ཁ་གསབ་སྤྲད་རྒྱུ་དང་། མི་རེར་ཆ་སྙོམས་ཉིན་10རེའི་སྔོན་རྩིས་ལྟར་སྒོར300སྤྲད་པ་དང་། སྦྲུམ་མར་སྒོར150(སྦྲུམ་མ་དང་། གྲོང་ཚོའི་སྨན་པ་1དང་ཁྱིམ་ཚང་1ལ་སྔོན་རྩིས་སྒོར50སྤྲད་པ། )
21.农村公共服务
建立农村公共服务财政保障机制。人均60.32元/年,具体人均标准:科技服务12.4元/年(农牧业病虫害监测、预防服务3.7元/年,科技指导推广应用、科普宣传、防灾救灾抗灾技术指导服务3.7元/年,农村种植业、养殖业、畜牧业技术服务5元/年);畜禽疫病防治服务5元/年;水电运行服务3.5元/年;广播电视服务3.5元/年;公共信息服务1元/年;文化体育服务4.3元/年;农机补助2.7元/年;乡村医疗和疾病控制服务8.6元/年;乡村医生误工补助0.6元/年;乡村公路养护经费13.16元/年;村村通广播电视5.56元/年。从年初均衡性转移支付中直接补助各县(区),由各县(区)根据标准核定并发放。
༢༡. གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ།
གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ནོར་སྲིད་འགན་སྲུང་ལམ་སྲོལ།  མི་རེར་ལོ་རེར་ཆ་སྙོམས་སྒོར་60.32ཟིན་པ་དེ།  བྱེ་བྲག་གི་མི་རེའི་ཆ་སྙོམས་ཀྱི་ཚད་གཞི་ནི། ཚན་རྩལ་ཞབས་ཞུ་ལོ་རེར་མི་རེར་སྒོར་12.4ཡིན་(ཞིང་འབྲོག་ལས་ཀྱི་ནད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཞབས་ཞུ་ལོ་རེར་སྒོར་3.7ཟིན་པ། ལོ་རེར་ཚན་རྩལ་མཛུབ་སྟོན་དང་བཀོལ་སྤྱོད། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་དང་གནོད་འགོག་གེགས་སེལ་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་ལོ་རེར་སྒོར་3.7ཟིན་པ་དང་། གྲོང་གསེབ་ཀྱི་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ཕྱུགས་ལས་ལག་རྩལ་ཞབས་ཞུ་བཅས་ལོ་རེར་སྒོར་5ཡིན།) སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་ནད་འགོག་བཅོས་ཞབས་ཞུ་ལོ་རེར་སྒོར་5ཡིན་པ། ཆུ་གློག་འཁོར་སྐྱོད་ཞབས་ཞུ་ལོ་རེར་སྒོར་3.5ཟིན་པ། རླུང་འཕྲིན་དང་བརྙན་འཕྲིན་ཞབས་ཞུ་ལོ་རེར་སྒོར་3.5ཟིན་པ། སྤྱི་པའི་ཆ་འཕྲིན་ཞབས་ཞུ་སྒོར་1ཟིན་པ། རིག་གནས་ལུས་རྩལ་ཞབས་ཞུ་ལོ་རེར་སྒོར་4.3ཟིན་པ། ཞིང་ལས་འཕྲུལ་ཆས་ཀྱི་ཁ་གསབ་རོགས་དངུལ་ལོ་རེར་སྒོར་2.7ཟིན་པ། གྲོང་གསེབ་ཀྱི་སྨན་བཅོས་དང་ནད་ཡམས་ཚོད་འཛིན་གྱི་ཞབས་ཞུ་ལོ་རེར་སྒོར་8.6ཟིན་པ། གྲོང་གསེབ་ཀྱི་སྨན་པའི་ལས་ཐེབས་ཆག་པའི་ཁ་གསབ་རོགས་དངུལ་ལོ་རེར་སྒོར་0.6ཟིན་པ། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གྲོན་དངུལ་ལོ་རེར་སྒོར་13.16ཟིན་པ། གྲོང་ཚོ་ཚང་མར་རླུང་འཕྲིན་དང་བརྙན་འཕྲིན་ལོ་རེར་སྒོར་5.56ཟིན་པ་རེད། ལོ་འགོར་དོ་མཉམ་རང་བཞིན་གྱི་སྤོ་སྤྲོད་བྱེད་སྐབས་རྫོང་(ཆུས་)ཁག་ལ་ཐད་ཀར་ཁ་གསབ་རོགས་དངུལ་སྤྲོད་དགོས་ཤིང་། རྫོང་(ཆུས་)ཁག་གིས་ཚད་གཞི་ལྟར་ཞིབ་བཤེར་གཏན་འབེབས་བྱས་པ་དང་སྦྲགས་སྤྲོད་རྒྱུ།
22.双联户长补助政策
从2014年开始对全区“双联户”户长每人每年补助2,000元,包括误工补贴1,040元/人/年,通讯费360元/人/年,交通费240元/人/年,杂费360元/人/年。由区、地、县三级按照5∶3∶2比例分级承担,即:自治区财政承担1,000元,地(市)财政承担600元,县(区)财政承担400元。
༢༢.གཉིས་ལྡན་དུད་སྦྲེལ་གྱི་ཁ་གསབ་སྲིད་ཇུས།
2014ལོ་ནས་བཟུང་ལྗོངས་ཡོངས་ཀྱི"གཉིས་ལྡན་དུད་སྦྲེལ"དུད་ཚང་གི་འགོ་འཛིན་ལ་ལོ་རེར་ཁ་གསབ་རོགས་དངུལ་སྒོར2000དང་བཅས་ཚུད་ཡོད། དེའི་ནང་ལས་སྐབས་ཆག་པའི་གསབ་དངུལ་མི་རེར་ལོ་རེར་སྒོར1040དང་། བརྡ་འཕྲིན་ཁ་གསབ་མི་རེར་ལོ་རེར་སྒོར360དང་། འགྲིམ་འགྲུལ་འགྲོ་གྲོན་མི་རེར་ལོ་རེར་སྒོར་240ཟིན། འགྲོ་སོང་ཙག་ཙིག་མི་རེར་ལོ་རེར་སྒོར360ཡིན། དེ་ཡང་ལྗོངས་དང་ས་གནས། རྫོང་བཅས་རིམ་པ་གསུམ་གྱིས5∶3∶2གྱི་སྡུར་ཚད་ལྟར་འགན་འཁུར་རྒྱུ། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱིས་སྒོར1000འགན་འཁུར་རྒྱུ་དང་། ས་གནས(གྲོང་ཁྱེར)ནོར་སྲིད་ཀྱིས་སྒོར600འགན་ཁུར་རྒྱུ་ཡིན།  རྫོང་(ཆུས་)བཅས་ནོར་སྲིད་ཀྱིས་སྒོར་400འགན་འཁུར་རྒྱུ།
23.农牧区义务教育学生营养改善计划
每生每天5元,全年按200天核定,即每生每学年1000元(资金与“三包”经费统筹使用)。
༢༣.ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི།
སློབ་མ་རེར་ཉིན་རེར་སྒོར་5དང་། ལོ་ཧྲིལ་པོར་ཉིན200ལྟར་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་སྟེ། སློབ་མ་རེར་ལོ་རེར་སྒོར་1000(མ་དངུལ་དང"འགན་ལེན་གསུམ"གྱི་གྲོན་དངུལ་གཅིག་གྱུར་གྱིས་བེད་སྤྱོད་བྱ་རྒྱུ) བཏང་རྒྱུ།
24.人身意外伤害保险
自治区出资为全区户籍人员和援藏干部等人员购买人身意外伤害保险,意外伤害保险6万元/人/年。
༢༤.མི་ལུས་དོན་རྐྱེན་འགན་བཅོལ།
རང་སྐྱོང་ལྗོངས་ཀྱིས་མ་དངུལ་བཏང་ནས་ལྗོངས་ཡོངས་ཀྱི་ཐེམ་ཐོའི་མི་སྣ་དང་།  བོད་སྐྱོར་ལས་བྱེད་པ་སོགས་ལ་མི་ལུས་དོན་རྐྱེན་འགན་བཅོལ་ཉོ་སྒྲུབ་བྱས་ནས་དོན་རྐྱེན་བྱུང་བའི་འགན་བཅོལ་ལོ་རེར་མི་རེར་སྒོར་ཁྲི་6བཏང་རྒྱུ།
25.农牧区寄宿制学校寄宿生交通补贴
2016年开始,对我区农牧区寄宿制学校住校生按每生每年150元标准安排寒暑假集中接送交通补助经费。
༢༥.ཞིང་འབྲོག་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་རྒྱུན་སྡོད་སློབ་མའི་འགྲིམ་འགྲུལ་ཁ་གསབ།
2016ལོ་ནས་བཟུང་ངའི་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭའི་ཞག་སྡོད་སློབ་མར་ལོ་རེར་སློབ་མ་རེར་སྒོར་150ཡི་ཚད་གཞི་ལྟར་དབྱར་གནང་དགུན་གནང་སྐབས་གཅིག་གྱུར་གྱིས་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་བཀོད་སྒྲིག་བྱས་ཡོད།
26.农村公路养护补贴
县道及重要专用公路每年每公里10000元,乡道及其他专用公路每年每公里5000元,村道每年每公里3000元,自治区、地(市)、县(区)财政承担比例为5:3:2。旅游、厂矿、林场和产业园区等专用公路日常养护经费和管理养护工作由受益或使用单位配套和负责。
༢༦.གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ཁ་གསབ།
རྫོང་རིམ་པའི་གཞུང་ལམ་དང་དེ་བཞིན་ཆེད་སྤྱོད་གཞུང་ལམ་གལ་ཆེན་ལ་ལོ་རེར་སྤྱི་ལེ་རེར་སྒོར་10000ཡིན་པ་དང་། ཤང་གི་གཞུང་ལམ་དང་དེ་བཞིན་ཆེད་སྤྱོད་གཞུང་ལམ་གཞན་དག་ལ་ལོ་རེར་སྤྱི་ལེ་རེར་སྒོར་5000རེ་ཡིན། གྲོང་སྡེའི་གཞུང་ལམ་ལ་ལོ་རེར་སྤྱི་ལེ་རེར་སྒོར་3000ཡིན་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ། (གྲོང་ཁྱེར་)། རྫོང་(ཆུས་)བཅས་ཀྱི་ནོར་སྲིད་ཀྱིས་འགན་འཁུར་བའི་བསྡུར་ཚད་ནི་5:3:2ཡིན། ཡུལ་སྐོར་དང་། བཟོ་གཏེར། ནགས་ར། ཐོན་ལས་གླིང་ཁུལ་སོགས་ཆེད་སྤྱོད་གཞུང་ལམ་གྱི་ཉིན་རྒྱུན་བདག་སྐྱོང་གྲོན་དངུལ་དང་དོ་དམ་བདག་སྐྱོང་གི་ལས་ཀ་ནི་ཕན་ཆ་ཐོབ་པའམ་བེད་སྤྱོད་བྱེད་མཁན་སྡེ་ཚན་གྱིས་ཆ་སྒྲིག་དང་འགན་འཁུར་རྒྱུ།
27.基本公共卫生服务
中央和自治区财政通过共同财政事权转移支付方式安排(中央和自治区共同财政事权)。适用于全区承担基本公共卫生服务任务的城市社区卫生服务中心(站)、乡镇卫生院、村卫生室等基层医疗卫生机构、其他非基层医疗卫生机构、有关专业公共卫生机构,以及通过政府购买服务方式确定的承接基本公共卫生服务项目的社会办医医疗机构等。
原基本公共卫生服务项目(12项):建立居民健康档案、健康教育、预防接种、0-6岁儿童健康管理、孕产妇健康管理、老年人健康管理、高血压患者健康管理(糖尿病患者健康管理)、严重精神障碍患者管理、中医药健康管理、传染病和突发公共卫生事件报告和处理、卫生计生监督协管、结核病患者健康管理。支持家庭医生签约服务、巡回诊疗服务。
目前,基本公共卫生服务项目人均财政补助标准年人均110元。
༢༧.གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ།
ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཐུན་མོང་ཐོག་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་སྤོ་སྒྱུར་གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་བཀོད་སྒྲིག་བྱ་རྒྱུ། (ཀྲུང་དབྱང་དང་རང་སྐྱོང་ཁུལ་གྱི་ཐུན་མོང་གི་ནོར་སྲིད་དོན་གཅོད་དབང་ཆ།) ལྗོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་འགན་འཁུར་བའི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་(ས་ཚིགས་)དང་།ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་སོགས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཚན། གཞི་རིམ་མིན་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་། འབྲེལ་ཡོད་ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་ལས་ཁུངས། དེ་བཞིན་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ལ་བརྟེན་ནས་གཏན་འཁེལ་བྱས་པའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དང་ལེན་བྱེད་པའི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་སྨན་བཅོས་སྡེ་ཚན་སོགས།
དེ་སྔའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་12ཡོད། གྲོང་མིའི་བདེ་ཐང་ཡིག་ཚགས་དང་། བདེ་ཐང་སློབ་གསོ།སྔོན་འགོག་སྨན་ཁབ་རྒྱག་པ།ལོ་0-6ལ་སོན་པའི་བྱིས་པའི་བདེ་ཐང་དོ་དམ། སྦྲུམ་མའི་བདེ་ཐང་དོ་དམ། རྒན་འཁོགས་ཀྱི་བདེ་ཐང་དོ་དམ། ཁྲག་ཚད་མཐོ་བའིནད་པའི་བདེ་ཐང་དོ་དམ། (གཅིན་པ་མངར་འགྱུར་གྱི་ནད་པའི་བདེ་ཐང་དོ་དམ) བསམ་པའི་འགལ་རྐྱེན་གྱི་ནད་ཕོག་མཁན་དོ་དམ་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་བདེ་ཐང་དོ་དམ།རིམས་ནད་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སྙན་ཞུ། འདུས་འདྲིལ་གཅོང་ནད་ཕོག་པའི་ནད་པའི་བདེ་ཐང་དོ་དམ། ཁྱིམ་ཚང་སྨན་པས་གན་རྒྱ་བཞག་ནས་ཞབས་ཞུ་དང་སྐོར་སྐྱོད་སྐྱོར་བྱེད་པ་ཡིན།
མིག་སྔར། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར110ཡོད།
28.乡村基层教师交通补贴
每年自治区财政下达我市200万元,由市教育局根据全市乡村基层教师所在类区确定补助标准。
༢༨.ཤང་གྲོང་གཞི་རིམ་དགེ་རྒན་གྱི་འགྲིམ་འགྲུལ་ཁ་གསབ།
ལོ་ལྟར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རང་རེའི་གྲོང་ཁྱེར་གྱི་སྒོར་ཁྲི་200སྤྲད་པ་དེ་གྲོང་ཁྱེར་གྱི་སློབ་གསོ་ཅུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་གཞི་རིམ་དགེ་རྒན་གནས་སའི་རིགས་དབྱེའི་ཁུལ་ལ་གཞིགས་ནས་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་སྤྲད་རྒྱུ།
29.综合文化活动站免费开放资金
地市图书馆、群艺馆补助标准为50万元(其中自治区级补贴40万元,市级补贴10万元),县(区)级综合文化站中心补助标准20万元,乡镇综合文化站补助标准5万元。承担比例为中央财政80%,项目所在地县(区)财政20%。
༢༩.ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ས་ཚིགས་རིན་མེད་སྒོ་འབྱེད་ཀྱི་མ་དངུལ།
ས་ཁུལ་དང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་གི་ཁ་གསབ་ཚད་གཞི་སྒོར་ཁྲི་50(དེའི་ནང་རང་སྐྱོང་ལྗོངས་རིམ་པའི་ཁ་གསབ་སྒོར་ཁྲི་40དང་། གྲོང་ཁྱེར་རིམ་པའི་ཁ་གསབ་སྒོར་ཁྲི་10ཡིན། ) རྫོང་(ཆུས)རིམ་པའི་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་ཁ་གསབ་ཚད་གཞི་སྒོར་ཁྲི་20ཡིན་པ་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་ཁ་གསབ་ཚད་གཞི་སྒོར་ཁྲི་5བཅས་འགན་འཁུར་བའི་བསྡུར་ཚད་ནི་ཀྲུང་དབྱང་ནོར་སྲིད་ཀྱི་80%ཡིན་པ་དང་། རྣམ་གྲངས་གནས་སའི་རྫོང(ཆུས)ནོར་སྲིད་ཀྱི་20%ཡིན།
30.创先争优强基惠民工作经费
从2018年起“为民办实事”和“短平快”项目资金整合为全区强基惠民工作经费,每个村居20万元。
༣༠.སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་ལས་དོན་གྱི་གྲོན་དངུལ།
2018ལོ་ནས་བཟུང"དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ"དང"དུས་ཐུང་མྱུར་མགྱོགས"ཀྱི་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ལྗོངས་ཡོངས་ཀྱི་རྨང་བརྟན་དམངས་ཕན་ལས་ཀའི་འགྲོ་གྲོན་སྡེ་དམངས་ལ་སྒོར་ཁྲི་20སྤྲད་པ་རེད།
31.乡镇机关事业单位职工生活补助
乡镇机关事业单位在职工生活补助:2016年起,乡镇干部二类区300元/月/人、三类区600元/月/人、四类区1000元/月/人;乡镇教师、乡镇医护人员二类区500元/月/人、三类区1000元/月/人、四类区1500元/月/人。
༣༡.ཤང་དང་གྲོང་རྡལ་གྱི་ལས་ཁུངས་དང་བྱ་བཞག་ཚན་པའི་ལས་བཟོ་པའི་འཚོ་བའི་ཁ་གསབ།
ཤང་དང་གྲོང་རྡལ་ལས་ཁུངས་དང་བྱ་བཞག་ཚན་པའི་ལས་བཟོ་པའི་འཚོ་བའི་ཁ་གསབ། 2016ལོ་ནས་བཟུང་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་རིགས་གཉིས་པའི་ཁུལ་མི་རེར་ཟླ་རེར་སྒོར300དང་། རིགས་གསུམ་ཁུལ་དུ་ཟླ་རེར་མི་རེར་སྒོར600ཡིན་པ་དང་རིགས་བཞི་བའི་ཁུལ་དུ་ཟླ་རེར་མི་རེར་སྒོར1000དང་། ཤང་གི་ཤང་དང་གྲོང་རྡལ་གྱི་དགེ་རྒན་དང་། ཤང་དང་གྲོང་རྡལ་གྱི་སྨན་པའི་རིགས་གཉིས་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར500ཡིན་པ་དང་། རིགས་གསུམ་པའི་ཁུལ་ལ་མི་རེར་ཟླ་རེར་སྒོར1000ཡིན་པ་དང་། རིགས་བཞི་པའི་ཁུལ་ལ་མི་རེར་ཟླ་རེར་སྒོར1500ཡིན།
32.重点陆生野生动物肇事保险
重点陆生野生动物造成公民人身伤害和财产损失,自治区财政承担60%,市级承担30%,县(区)级承担10%。保费=保额×费率×承保数量。
保额:(1)农作物:青稞1000元/亩;小麦:800元/亩;油菜:1000元/亩;水稻:1200元/亩;玉米:800元/亩;马铃薯:600元/亩。(2)牛、马、骡、驴(大畜):2600元/头(匹);猪:600元/头;羊(小畜):350元/只.(3)家禽:12元/只。(4)房屋:17000元/户(含5000元家具、家电、畜圈等家庭合法财产)。(5)人伤:按照自治区统计部门公布的当地上一年度农牧民人均纯收入的30倍计算。
费率:(1)农作物:0.9%;(2)牲畜(牛、羊):0.55%; 牲畜(猪、马、骡、驴):0.08%;(3)家禽:3%;(4)房屋:0.05%;(5)人伤:1元/人。
༣༢.སྐམ་སའི་རི་སྐྱེས་སྲོག་ཆགས་གཙོ་བོའི་ཉེན་འགོག་འགན་ལེན།
སྐམ་སའི་རི་སྐྱེས་སྲོག་ཆགས་གཙོ་གནད་ཀྱིས་སྤྱི་དམངས་ཀྱི་ལུས་ཁམས་ལ་གནོད་འཚེ་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པར། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱིས60%འགན་ཁུར་བ་དང་། གྲོང་ཁྱེར་རིམ་པས30%འགན་ཁུར་བ། རྫོང(ཆུས)རིམ་པས10%འགན་ལེན་པ། འགན་བཅོལ་གྲོན་དངུལ=འགན་ལེན་གྱི་དངུལ×གྲོན་དངུལ་གྱི་ཚད×འགན་ལེན་པའི་གྲངས་འབོར། (1)ནས་ལ་མུའུ་རེར་སྒོར1000ཡིན་པ་དང་། གྲོ་ལ་མུའུ་རེར་སྒོར་800ཡིན་པ་དང་། པད་ཁ་ལ་མུའུ་རེར་སྒོར་1000ཡིན། ཆུ་འབྲས་ལ་མུའུ་རེར་1200ཡིན་པ་དང་། མ་རྨོས་ལོ་ཏོག་ལ་མུའུ་རེར་སྒོར་800དང་། ཞོག་ཁོག་ལ་མུའུ་རེར་སྒོར་600ཡིན།
(2)བ་གླང་དང་། རྟ། དྲེལ། བོང་བུ། བཅས་རེ་ལ་སྒོར2600ཡིན་པ་དང་། ཕག་རེར་སྒོར600ཡིན་པ་དང་། ལུག་རེ་ལ(ལུ་གུ) སྒོར350ཡིན། (3)ཁྱིམ་བྱ་རེ་ལ་སྒོར་12ལས་མེད། (4)ཁང་པར་ཁྱིམ་དུད་རེར་སྒོར17000 (སྒོར་5000ཡོད་པའི་ཁྱིམ་ཆས་དང་། ཁྱིམ་སྤྱོད་གློག་ཆས། ཕྱུགས་ར་སོགས་ཁྱིམ་ཚང་གི་ཁྲིམས་མཐུན་རྒྱུ་ནོར་ཚུད་ཡོད)། (5)མི་ལ་རྨས་སྐྱོན་བྱུང་བར།  རང་སྐྱོང་ལྗོངས་ཀྱི་བསྡོམས་རྩིས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ས་གནས་དེ་གའི་ལོ་འཁོར་གོང་མའི་ཞིང་པ་དང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་གི་ལྡབ30ལྟར་རྩིས་རྒྱག་རྒྱུ།
གྲོན་དངུལ་གྱི་ཚད་ནི། (1)ཞིང་ལས་སྐྱེ་དངོས་ཀྱིས0.9%དང་། (2)ཕྱུགས་ཟོག(ནོར་དང་ལུག་)0.55%དང་། སྒོ་ཟོག་གིས(ཕག་པ་དང་རྟ། དྲེལ། བོང་བུ)0.08%དང་། (3)ཁྱིམ་བྱས3%ཟིན་པ། (4)ཁང་པས 0.05%དང་། (5)མིར་རྨས་སྐྱོན་བཏང་བར་མི་རེར་སྒོར1ཡིན།


附件下载:
相关链接: