昌都市2024年城乡居民惠民政策
ཆབ་མདོ་གྲོང་ཁྱེར་གྱི་2024ལོའི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་དམངས་ཕན་སྲིད་ཇུས་
明གསལ་
白
卡ཡིག
西藏昌都市财政局印制
2024年8月
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུད་ཀྱིས་དཔར་དུ་བསྐྲུན།
2024ལོའི་ཟླ་8པ།
说 明
为充分体现党和国家对昌都市经济社会发展的关心和支持,深入贯彻落实市委、市政府对昌都市农村居民和城镇居民增收工作的安排部署,使广大城乡居民更加了解昌都市的补助补贴优惠政策,市财政局及时更新印制了昌都市城乡居民惠民政策明白卡。明白卡作为城乡居民优惠政策宣传资料,由直接补贴(现金或实物)、间接补贴(公共服务优惠政策项目)两部分构成,所涉及的政策更新截止日期为2024年7月。
明白卡由西藏昌都市财政局整理印制并负责解释。
གསལ་བཤད།
ཏང་དང་རྒྱལ་ཁབ་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པ་ལེགས་པར་མཚོན་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ལས་དོན་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ། རྒྱ་ཆེའི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིས་ཆབ་མདོ་གྲོང་ཁྱེར་གྱི་ཁ་གསབ་རོགས་དངུལ་གཟིགས་སྐྱོང་སྲིད་ཇུས་སྔར་ལས་ཤེས་རྟོགས་ཐུབ་པ་བཅས་ཀྱི་ཆེད་དུ། གྲོང་ཁྱེར་ནོར་སྲིད་ཅུད་ཀྱིས་ཆབ་མདོའི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་དམངས་ཕན་སྲིད་ཇུས་གསལ་ཡིག་དུས་ཐོག་ཏུ་གསར་སྒྱུར་བྱས་ནས་དཔར་དུ་བསྐྲུན། གསལ་ཡིག་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཤིག་ཡིན་པའི་ངོས་ནས། ཐད་ཀའི་ཁ་གསབ་(དངུལ་སྨར་ནམ་དངོས་པོ།)དང་གཞན་བརྒྱུད་ཁ་གསབ་(སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་རྣམ་གྲངས།)ཁག་གཉིས་ལས་གྲུབ་པ་དང་། འབྲེལ་ཡོད་སྲིད་ཇུས་གསར་བསྒྱུར་བྱས་པའི་དུས་བཀག་ནི་2024ལོའི་ཟླ་7པའི་བར་ཡིན།
གསལ་ཡིག་འདི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུད་ཀྱིས་ལེགས་སྒྲིག་དཔར་སྐྲུན་བྱས་ཤིང་། འགྲེལ་བཤད་བྱེད་པའི་འགན་ཡང་འཁུར་དགོས།
目 录
第一部分 直接补贴政策
1.村干部基本报酬(村干部待遇)
2.村务监督委员报酬待遇
3.双联户长补助政策
4.大中型水库移民补助
5.草原生态保护补助奖励
6.农村危房改造补助
7.优生优育家庭扶助制度
8.计划生育特别扶助制度
9.“半边户”计划生育家庭奖励扶助制度
10.农业机械购置补贴
11.农业支持保护补贴
12.畜牧良种补贴
13.本专科国家奖学金
14.本专科国家励志奖学金
15.本专科国家助学金
16.科技特派员生活补贴
17.优抚对象等人员抚恤和生活补助
18.高龄老人健康补贴
19.经济困难的高龄、失能等老年人补贴
20.“三老”人员生活补助
21.退耕还林还草工程政策补助
22.村级动物防疫员补贴
23.村医补贴
24.城乡居民基本养老保险制度
25.开展先心病儿童和白内障患者救治
26.西藏自治区民族团结进步模范表彰奖励
27.生态保护岗位补助
28.困难群众救助补助
29.就业补助
30.城镇住房保障家庭租赁补贴
31.困难残疾人生活补贴和重度残疾人护理补贴
32.国有林保护修复补助、非国有林生态保护补助
33.牛羊出售奖补
34.实际种粮农民一次性补贴
35.昌都市2024年商品房购房补贴
36.中央彩票公益金高校家庭经济困难新生入学资助滋蕙计划项目
37.中国茅台·国之栋梁—希望工程圆梦行动大型公益助学活动
38.希望工程1+1—幻方助学计划
39.“渝昌圆梦”助学金活动
40.失业保险金
41.高校毕业生市场就业补贴
42.送温暖活动
43.在档困难职工帮扶救助
44.优抚对象补助
དཀར་ཆག
ཁག་དང་པོ། ཐད་ཀའི་ཁ་གསབ་སྲིད་ཇུས།
(དངུལ་སྨར་རམ་ཡང་ན་དངོས་པོ།)
1.གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ།(གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་།)
2.གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ཡོན་གྱི་ཐོབ་ཆ་དང་ཐོབ་ཐང་།
3.གཉིས་ལྡན་དུད་སྦྲེལ་གྱི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས།
4.ཆུ་མཛོད་ཆེ་འབྲིང་གི་གནས་སྤོས་ཡུལ་མིའི་ཁ་གསབ་རོགས་དངུལ།
5.རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ་དང་བྱ་དགའ།
6.གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ།
7.ལེགས་བཙའ་ལེགས་གསོའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས།
8.འཆར་ལྡན་བུ་བཙའི་དམིགས་བསལ་རོགས་སྐྱོར་ལམ་ལུགས།
9.“ཐེམ་ཐོ་ཡ་ཆགས་དུད་ཚང་”གི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་བྱ་དགའ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས།
10.ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ།
11.ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ཁ་གསབ་རོགས་དངུལ།
12.ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་བའི་ཁ་གསབ།
13.དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ།
14.དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་སྐུལ་ལྕག་ལེགས་ཐོན་གྱི་བྱ་དགའི་དངུལ།
15.དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ།
16.ཚན་རྩལ་ཆེད་མངགས་པའི་འཚོ་བའི་ཁ་གསབ།
17.གཟིགས་སྐྱོང་བྱ་ཡུལ་སོགས་མི་སྣར་འཆི་གོད་དང་འཚོ་བའི་ཁ་གསབ།
18.ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ།
19.དཔལ་འབྱོར་དཀའ་ངལ་ཅན་གྱི་ལོ་ན་མཐོ་བ་དང་ནུས་མེད་སོགས་ཀྱི་རྒན་རྒོན་གྱི་ཁ་གསབ།
20.“རྒན་པ་གསུམ་”གྱི་འཚོ་བའི་ཁ་གསབ་རོགས་དངུལ།
21.རྨོ་བསྐྱུར་ནགས་འདེབས་རྩྭ་གསོ་ལས་གྲྭའི་སྲིད་ཇུས་ཁ་གསབ་རོགས་དངུལ།
22.གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པའི་ཁ་གསབ་རོགས་དངུལ།
23.གྲོང་གསེབ་སྨན་པའི་ཁ་གསབ་རོགས་དངུལ།
24.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས།
25.ལྷན་སྐྱེས་སྙིང་ནད་ཀྱི་བྱིས་པ་དང་སྐྱ་འགྲིབ་ནད་པར་སྨན་བཅོས་བྱེད་པ།
26.བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གི་གཟེངས་བསྟོད་དང་བྱ་དགའ།
27.སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཀྱི་ཁ་གསབ་རོགས་དངུལ།
28.དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་རོགས་དངུལ།
29.ལས་ཞུགས་ཁ་གསབ་རོགས་དངུལ།
30.གྲོང་ཁྱེར་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱིམ་ཚང་གི་བོགས་གཏོང་ཁ་གསབ་རོགས་དངུལ།
31.དཀའ་ངལ་ཅན་གྱི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ།
32.གཞུང་ཁོངས་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོའི་ཁ་གསབ་རོགས་དངུལ་དང་། གཞུང་ཁོངས་མིན་པའི་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ།
33.ནོར་ལུག་ཕྱིར་འཚོང་གི་བྱ་དགའ་དང་ཁ་གསབ།
34.འབྲུ་རིགས་འདེབས་འཛུགས་ཞིང་པའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ།
35.ཆབ་མདོ་གྲོང་ཁྱེར་2024ལོའི་ཚོང་ཟོག་ཁང་བ་ཉོ་བའི་ཁ་གསབ་རོགས་དངུལ།
36.ཀྲུང་དབྱང་རྒྱན་ཤོག་སྤྱི་ཕན་དངུལ་གྱི་མཐོ་སློབ་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ་གསར་པའི་སློབ་ཞུགས་རོགས་སྐྱོར་གྱི་འཆར་གཞིའི་རྣམ་གྲངས།
37.ཀྲུང་གོའི་མའོ་ཐེ·རྒྱལ་ཁབ་ཀྱི་རྐང་འཛིན་དང་རེ་བའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད་ཀྱི་སྤྱི་ཕན་སློབ་རོགས་བྱེད་སྒོ་ཆེ་གྲས།
38.རེ་བའི་ལས་གྲྭ་1+1-ཧྭན་ཧྥང་སློབ་རོགས་འཆར་གཞི།
39.“ཡུས་ཆབ་ཕུགས་འདུན་མངོན་འགྱུར”ཞེས་པའི་སློབ་ཞུགས་རོགས་དངུལ་གྱི་བྱེད་སྒོ།
40.ལས་ཤོར་འགན་བཅོལ་དངུལ།
41.མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་ཁ་གསབ་རོགས་དངུལ།
42.བརྩེ་དྲོད་སྐྱེལ་བའི་བྱེད་སྒོ།
43.དཀའ་ངལ་ཅན་གྱི་ལས་བཟོ་བའི་རོགས་སྐྱོར་དང་རོགས་སྐྱོབ།
44.གཟིགས་སྐྱོང་བྱ་ཡུལ་གྱི་ཁ་གསབ་རོགས་དངུལ།
第二部分 间接补贴政策
1.农牧民技能培训补贴
2.农村基层党组织保障经费
3.农药补贴
4.农业保险保费补贴
5.动物疫病强制扑杀补助
6.病死生猪养殖环节无害化处理补助
7.农牧民食用碘盐补贴
8.农用化肥价差费用补贴
9.民间艺术团补贴
10.免费教育补助政策
11.教育“三包”政策
12.高校毕业生学费补偿和国家助学贷款代偿政策
13.城乡居民基本医疗保险
14.城乡居民大病保险
15.城乡居民暨在编僧尼健康体检
16.全区基层卫生人才能力提升
17.城乡医疗救助
18.农牧民孕产妇住院分娩奖励政策
19.义务教育学生营养改善计划
20.全民团体意外伤害保险
21.义务教育寄宿制学校寄宿生交通补贴
22.农村公路养护补贴
23.基本公共卫生服务
24.综合文化活动站免费开放资金
25.创先争优强基惠民工作经费
26.重点陆生野生动物肇事保险
27.残疾人康复服务
28.残疾人就业技能培训
29.残疾人创业扶持
ཁག་གཉིས་པ། གཞན་བརྒྱུད་ཁ་གསབ་སྲིད་ཇུས།
(སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྣམ་གྲངས།)
1.ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ།
2.གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་སྲུང་གྲོན་དངུལ།
3.ཞིང་སྨན་ཁ་གསབ།
4.ཞིང་ལས་འགན་བཅོལ་གྱི་འགན་བཅོལ་ཞུ་གྲོན་གྱི་ཁ་གསབ།
5.ནད་ཡམས་ཕོག་པའི་སྲོག་ཆགས་བཙན་ཤེད་ཀྱིས་གསོད་པའི་ཁ་གསབ་རོགས་དངུལ།
6.ནད་ཤི་ཐེབས་པའི་ཕག་པ་དང་དེའི་གསོ་ཚགས་བྱེད་ས་གནོད་མེད་ཅན་དུ་གཙང་སེལ་བྱེད་པའི་ཁ་གསབ་རོགས་དངུལ།
7.ཞིང་འབྲོག་པའི་ཟས་སྤྱོད་ཏེན་ཚྭའི་ཁ་གསབ།
8.ཞིང་སྤྱོད་རྫས་ལུད་ཀྱི་རིན་ཁྱད་གྲོན་དངུལ་ཁ་གསབ།
9.དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་གྲོན་དངུལ།
10.རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས།
11.སློབ་གསོའི་“འགན་ལེན་གསུམ་”གྱི་སྲིད་ཇུས།
12.མཐོ་སློབ་སློབ་ཐོན་སློབ་མའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་སྲིད་ཇུས།
13.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ།
14.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཚབས་ཆེན་གྱི་འགན་བཅོལ།
15.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་གྲྭ་བཙུན་ལ་བདེ་ཐང་བརྟག་དཔྱད་བྱེད་པ།
16.ལྗོངས་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་ཤེས་ལྡན་མི་སྣའི་ནུས་པ་མཐོར་འདེགས་གཏོང་བ།
17.གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ།
18.ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བའི་བྱ་དགའི་སྲིད་ཇུས།
19.འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི།
20.དམངས་ཡོངས་ཚོགས་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ།
21.འོས་འགན་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཞག་སྡོད་སློབ་མའི་འགྲིམ་འགྲུལ་ཁ་གསབ།
22.གྲོང་གསེབ་གཞུང་ལམ་བདག་སྐྱོང་ཁ་གསབ།
23.གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ།
24.ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ས་ཚིགས་ཀྱི་རིན་མེད་སྒོ་འབྱེད་མ་དངུལ།
25.སྔོན་ཐོན་ལེགས་བརྩོན་དང་དམངས་ཕན་རྨང་བརྟན་ལས་དོན་གྱི་གྲོན་དངུལ།
26.སྐམ་སའི་རི་སྐྱེས་སྲོག་ཆགས་གཙོ་བོའི་བྱུར་ཉེས་བཟོ་བའི་འགན་བཅོལ།
27.དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུ།
28.དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་།
29.དབང་པོ་སྐྱོན་ཅན་གྱི་ལས་གཏོད་རོགས་སྐྱོར།
第一部分直接补贴政策
ཁག་དང་པོ། ཐད་ཀའི་ཁ་གསབ་སྲིད་ཇུས།
(现金或实物)
(དངུལ་སྨར་རམ་ཡང་ན་དངོས་པོ།)
1.村干部基本报酬(村干部待遇)
从2024年1月1日起,全区腹心县村党支部书记和村委会主任报酬为40060元/人·年(基本报酬32048元/人·年,业绩考核奖励8012元/人·年),其他村干部报酬为32048元/人·年(基本报酬25638元/人·年,业绩考核奖励6410元/人·年),所需资金由区市县按照5:3:2的比例分担。
1.གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ།(གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་།)
2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་རྫོང་གཙོ་བོའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ཐོབ་ཆ་མི་རེར་ལོ་རེར་སྒོར་40060(གཞི་རྩའི་ཐོབ་ཆ་མི་རེར་ལོ་རེར་སྒོར་32048དང་། བྱས་རྗེས་དཔྱད་ཞིབ་བྱ་དགའ་མི་རེར་ལོ་རེར་སྒོར་8012ཡིན།)དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་གི་ཐོབ་ཆ་མི་རེར་ལོ་རེར་སྒོར་32048(གཞི་རྩའི་ཐོབ་ཆ་མི་རེར་སྒོར་25638དང་། བྱས་རྗེས་དཔྱད་ཞིབ་བྱ་དགའ་མི་རེར་ལོ་རེར་སྒོར་6410ཡིན།)ཡིན་པ་དང་། དེར་མཁོ་བའི་མ་དངུལ་ཆུས་དང་གྲོང་ཁྱེར། རྫོང་གིས་སོ་སོར་5:3:2ཀྱི་བསྡུར་ཚད་ལྟར་འགན་འཁུར་དགོས།
2.村务监督委员报酬待遇
2024年度,村务监督委员会主任报酬为32048元/人·年(基本报酬25638元/人·年、业绩考核奖励6410元/人·年),村务监督委员会成员报酬为16024元/人·年(基本报酬12819元/人·年、业绩考核奖励3205元/人·年)。所需资金由区市县按照5:3:2的比例分担。
2.གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ཡོན་གྱི་ཐོབ་ཆ་དང་ཐོབ་ཐང་།
2024ལོའི་ནང་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ཐོབ་ཆ་ནི་མི་རེར་ལོ་རེར་སྒོར་32048(གཞི་རྩའི་ཐོབ་ཆ་མི་རེར་ལོ་རེར་སྒོར་25638དང་། བྱས་རྗེས་དཔྱད་ཞིབ་བྱ་དགའ་མི་རེར་ལོ་རེར་སྒོར་6410ཡིན།)ཡིན་པ་དང་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མིའི་ཐོབ་ཆ་ནི་མི་རེར་ལོ་རེར་སྒོར་16024(གཞི་རྩའི་ཐོབ་ཆ་མི་རེར་ལོ་རེར་སྒོར་12819དང་། བྱས་རྗེས་དཔྱད་ཞིབ་བྱ་དགའ་མི་རེར་ལོ་རེར་སྒོར་3205ཡིན།)ཡིན། དེར་མཁོ་བའི་མ་དངུལ་ནི་ཆུས་དང་གྲོང་ཁྱེར། རྫོང་གིས་སོ་སོར་5:3:2ཀྱི་བསྡུར་ཚད་ལྟར་འགན་འཁུར་དགོས།
3.双联户长补助政策
从2014年开始对全区“双联户”户长补助2000元/人·年,包括误工补贴1040元/人·年,通讯费360元/人·年,交通费240元/人·年,杂费360元/人·年。由区市县三级按照5∶3∶2比例分担,即:自治区财政承担1000元,市财政承担600元,县(区)财政承担400元。
3.གཉིས་ལྡན་དུད་དཔོན་གྱི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས།
2014ལོ་ནས་བཟུང་ལྗོངས་ཡོངས་ཀྱི“གཉིས་ལྡན་དུད་སྦྲེལ་”གྱི་འགོ་དཔོན་ལ་མི་རེར་ལོ་རེར་སྒོར་2000ཁ་གསབ་རོགས་དངུལ་སྤྲོད་པའི་ནང་ལས་ཆག་ཁ་གསབ་མི་རེར་ལོ་རེར་སྒོར་1040དང་། འཕྲིན་གཏོང་གྲོན་དངུལ་མི་རེར་ལོ་རེར་སྒོར་360དང་། འགྲིམ་འགྲུལ་གྲོན་དངུལ་མི་རེར་ལོ་རེར་སྒོར་240དང་། རྩག་རྩིག་གྲོན་དངུལ་མི་རེར་ལོ་རེར་སྒོར་360བཅས་ཚུད་ཡོད། ཆུས་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱིས་སོ་སོར་5:3:2བསྡུར་ཚད་ལྟར་འགན་བགོས་པ་སྟེ། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་1000དང་། གྲོང་ཁྱེར་ནོར་སྲིད་ཀྱིས་སྒོར་600དང་། རྫོང་(ཆུས།)ནོར་སྲིད་ཀྱིས་སྒོར་400བཅས་ཀྱི་འགན་འཁུར་དགོས།
4.大中型水库移民补助
对纳入扶持范围的移民补助600元/人·年,从完成搬迁之日起扶持20年。
4.ཆུ་མཛོད་ཆེ་འབྲིང་གི་གནས་སྤོས་ཡུལ་མིའི་ཁ་གསབ་རོགས་དངུལ།
རོགས་སྐྱོར་ཁྱབ་ཁོངས་ནང་བཅུག་པའི་གནས་སྤོས་ཡུལ་མིའི་ཁ་གསབ་རོགས་དངུལ་མི་རེར་ལོ་རེར་སྒོར་600དང་། ལོ་རེར་གནས་སྤོ་ལེགས་འགྲུབ་བྱུང་བའི་ཉིན་ནས་བཟུང་ལོ་20ལ་རོགས་སྐྱོར་བྱ་དགོས།
5.草原生态保护补助奖励
(1)八宿、丁青、卡若、江达、贡觉、察雅、左贡、芒康8个县(区)禁牧补助标准7.5元/亩·年、草畜平衡奖励标准2.5元/亩·年,纯牧户保底标准2000元/人·年、限高标准8000元/人·年,非纯牧户限高标准6500元/人·年。(左贡县无禁牧任务)
(2)边坝、洛隆、类乌齐3个县禁牧补助标准7元/亩·年、草畜平衡奖励标准2.3元/亩·年,纯牧户保底标准1300元/人·年、限高标准6500元/人·年,非纯牧户限高标准6500元/人·年。(洛隆县、边坝县无禁牧任务)
5.རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ་དང་བྱ་དགའ།
(1)དཔའ་ཤོད་དང་སྟེང་ཆེན། ཁ་རུབ། འཇོ་མདའ། གོ་འཇོ། བྲག་གཡབ། མཛོ་སྒང་། སྨར་ཁམས་བཅས་རྫོང་(ཆུས།)8ཀྱི་རྩྭ་རྒྱ་བསྡམས་པའི་ཁ་གསབ་ཚད་གཞི་མུའུ་རེར་ལོ་རེར་སྒོར་7.5དང་། རྩྭ་ཕྱུགས་དོ་སྙོམས་བྱ་དགའི་ཚད་གཞི་མུའུ་རེར་ལོ་རེར་སྒོར་2.5དང་། འབྲོག་ཁྱིམ་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་2000ལས་མཐོ་བ་དང་སྒོར་8000ལས་དམའ་བ། འབྲོག་ཁྱིམ་མིན་པའི་དུད་ཚང་ལ་ཚད་གཞི་མི་རེར་ལོ་རེར་སྒོར་6500ལས་དམའ་བ་བཅས་ཡིན། (མཛོ་སྒང་རྫོང་ལ་རྩྭ་རྒྱ་བསྡམས་པའི་ལས་འགན་མེད།)
(2)དཔལ་འབར་དང་ལྷོ་རོང་།རི་བོ་ཆེ་བཅས་རྫོང་3་གྱི་རྩྭ་རྒྱ་བསྡམས་པའི་ཁ་གསབ་ཚད་གཞི་མུའུ་རེར་ལོ་རེར་སྒོར་7དང་།རྩྭ་ཕྱུགས་དོ་སྙོམས་བྱ་དགའི་ཚད་གཞི་མུའུ་རེར་ལོ་རེར་སྒོར་2.3དང་། འབྲོག་ཁྱིམ་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་1300ལས་མཐོ་བ་དང་སྒོར་6500ལས་དམའ་བ་དང་། འབྲོག་ཁྱིམ་མིན་པའི་དུད་ཚང་ལ་མི་རེར་ལོ་རེར་སྒོར་6500དམའ་བ་བཅས་ཡིན། (ལྷོ་རོང་རྫོང་དང་དཔལ་འབར་རྫོང་ལ་རྩྭ་རྒྱ་བསྡམས་པའི་ལས་འགན་མེད།)
6.农村危房改造补助
根据《财政部 住房和城乡建设部关于印发<中央财政农村危房改造补助资金管理办法>的通知》(财社〔2023〕64号),补助资金用于农村低收入群体等重点对象农村危房改造、7度及以上抗震设防地区农房抗震改造以及其他符合政策规定的农村困难群众基本住房安全保障支出。农村低收入群体等重点对象包括农村易返贫致贫户、农村低保户、农村分散供养特困人员、因病因灾因意外事故等刚性支出较大或收入大幅缩减导致基本生活出现严重困难家庭、农村低保边缘家庭、未享受过农村危房保障政策支持且依靠自身力量无法解决住房安全问题的其他脱贫户。
6.གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ།
《ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་བརྡ་ཐོ》(ནོར་སྲིད་ཁང་གི་〔2023〕ཡིག་ཆ་ཨང་64པ།)གཞིར་བཟུང་། ཁ་གསབ་མ་དངུལ་དེ་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་གཙོ་གནད་ཁ་གཏད་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་། ཏུའུ་7དང་དེའི་ཡན་གྱི་ཡོམ་འགོག་འགོག་སྲུང་ས་ཁུལ་གྱི་གྲོང་གསེབ་ཁང་པ་ཡོམ་འགོག་སྒྱུར་བཀོད་དང་དེ་བཞིན་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པའི་གྲོང་གསེབ་ཀྱི་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་བདེ་འཇགས་འགན་ལེན་འགྲོ་སོང་ཐད་སྤྱོད་དགོས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་ཚོགས་སོགས་གཙོ་གནད་ཁ་གཏད་ནི་གྲོང་གསེབ་ཀྱི་དབུལ་ཕོངས་སུ་འགྱུར་སླ་བའི་དབུལ་ཕོངས་དུད་ཚང་དང་། གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་དུད་ཚང་། གྲོང་གསེབ་ཀྱི་ཁ་ཐོར་འཚོ་སྙོར་དཀའ་ངལ་ཅན། ནད་རྐྱེན་དང་གནོད་འཚེ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་སོགས་ཀྱི་ངེས་གཏོང་འགྲོ་སོང་ཅུང་ཆེ་བའམ་ཡོང་འབབ་ཆེས་ཆེར་ཉུང་དུ་ཕྱིན་པའི་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་བྱུང་བའི་དུད་ཚང་། གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་མཐའ་མཚམས་དུད་ཚང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་འགན་སྲུང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སུ་སྤྱོད་མ་མྱོང་བ་མ་ཟད་རང་ཉིད་ཀྱི་ནུས་པར་བརྟེན་ནས་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བའི་དབུལ་སྒྲོལ་དུད་ཚང་གཞན་དག་བཅས་ཡིན།
7.优生优育家庭扶助制度
农牧区只有一个子女或两个女孩或子女死亡现无子女扶助制度。享受补助条件为:本人及配偶均为我区农业户口;1933年1月1日以后出生;现存一个子女或两个女孩或子女死亡现无子女;年满55周岁。资金以个人为单位发放,补贴960元/人·年。
7.ལེགས་བཙའ་ལེགས་གསོའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས།
ཞིང་འབྲོག་ཁུལ་དུ་བུ་ཕྲུག་གཅིག་གམ་ཡང་ན་བུ་མོ་གཉིས་སམ་ཡང་ན་བུ་ཕྲུག་ཤི་ནས་ད་ལྟ་བུ་ཕྲུག་མེད་པ་བཅས་ཀྱི་རོགས་སྐྱོར་ལམ་ལུགས། ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་ཆ་རྐྱེན་ནི། རང་ཉིད་དང་བཟའ་ཟླ་གཉིས་ཀ་རང་ལྗོངས་ཀྱི་ཞིང་ལས་ཐེམ་ཐོ་ཡིན་པ་དང་། 1933ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པ། ད་ལྟ་བུ་ཕྲུག་གཅིག་གམ་ཡང་ན་བུ་མོ་གཉིས་སམ་ཡང་ན་བུ་ཕྲུག་ཤི་ནས་ད་ལྟ་བུ་ཕྲུག་མེད་པ། ཧྲིལ་ལོ་55ལ་སོན་པ། མ་དངུལ་མི་སྒེར་སྡེ་ཚན་དུ་བྱས་ནས་སྤྲོད་རྒྱུ་དང་། མི་རེར་ལོ་རེར་སྒོར་960ཁ་གསབ་སྤྲོད་དགོས།
8.计划生育特别扶助制度
对城镇和农村独生子女死亡或伤残家庭后未再生育或领养子女家庭的夫妻实行特别扶助制度。享受补助条件为:1933年1月1日以后出生;女方年满49周岁;只生育一个孩子或合法收养一个子女;现无存活子女或子女被依法鉴定为三级以上残疾的家庭。补助标准为:子女死亡家庭补助590元/人·月,子女伤残家庭补贴460元/人·月。
8.འཆར་ལྡན་བུ་བཙའི་དམིགས་བསལ་རོགས་སྐྱོར་ལམ་ལུགས།
གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་བུ་ཕྲུག་གཅིག་པུ་ཤི་བའམ་དབང་པོ་སྐྱོན་ཅན་དུ་གྱུར་རྗེས་བུ་ཕྲུག་མ་བཙས་པའམ་བུ་ཚབ་ཏུ་གསོ་སྐྱོང་བྱས་མེད་པའི་ཁྱིམ་ཚང་གི་ཁྱོ་ཤུག་ལ་དམིགས་བསལ་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱ་དགོས། ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་ཆ་རྐྱེན་ནི།1933ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པ་དང་། བུད་མེད་ཧྲིལ་ལོ་49ལ་སོན་པ། ཕྲུ་གུ་གཅིག་ཁོ་ན་སྐྱེས་པའམ་ཡང་ན་ཁྲིམས་མཐུན་གྱི་སྒོ་ནས་ཕྲུ་གུ་གཅིག་ཉར་གསོ་བྱས་པ། ད་ལྟ་བུ་ཕྲུག་མེད་པའམ་ཡང་ན་བུ་ཕྲུག་བཅའ་ཁྲིམས་ལྟར་རིམ་པ་གསུམ་པ་ཡན་གྱི་དབང་པོ་སྐྱོན་ཅན་དུ་བརྩིས་པའི་ཁྱིམ་ཚང་ཡིན། ཁ་གསབ་ཀྱི་ཚད་གཞི་ནི། བུ་ཕྲུག་ཤི་བའི་ཁྱིམ་ཚང་གི་ཁ་གསབ་མི་རེར་ཟླ་རེར་སྒོར་590དང་། བུ་ཕྲུག་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་ཁ་གསབ་མི་རེར་ཟླ་རེར་སྒོར་460ཡིན།
9.“半边户”计划生育家庭奖励扶助制度
为完善农村部分计划生育家庭奖励扶助制度,经国务院同意,从2011年开始,将一方为农村居民、一方为城镇居民的夫妇(简称“半边户”)中符合条件的农村居民一方纳入农村奖励扶助制度。扶助对象条件:没有违反人口与计划生育法规、规章或政策规定生育,1933年1月1日以后出生,年满55周岁,现存一个子女或两个女孩或子女死亡现无子女。“半边户”补助标准为:960元/人·年。
9.“ཐེམ་ཐོ་ཡ་ཆགས་དུད་ཚང་”གི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་བྱ་དགའ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས།
གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ཁག་གཅིག་ལ་བྱ་དགའ་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་བརྒྱུད། 2011ལོ་ནས་བཟུང་། ཕྱོགས་གཅིག་ནི་གྲོང་གསེབ་ཀྱི་སྡོད་དམངས་དང་། ཅིག་ཤོས་ནི་གྲོང་ཁྱེར་གྲོང་རྡལ་གྱི་སྡོད་དམངས་ཡིན་པའི་ཁྱོ་ཤུག་གཉིས་(བསྡུས་མིང་ལ་“ཐེམ་ཐོ་ཡ་ཆགས་ཀྱི་དུད་ཚང་”ཞེས་ཟེར།)ནང་ཆ་རྐྱེན་དང་འཚམ་པའི་གྲོང་གསེབ་ཀྱི་སྡོད་དམངས་ཕྱོགས་གཅིག་དེ་གྲོང་གསེབ་ཀྱི་བྱ་དགའ་སྤྲོད་པའི་རོགས་སྐྱོར་ལམ་ལུགས་ནང་འཇོག་དགོས། རོགས་སྐྱོར་བྱ་ཡུལ་གྱི་ཆ་རྐྱེན་ནི། མི་འབོར་དང་འཆར་ལྡན་བུ་བཙའི་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་སྲིད་ཇུས་ཀྱི་གཏན་འབེབས་དང་འགལ་ནས་ཕྲུ་གུ་བཙའ་མེད་པ་དང་། 1933ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་ཤིང་། ཧྲིལ་ལོ་55ལ་སོན་པ། ད་ལྟ་བུ་ཕྲུག་གཅིག་གམ་ཡང་ན་བུ་མོ་གཉིས་སམ་ཡང་ན་བུ་ཕྲུག་ཤི་ནས་ད་ལྟ་བུ་ཕྲུག་མེད་པ་བཅས་ཡིན། “ཐེམ་ཐོ་ཡ་ཆགས་ཀྱི་དུད་ཚང་”གི་ཁ་གསབ་ཚད་གཞི་ནི་མི་རེར་ལོ་རེར་སྒོར་960ཡིན།
10.农业机械购置补贴
(1)补贴对象。补贴对象为在我市从事农业生产的个人和农业生产经营组织,其中农业生产经营组织是指在我市注册的农村集体经济组织、农牧民专业合作社、农机社会化服务组织、农业企业和其他从事农业生产经营的组织。
(2)补贴范围。西藏自治区2021~2023年农机购置补贴机具种类范围为14大类35个小类103个品目,包括耕整地机械、种植施肥机械、田间管理机械、收获机械、收获后处理机械、农产品初加工机械、农用搬运机械、排灌机械、畜牧机械、农业废弃物利用处理设备、农田基本建设机械、设施农业设备、动力机械、其他机械等。
(3)补贴标准。农机购置补贴实行定额补贴,补贴额由自治区农业农村厅结合《农业部办公厅 财政部办公厅关于在西藏和新疆南疆地区开展差别化农机购置补贴试点的通知》(农办财〔2017〕19号)有关规定,依据同档产品上年市场销售均价测算,并按年度进行调整。一般补贴机具单机中央财政补贴额原则上不超过5万元(不包含提高补贴比例的机具);挤奶机械单机补贴限额不超过12万元;100马力以上拖拉机、高性能青饲料收获机、大型免耕播种机、大型联合收割机、畜禽粪污资源化利用机具单机补贴限额不超过15万元;200马力以上拖拉机单机补贴限额不超过25万元;成套设施装备单套补贴限额不超过60万元。
(4)补贴方式。农机购置补贴政策采取“自主购机、定额补贴、先购后补、县(区)结算、直补到卡(户)”的方式实施。
10.ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ།
(1)ཁ་གསབ་བྱ་ཡུལ། ཁ་གསབ་བྱ་ཡུལ་ནི་རང་གྲོང་ཁྱེར་དུ་ཞིང་ལས་ཐོན་སྐྱེད་བྱེད་མཁན་མི་སྒེར་དང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཡིན་ཞིང་། དེའི་ནང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཞེས་པ་ནི་རང་གྲོང་ཁྱེར་དུ་ཐོ་འགོད་བྱས་པའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས། ཞིང་ལས་ཁེ་ལས། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་རྩ་འཛུགས་གཞན་དག་བཅས་ལ་ཟེར།
(2)ཁ་གསབ་ཀྱི་ཁྱབ་ཁོངས། བོད་རང་སྐྱོང་ལྗོངས་ཀྱི་2021ལོ་ནས་2023ལོའི་བར་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་འཕྲུལ་ཆས་རིགས་ཀྱི་ཁྱབ་ཁོངས་ནི་རིགས་ཆེ་གྲས་14དང་རིགས་ཆུང་གྲས་35དང་རྣམ་གྲངས་103ཡོད། དེའི་ནང་རྨོ་འདེབས་འཕྲུལ་ཆས་དང་། འདེབས་འཛུགས་ལུད་རྒྱག་འཕྲུལ་ཆས། ཞིང་ཁའི་དོ་དམ་འཕྲུལ་ཆས། བརྔ་བསྡུ་འཕྲུལ་ཆས། བརྔ་བསྡུ་བྱས་རྗེས་ཀྱི་ཐག་གཅོད་འཕྲུལ་ཆས། ཞིང་ཞོར་ཐོན་རྫས་ཐོག་མའི་ལས་སྣོན་འཕྲུལ་ཆས། ཞིང་ལས་སྐྱེལ་འདྲེན་འཕྲུལ་ཆས། ཡུར་ཆུ་འདྲེན་འབུད་འཕྲུལ་ཆས། ཕྱུགས་ལས་འཕྲུལ་ཆས། ཞིང་ལས་བེད་མེད་དངོས་པོ་བེད་སྤྱོད་དང་ཐག་གཅོད་འཕྲུལ་ཆས། ཞིང་སའི་གཞི་རྩའི་འཛུགས་སྐྲུན་འཕྲུལ་ཆས། སྒྲིག་བཀོད་ཞིང་ལས་སྒྲིག་ཆས། སྒུལ་ཤུགས་འཕྲུལ་ཆས། འཕྲུལ་ཆས་གཞན་དག་སོགས་ཚུད་ཡོད།
(3)ཁ་གསབ་ཚད་གཞི། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ལ་ཁ་གསབ་བྱེད་པར་བཅད་གྲངས་ཁ་གསབ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁ་གསབ་དངུལ་གྲངས་ནི་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས《བོད་ལྗོངས་དང་ཤིན་ཅང་ལྷོ་རྒྱུད་ས་ཁུལ་དུ་ཁྱད་པར་ཅན་གྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་ཞིང་ལས་པུའུ་གཞུང་སྒྲུབ་ཐིང་དང་ནོར་སྲིད་པུའུ་གཞུང་སྒྲུབ་ཐིང་གི་བརྡ་ཐོའི》(ཞིང་ལས་གཞུང་ལས་ཁང་ནོར་སྲིད་ཀྱི་〔2017〕ཡིག་ཆ་ཨང་19པ།)འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ། རིམ་པ་གཅིག་པའི་ཐོན་རྫས་ཀྱི་ལོ་སྔོན་མའི་ཁྲོམ་རའི་ཆ་སྙོམས་རིན་གོང་ལྟར་ཚོད་རྩིས་བྱེད་པ་དང་འབྲེལ། ལོ་འཁོར་ལྟར་ལེགས་སྒྲིག་ཀྱང་བྱ་དགོས། སྤྱིར་བཏང་ཁ་གསབ་འཕྲུལ་ཆས་དང་ཡོ་བྱད་འཕྲུལ་ཆས་རྐྱང་པའི་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་དངུལ་གྲངས་རྩ་དོན་ཐོག་སྒོར་ཁྲི་5ལས་བརྒལ་མི་ཆོག(ཁ་གསབ་བསྡུར་ཚད་མཐོ་རུ་གཏོང་བའི་འཕྲུལ་ཆས་དང་ཡོ་བྱད་ཚུད་མེད།)འོ་བཞོ་འཕྲུལ་ཆས་ཀྱི་འཕྲུལ་ཆས་རྐྱང་པའི་ཁ་གསབ་ཚད་བཀག་སྒོར་ཁྲི་12ལས་བརྒལ་མི་ཆོག རྟ་ཤུགས་100ཡན་གྱི་འདྲུད་འཐེན་འཁོར་ལོ་དང་། གཤིས་ནུས་མཐོ་བའི་སྔོ་གཟན་བསྡུ་འཁོར། རྨོ་མི་དགོས་པའི་སོན་འདེབས་འཕྲུལ་འཁོར་ཆེ་གྲས། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས། ཕྱུགས་བྱའི་ལུད་དང་བཙོག་པ་ཐོན་ཁུངས་ཅན་དུ་འགྱུར་བའི་བེད་སྤྱོད་འཕྲུལ་འཁོར་ཡོ་བྱད་བཅས་འཕྲུལ་འཁོར་རྐྱང་པའི་ཁ་གསབ་ཚད་བཀག་སྒོར་ཁྲི་15ལས་བརྒལ་མི་ཆོག རྟ་ཤུགས་200ཡན་གྱི་འདྲུད་འཐེན་འཁོར་ལོའི་འཕྲུལ་འཁོར་རྐྱང་པའི་ཁ་གསབ་ཚད་བཀག་སྒོར་ཁྲི་25ལས་བརྒལ་མི་ཆོག སྒྲིག་ཆས་ཆ་ཚང་དང་སྒྲིག་ཆས་རྐྱང་པའི་ཁ་གསབ་ཚད་བཀག་སྒོར་ཁྲི་60ལས་བརྒལ་མི་ཆོག
(4)ཁ་གསབ་བྱེད་སྟངས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ནི་“རང་རྟོགས་ཀྱིས་འཕྲུལ་ཆས་ཉོ་སྒྲུབ་དང་། བཅད་གྲངས་ལྟར་ཁ་གསབ་བྱེད་པ། སྔོན་ཉོ་རྗེས་གསབ། རྫོང་(ཆུས།)གིས་རྩིས་རྒྱག་པ། ཐད་ཀར་བྱང་བུར་(དུད་ཚང་།)ཁ་གསབ་”བཅས་ཀྱི་བྱ་ཐབས་སྤྱད་ནས་ལག་བསྟར་བྱ་དགོས།
11.农业支持保护补贴
2016年起,将农作物良种补贴、种粮农民直接补贴和农资综合补贴合并为农业支持保护补贴,政策目标调整为耕地地力提升和农作物良种繁育与推广。2021年起,通过“一卡通”方式将补贴资金直接兑现给种植粮食的生产者手中。
我市补助标准:
(1)补贴对象。全市统计部门已核准粮食种植面积内的种植农户,原则上为拥有耕地承包权的种地农牧民。
(2)补贴内容。扶持农牧民群众大力积造农家肥,购置、增施商品有机肥;鼓励利用冬播作物收获后,大力开展复种养地工作。
(3)补贴标准。每年度具体补贴标准结合自治区下达资金额度、统计部门上年粮食种植面积等情况综合测算。2023年度我市按照统计部门上年粮食种植面积测算,补贴标准约为53.3元/亩。
(4)补贴发放。由县(区)财政局、农业农村局根据本县(区)核实的补贴面积,通过“财政一体化系统”直接发放到种地农牧民手中。
11.ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ།
2016ལོ་ནས་བཟུང་། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁ་གསབ་དང་། འབྲུ་རིགས་འདེབས་པའི་ཞིང་པའི་ཐད་ཀའི་ཁ་གསབ། ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བཅས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གི་ཁ་གསབ་ཏུ་ཟླ་སྒྲིལ་བཏང་། སྲིད་ཇུས་ཀྱི་དམིགས་ཚད་དེ་རྨོ་ཞིང་གི་ས་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་དང་ཁྱབ་གདལ་གཏོང་བར་ལེགས་སྒྲིག་བྱས་ཡོད། 2021ལོ་ནས་བཟུང་། “གཅིག་འཐུས་བྱང་བུ་”ཡི་རྣམ་པ་བརྒྱུད་དེ་ཁ་གསབ་མ་དངུལ་འབྲུ་རིགས་འདེབས་འཛུགས་བྱེད་མཁན་དང་ཐོན་སྐྱེད་བྱེད་མཁན་གྱི་ལག་ཏུ་ཐད་ཀར་སྤྲོད་དགོས།
རང་གྲོང་ཁྱེར་གྱི་ཁ་གསབ་ཚད་གཞི།
(1)ཁ་གསབ་བྱ་ཡུལ། གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་སྡེ་ཁག་གིས་ཞིབ་མཆན་བཀོད་པའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་ནང་གི་འདེབས་འཛུགས་དུད་ཚང་དང་། རྩ་དོན་ཐོག་རྨོ་ཞིང་འགན་གཙང་ལེན་བྱེད་དབང་ཡོད་པའི་འདེབས་འཛུགས་ཞིང་འབྲོག་པ་ཡིན།
(2)ཁ་གསབ་ཀྱི་ནང་དོན། ཞིང་འབྲོག་མང་ཚོགས་ཀྱིས་ཞིང་པའི་ལུད་གསོག་འཇོག་ཤུགས་ཆེན་བྱེད་པ་དང་། ཚོང་ཟོག་སྐྱེ་ལྡན་ལུད་ཉོ་སྒྲུབ་དང་མང་དུ་གཏོང་བར་རོགས་སྐྱོར་བྱ་དགོས། དགུན་འདེབས་ལོ་ཏོག་བསྡུ་རྗེས། བསྐྱར་འདེབས་ས་གསོ་བྱེད་པའི་ལས་དོན་ཤུགས་ཆེན་པོས་བསྒྲུབ་རྒྱུར་སྐུལ་མ་གཏོང་དགོས།
(3)ཁ་གསབ་ཚད་གཞི། ལོ་འཁོར་རེའི་ཞིབ་ཕྲའི་ཁ་གསབ་ཚད་གཞི་དེ་རང་སྐྱོང་ལྗོངས་ཀྱིས་བཏང་བའི་མ་དངུལ་གྲངས་ཚད་དང་། བསྡོམས་རྩིས་སྡེ་ཚན་གྱི་ལོ་སྔོན་མའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཕྱོགས་བསྡུས་ཚོད་རྩིས་བྱ་དགོས། 2023ལོའི་ལོ་འཁོར་དུ་རང་གྲོང་ཁྱེར་གྱིས་བསྡོམས་རྩིས་སྡེ་ཚན་གྱི་ལོ་སྔོན་མའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་ལ་གཞིགས་ནས་ཚོད་རྩིས་བྱས་ན། ཁ་གསབ་ཚད་གཞི་མུའུ་རེར་སྒོར་53.3ཙམ་ཡིན།
(4)ཁ་གསབ་སྤྲོད་པ། རྫོང་(ཆུས།)ནོར་སྲིད་ཅུད་དང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་རྫོང་(ཆུས།)དེ་གའི་ཁ་གསབ་རྒྱ་ཁྱོན་ལ་གཞིགས་ནས། “ནོར་སྲིད་གཞི་གཅིག་ཅན་གྱི་མ་ལག”བརྒྱུད་དེ་ཐད་ཀར་ཞིང་འབྲོག་པའི་ལག་ཏུ་སྤྲོད་དགོས།
12.畜牧良种补贴
(1)奶牛良种补贴:每头使用冻精2剂,每剂补贴30元;配种员劳务补贴、电子耳标、输精器械损耗、液氮费、建档立卡等费用每头补助90元。
(2)绵羊、山羊良种补贴:每只种公羊一次性补贴1200元。
(3)牦牛良种补贴:每头牦牛种公牛一次性补贴4000元。
12.ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་བའི་ཁ་གསབ།
(1)རྒྱུད་བཟང་བཞོན་མའི་ཁ་གསབ་སྟེ། བཞོན་མ་རེར་སྨན་ཁབ་2སྤྱོད་པ་དང་། སྨན་ཁབ་རེར་ཁ་གསབ་སྒོར་30ཡིན། ཁབ་རྒྱག་མཁན་གྱི་ངལ་ལས་ཁ་གསབ་དང་། གློག་རྡུལ་རྣ་རྟགས། ཁབ་ཆས་ཟད་གྲོན། འཁྱག་རྫས་ཏན་གྱི་གྲོན་དངུལ། ཡིག་ཚགས་བྱང་བུ་བཟོ་བ་སོགས་ཀྱི་འགྲོ་གྲོན་ཁ་གསབ་བཞོན་མ་རེར་སྒོར་90སྤྲོད་དགོས།
(2)ལུག་དང་ར་མའི་རྒྱུད་བཟང་ཁ་གསབ་སྟེ། ལུག་ཐུག་རེར་ཐེངས་གཅིག་ལ་ཁ་གསབ་སྒོར་1200སྤྲོད་དགོས།
(3)ནོར་གནག་གི་རྒྱུད་བཟང་ཁ་གསབ་སྟེ། གཡག་རེར་ཐེངས་གཅིག་ལ་ཁ་གསབ་སྒོར་4000སྤྲོད་དགོས།
13.本专科生国家奖学金
奖励特别优秀的全日制本专科生,由学生向所在学校申请,标准为8000元/生·年。
13.དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ།
ཧ་ཅང་ཕུལ་དུ་བྱུང་བའི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར་བྱ་དགའ་སྤྲོད་རྒྱུ་དང་། སློབ་མས་རང་ཉིད་གནས་སའི་སློབ་གྲྭར་རེ་ཞུ་བྱ་རྒྱུ་དང་། ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་8000ཡིན།
14.本专科生国家励志奖学金
奖励资助品学兼优家庭经济困难的全日制本专科生,由学生向所在学校申请,标准为5000元/生·年。
14.དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་སྐུལ་ལྕག་ལེགས་ཐོན་གྱི་བྱ་དགའི་དངུལ།
སྤྱོད་ཡོན་གཉིས་ལྡན་གྱི་ཁྱིམ་ཚང་དཔལ་འབྱོར་ཐད་དཀའ་ངལ་ཅན་གྱི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར་བྱ་དགའ་སྤྲོད་པ་དང་། སློབ་མས་རང་ཉིད་གནས་སའི་སློབ་གྲྭར་རེ་ཞུ་བྱ་རྒྱུ་དང་། ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་5000ཡིན།
15.本专科生国家助学金
资助家庭经济困难的全日制普通本专科生(含预科生,不含退役士兵学生),现平均资助标准为3300元/生·年,具体标准由高校在2000~4500元/生·年范围内自主确定,可以分为2~3档。全日制在校退役士兵学生全部享受本专科生国家助学金,现资助标准为3300元/生·年。
15.དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ།
ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཅན་གྱི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་དཀྱུས་མ་(གྲ་སྒྲིག་ཚན་ཁག་གི་སློབ་མ་ཚུད་པ་ལས། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་སློབ་མ་ཚུད་མེད།)ལ་རོགས་སྐྱོར་བྱ་དགོས། ད་ལྟ་ཆ་སྙོམས་རོགས་སྐྱོར་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་3300ཡིན། ཞིབ་ཕྲའི་ཚད་གཞི་ནི་སློབ་མ་རེར་སྒོར་2000ནས་4500བར་གྱི་ཁྱབ་ཁོངས་སུ་སློབ་ཆེན་རང་གིས་གཏན་འཁེལ་བྱས་ནས། རིམ་པ་2ནས་3བར་དབྱེ་ཆོགཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མི་སློབ་མ་ཚང་མས་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལོངས་སུ་སྤྱད་ཆོག་པ་དང་། ད་ལྟ་རོགས་སྐྱོར་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་3300ཡིན།
16.科技特派员生活补贴
2021年起,自治区本级不再安排农牧民科技特派员补助资金,由各地市负责农牧民科技特派员各项管理工作并承担补助资金。对经科技特派员办公室选聘的农牧民科技特派员(全市共2180人),考核结果合格的,每年一次性补助6000元,由市县(区)按照5:5的比例分担。
16.ཚན་རྩལ་ཆེད་མངགས་པའི་འཚོ་བའི་ཁ་གསབ།
2021ལོ་ནས་བཟུང་། རང་སྐྱོང་ལྗོངས་རིམ་པ་དེ་གས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཁ་གསབ་མ་དངུལ་བཀོད་སྒྲིག་མི་བྱེད་པར། ས་གནས་དང་གྲོང་ཁྱེར་ཁག་གིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ་དང་འབྲེལ་ཁ་གསབ་མ་དངུལ་ཡང་འགན་འཁུར་དགོས།ཚན་རྩལ་ཆེད་མངགས་པའི་གཞུང་ལས་ཁང་གིས་གདན་ཞུ་བྱས་པའི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་(གྲོང་ཁྱེར་ཡོངས་སུ་ཁྱོན་མི་2180ཡོད།)ལ་དཔྱད་ཞིབ་བྱས་འབྲས་ཚད་ལོན་ན། ལོ་ལྟར་ཐེངས་གཅིག་ལ་སྒོར་6000ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། གྲོང་ཁྱེར་དང་རྫོང་(ཆུས།)གིས་5:5བསྡུར་ཚད་ལྟར་འགན་བགོས་བྱ་དགོས།
17.优抚对象等人员抚恤和生活补助
根据《退役军人事务部 财政部关于调整部分优抚对象等人员抚恤和生活补助标准的通知》(退役军人部发〔2023〕39号),从2023年8月1日起调整部分优抚对象等人员抚恤和生活补助标准。
(1)残疾军人、伤残人民警察、伤残预备役人员和民兵民工、其他因公伤残人员残疾抚恤金按照残疾等级分为十级,最低11390元/年,最高124410元/年。
(2)烈属、因公牺牲军人遗属、病故军人遗属定期抚恤金标准分别为39490元/年、33290元/年、30740元/年。
(3)在乡退伍红军老战士、红军失散人员生活补助标准分别为86260元/年、38920元/年。
(4)在乡复员军人生活补助,中央财政在现行补助标准的基础上,增加1440元/人·年。
(5)带病回乡退役军人生活补助标准提高450元/人·年,提至9450元/人·年。
(6)在农村和城镇无工作单位且家庭生活困难的参战退役军人生活补助标准提高480元/人·年,提至10080元/人·年。
(7)对不符合评残和享受带病回乡退役军人生活补助条件,但患病或生活困难的农村和城镇无工作单位的原8023部队退役军人,以及其他参加核试验退役人员(含参与铀矿开采军人退役人员)提高生活补助标准480元/人·年,提至10080元/人·年。
(8)对居住在农村和城镇无工作单位、18周岁之前没有享受过定期抚恤金待遇且年满60周岁的烈士子女(含建国前错杀后被平反人员的子女)提高生活补助标准540元/人·年,提至8280元/人·年。
(9)对从1954年11月1日试行义务兵役制后至《退役士兵安置条例》施行前入伍、年龄在60周岁以上(含60周岁)、未享受到国家定期抚恤补助的农村籍退役士兵提高老年生活补助标准,每服一年义务兵役提高40元/人·年,提至每服一年义务兵役补助688元/人·年。
17.གཟིགས་སྐྱོང་བྱ་ཡུལ་སོགས་མི་སྣར་འཆི་གོད་དང་འཚོ་བའི་ཁ་གསབ།
《གཟིགས་སྐྱོང་བྱ་ཡུལ་སོགས་མི་སྣའི་འཆི་གོད་དང་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་པུའུ་དང་ནོར་སྲིད་པུའི་བརྡ་ཐོ》(དམག་ཁོངས་ནས་ཕྱིར་འཐེན་དམག་མི་པུའུ་ཡི་〔2023〕ཡིག་ཆ་ཨང་39པ།)གཞིར་བཟུང་།2023ལོའི་ཟླ་8ཚེས་1ཉིན་ནས་བཟུང་གཟིགས་སྐྱོང་བྱ་ཡུལ་སོགས་མི་སྣའི་འཆི་གོད་དང་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱ་དགོས།
(1)དབང་པོ་སྐྱོན་ཅན་དམག་མི་དང་། མི་དམངས་ཉེན་རྟོག་པ་རྨས་སྐྱོན་ཅན།དབང་པོ་སྐྱོན་ཅན་གྲ་སྒྲིག་དམག་ཞབས་མི་སྣ། དམངས་དམག་ལས་མི། གཞུང་དོན་རྨས་སྐྱོན་གཞན་དག་བཅས་ཀྱི་དབང་པོ་སྐྱོན་ཅན་གྱི་འཆི་གོད་རོགས་དངུལ་དེ་དབང་པོ་སྐྱོན་ཅན་རིམ་པ་བཅུ་ལ་དབྱེ་བ་ལྟར་ཡིན་ཞིང་། ཆེས་དམའ་ན་ལོ་རེར་སྒོར་11390དང་། ཆེས་མཐོ་ན་ལོ་རེར་སྒོར་124410ཡིན།
(2)སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་།གཞུང་དོན་དུ་རང་སྲོག་བློས་བཏང་བའི་དམག་མི་འདས་མིའི་ཁྱིམ་མི།ནད་ཀྱིས་གྲོངས་པའི་དམག་མི་འདས་མིའི་ཁྱིམ་མིའི་དུས་བཀག་གི་འཆི་གོད་རོགས་དངུལ་གྱི་ཚད་གཞི་ནི་སོ་སོར་ལོ་རེར་སྒོར་39490དང་། ལོ་རེར་སྒོར་33290ལོ་རེར་སྒོར་30740བཅས་ཡིན།
(3)ཕ་ཡུལ་ན་དམག་ཁོངས་ནས་ཕྱིར་ལོག་པའི་དམར་དམག་གི་འཐབ་མོ་པ་རྒན་གྲས་དང་དམར་དམག་གི་ཁ་ཐོར་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་ནི་ལོ་རེར་སྒོར་86260དང་ལོ་རེར་སྒོར་38920ཡིན།
(4)ཕ་ཡུལ་ན་དམག་ཞབས་ཟིན་ནས་ཕྱིར་ལོག་པའི་དམག་མིའི་འཚོ་བའི་ཁ་གསབ་རོགས་དངུལ་ནི། ཀྲུང་དབྱང་ནོར་སྲིད་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁ་གསབ་རོགས་དངུལ་གྱི་ཚད་གཞིའི་རྨང་གཞིའི་ཐོགམི་རེར་ལོ་རེར་སྒོར་1440འཕར་སྣོན་བྱ་དགོས།
(5)ནད་ཕོག་ནས་ཕ་ཡུལ་དུ་ལོག་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་450མཐོ་རུ་བཏང་ནས། མི་རེར་ལོ་སྒོར་9450བར་མཐོ་རུ་གཏོང་དགོས།
(6)གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དུ་ལས་ཀའི་སྡེ་ཚན་མེད་པ་མ་ཟད་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་དམག་འཁྲུག་ནང་ཞུགས་པའི་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་480མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་10080བར་མཐོ་རུ་གཏོང་དགོས།
(7)དབང་པོ་སྐྱོན་ཅན་གྱི་དཔྱད་བསྡུར་དང་ནད་ཕོག་ནས་ཕ་ཡུལ་དུ་ལོག་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྣམས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུའི་ཆ་རྐྱེན་དང་མི་མཐུན་ནའང་། ནད་ཕོག་པའམ་འཚོ་བའི་དཀའ་ངལ་ཅན་གྱི་གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དུ་ལས་ཀའི་ལས་ཁུངས་མེད་པའི་དེ་སྔའི་དམག་དཔུང་8023གི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་། དེ་བཞིན་ཉིང་རྡུལ་ཚོད་ལྟ་ནང་ཞུགས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་མི་གཞན་དག་(ཡུ་གཏེར་སྔོག་འདོན་ནང་ཞུགས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཚུད།)ལ་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་480མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་10080བར་མཐོ་རུ་གཏོང་དགོས།
(8)གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དུ་སྡོད་པའི་ལས་ཀའི་ལས་ཁུངས་མེད་པ་དང་། ཧྲིལ་ལོ་18མ་སོན་གོང་དུས་བཀག་གི་འཆི་གོད་གཟིགས་སྐྱོང་རོགས་དངུལ་ལོངས་སུ་སྤྱོད་མྱོང་མེད་པ་མ་ཟད་ཧྲིལ་ལོ་60ལ་སོན་པའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་(རྒྱལ་ཁབ་དབུ་མ་བརྙེས་གོང་ནོར་འཁྲུལ་གྱིས་བསད་རྗེས་དཀར་འདོན་དག་སེལ་བྱས་པའི་བུ་ཕྲུག)འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་540མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་8280བར་མཐོ་རུ་གཏོང་དགོས།
(9)1954ལོའི་ཟླ་11ཚེས་1ཉིན་འོས་འགན་དམག་ཞབས་ལམ་ལུགས་ཚོད་ལྟ་བྱས་རྗེས་ནས་《དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་བཀོད་སྒྲིག་སྲོལ་ཡིག》ལག་བསྟར་མ་བྱས་གོང་དམག་ལ་ཞུགས་པ་དང་། ཧྲིལ་ལོ་60ཡན་(ལོ་60ཚུད།)ཡིན་པ། རྒྱལ་ཁབ་ཀྱི་དུས་བཀག་འཆི་གོད་རོགས་དངུལ་ལོངས་སུ་སྤྱོད་མེད་པའི་གྲོང་གསེབ་ནས་ཡིན་པའི་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མི་རྣམས་ལ་རྒན་རྒོན་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་དགོས། འོས་འགན་དམག་ཁོངས་སུ་གནས་པའི་ལོ་རེར་མི་རེར་སྒོར་40མཐོ་རུ་གཏོང་བ་དང་། འོས་འགན་དམག་ཁོངས་སུ་གནས་པའི་ལོ་རེར་མི་རེར་སྒོར་688མཐོ་རུ་གཏོང་དགོས།
18.高龄老人健康补贴
从2024年1月1日起,高龄老人健康补贴标准提高200元,对百岁以上的老年人,发放不低于1700元/人·年的健康补贴;对90至99周岁的老年人,发放不低于1400元/人·年的健康补贴;对80至89周岁的老年人,发放不低于1200元/人·年的健康补贴。
18.ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ།
2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་སྒོར་200མཐོ་རུ་བཏང་ནས། ལོ་བརྒྱ་ཡན་གྱི་རྒན་རྒོན་ལ་མི་རེར་ལོ་རེར་སྒོར་1700ལས་མི་ཉུང་བའི་བདེ་ཐང་ཁ་གསབ་སྤྲོད་རྒྱུ་དང་། ལོ་90ནས་99བར་གྱི་རྒན་རྒོན་ལ་མི་རེར་ལོ་རེར་སྒོར་1400ལས་མི་ཉུང་བའི་བདེ་ཐང་ཁ་གསབ་སྤྲོད་རྒྱུ། ལོ་80ནས་89བར་གྱི་རྒན་རྒོན་ལ་མི་རེར་ལོ་རེར་སྒོར་1200ལས་མི་ཉུང་བའི་བདེ་ཐང་ཁ་གསབ་སྤྲོད་དགོས།
19.经济困难的高龄、失能等老年人补贴
(1)补贴范围。低保家庭中70周岁以上的老年人;低保家庭中60周岁以上70周岁以下(含70周岁)的失能老人;既符合老年人两项补贴,又符合残疾人两项补贴,老年人福利、因公致残、离休等福利性生活补贴、护理补贴范围的老年人,可择高申领其中一类补贴。
(2)补贴标准。60元/人·月,区市县按照6:2:2的比例分级承担。
19.དཔལ་འབྱོར་དཀའ་ངལ་ཅན་གྱི་ལོ་ན་མཐོ་བ་དང་ནུས་མེད་སོགས་ཀྱི་རྒན་རྒོན་གྱི་ཁ་གསབ།
(1)ཁ་གསབ་ཀྱི་ཁྱབ་ཁོངས།མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་ཧྲིལ་ལོ་70ཡན་གྱི་རྒན་རྒོན། མ་མཐའི་འགན་སྲུང་ཁྱིམ་ཚང་གི་ཧྲིལ་ལོ་60ཡན་ནས་ཧྲིལ་ལོ་70མན་(ལོ་70ཚུད།)གྱི་ནུས་པ་ཤོར་བའི་རྒན་རྒོན།རྒན་རྒོན་གྱི་ཁ་གསབ་རྣམ་གྲངས་གཉིས་དང་འཚམ་ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རྣམ་གྲངས་གཉིས་དང་ཡང་འཚམ་ན། རྒན་རྒོན་གྱི་ཕན་བདེ་དང་། གཞུང་དོན་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་པ། ལས་བྲལ་ངལ་གསོ་སོགས་ཕན་བདེའི་རང་བཞིན་གྱི་འཚོ་བའི་ཁ་གསབ་དང་ནད་གཡོག་ཁ་གསབ་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒན་རྒོན་རྣམས་ཀྱིས་དེའི་ནང་གི་ཆེས་མཐོ་བའི་ཁ་གསབ་རིགས་གཅིག་རེ་ཞུ་བྱས་ཆོག
(2)ཁ་གསབ་ཚད་གཞི།མི་རེར་ཟླ་རེར་སྒོར་60དང་། ཆུས་དང་གྲོང་ཁྱེར། རྫོང་བཅས་ཀྱིས་སོ་སོར་6:2:2ཀྱི་བསྡུར་ཚད་ལྟར་རིམ་དབྱེ་བྱས་ནས་འགན་འཁུར་དགོས།
20.“三老”人员生活补助
从2024年1月1日起,提高“三老”人员生活补贴标准,提标后标准如下:
(1)老党员。1959年3月20日(含)前入党的农牧民(未享受离退休待遇的社区居民)党员补助1100元/人·月;1959年3月21日至1965年8月31日(含)入党的农牧民(未享受离退休待遇的社区居民)党员补助900元/人·月;1965年9月1日以后入党,党龄满30年、年满60周岁的农牧民(未享受离退休待遇的社区居民)补助800元/人·月[其中,1987年后担任村干部连续或累计满10年,目前不再担任村干部、未领取生活补助的农牧民(社区居民)补助850元/人·月]。
(2)老干部。1965年8月31日(含)前担任乡(镇)半脱产干部满1年时间,目前不再担任村干部、未领取月生活补助费的农牧民(社区居民)补助1000元/人·月;1965年9月1日至1987年撤区并乡期间担任乡(镇)半脱产干部连续或累计满10年、年满60周岁,目前不再担任村干部、未领取月生活补助费的农牧民(社区居民)补助900元/人·月。
(3)老模范。曾获得国家级荣誉称号,年满60周岁的农牧民(未享受离退休待遇的社区居民)补助900元/人·月;曾获得省部级荣誉称号,年满60周岁的农牧民(未享受离退休待遇的社区居民)补助800元/人·月。
20.“རྒན་པ་གསུམ་”གྱི་འཚོ་བའི་ཁ་གསབ་རོགས་དངུལ།
2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། “རྒན་པ་གསུམ་”གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། ཚད་གཞི་མཐོ་རུ་བཏང་རྗེས་ཀྱི་ཚད་གཞི་གཤམ་གསལ་ལྟར་ཡིན་ཏེ།
(1)ཏང་ཡོན་རྒན་པ། 1959ལོའི་ཟླ་3ཚེས་20ཉིན་(ཚུད།)གྱི་སྔོན་ཏང་ནང་ཞུགས་པའི་ཞིང་འབྲོག་པའི་(ལས་བྲལ་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་མེད་པའི་སྡེ་ཁུལ་གྱི་གྲོང་མི།)ཏང་ཡོན་གྱི་ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་1100ཡིན། 1959ལོའི་ཟླ་3ཚེས་21ཉིན་ནས་1965ལོའི་ཟླ་8ཚེས་31ཉིན་བར་(ཚུད།)ཏང་དུ་ཞུགས་པའི་ཞིང་འབྲོག་པའི་(ལས་བྲལ་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་མེད་པའི་སྡེ་ཁུལ་གྱི་གྲོང་མི།)ཏང་ཡོན་གྱི་ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་900ཡིན། 1965ལོའི་ཟླ་9ཚེས་1ཉིན་གྱི་རྗེས་སུ་ཏང་དུ་ཞུགས་ནས། ཏང་གི་ལོ་ཚད་ལོ་30དང་། ལོ་60ལ་སོན་པའི་ཞིང་འབྲོག་པའི་(ལས་བྲལ་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་མེད་པའི་སྡེ་ཁུལ་གྱི་གྲོང་མི། )ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་800ཡིན།(དེའི་ནང་1987ལོའི་རྗེས་སུ་གྲོང་ཚོའི་ལས་བྱེད་པའི་འགན་བསྟུད་མར་རམ་ཡང་ན་རིམ་བསགས་ཀྱིས་བརྩིས་ན་ལོ་10ལོན་པ་དང་། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མེད་ཅིང་འཚོ་བའི་རོགས་དངུལ་བླངས་མེད་པའི་ཞིང་འབྲོག་པའི་(སྡེ་ཁུལ་གྲོང་མི།)ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་850ཡིན།)
(2)ལས་བྱེད་པ་རྒན་པ། 1965ལོའི་ཟླ་8ཚེས་31ཉིན་(ཚུད།)གྱི་སྔོན་ཤང་(གྲོང་རྡལ།)གི་ཕྱེད་ལས་བྱེད་པའི་འགན་འཁུར་ནས་ལོ་1་འགོར་ཞིང་། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མེད་པ་དང་། ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པའི་(སྡེ་ཁུལ་གྱི་གྲོང་མི།)ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་1000ཡིན། 1965ལོའི་ཟླ་9ཚེས་1ཉིན་ནས་1987ལོའི་བར་ཆུས་ཕྱིར་འཐེན་ནས་ཤང་དུ་ཟླ་སྒྲིལ་བྱེད་རིང་ཤང་(གྲོང་རྡལ།)གི་ཕྱེད་ལས་བྱེད་པའི་འགན་འཁུར་ནས་བསྟུད་མར་རམ་ཡང་རིམ་བསགས་ཀྱིས་བརྩིས་ན་ལོ་10འགོར་བ་དང་། ཧྲིལ་ལོ་60ལ་སོན་ཞིང་། མིག་སྔར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མེད་པ་དང་། ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་མ་བླངས་པའི་ཞིང་འབྲོག་པའི་(སྡེ་ཁུལ་གྱི་གྲོང་མི།)ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་900ཡིན།
(3)དཔེ་བཟང་རྒན་པ། སྔོན་ཆད་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་དང་། ཧྲིལ་ལོ་60ལ་སོན་པའི་ཞིང་འབྲོག་པའི་(ལས་བྲལ་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱད་མེད་པའི་སྡེ་ཁུལ་གྱི་གྲོང་མི།)ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་900དང་། ཞིང་ཆེན་དང་པུའུ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་དང་། ཧྲིལ་ལོ་60ལ་སོན་པའི་ཞིང་འབྲོག་པའི་(ལས་བྲལ་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱད་མེད་པའི་སྡེ་ཁུལ་གྱི་གྲོང་མི།)ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་800ཡིན།
21.退耕还林还草工程政策补助
新一轮退耕还林还草补助期和标准为:退耕还林每亩退耕地补助1200元,五年内分三次下达,第一年500元,第三年300元,第五年400元;退耕还草每亩退耕地补助850元,三年内分两次下达,第一年450元,第三年400元。
新一轮退耕还林还草延长期补助期限和标准为:退耕还林每亩退耕地补助,分五年下达,每年100元;退耕还草每亩退耕地补助300元,分三年下达,每年100元。上一轮政策到期退耕还生态林抚育每亩退耕地补助100元,自政策到期次年分五次下达,每年20元。
21.རྨོ་བསྐྱུར་ནགས་འདེབས་རྩྭ་གསོ་ལས་གྲྭའི་སྲིད་ཇུས་ཁ་གསབ་རོགས་དངུལ།
རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་འདེབས་རྩྭ་གསོའི་ཁ་གསབ་རོགས་དངུལ་གྱི་དུས་ཡུན་དང་ཚད་གཞི་ནི། རྨོ་བསྐྱུར་ནགས་འདེབས་ཀྱི་ཁ་གསབ་རྨོ་ཞིང་མུའུ་རེར་སྒོར་1200་དང་། ལོ་ལྔའི་རིང་ཐེངས་གསུམ་ལ་བགོས་ནས་གཤམ་སྤྲོད་བྱ་རྒྱུ་སྟེ།ལོ་དང་པོར་སྒོར་500དང་། ལོ་གསུམ་པར་སྒོར་300་དང་། ལོ་ལྔ་པར་སྒོར་400བཅས་ཡིན། རྨོ་བསྐྱུར་རྩྭ་གསོའི་ཁ་གསབ་རོགས་དངུལ་རྨོ་ཞིང་མུའུ་རེར་སྒོར་850་སྤྲོད་པ་དང་། ལོ་གསུམ་ནང་ཐེངས་གཉིས་ལ་བགོས་ནས་གཤམ་སྤྲོད་བྱ་རྒྱུ་སྟེ།ལོ་དང་པོར་སྒོར་450དང་ལོ་གསུམ་པར་སྒོར་400ཡིན།
རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་འདེབས་རྩྭ་གསོའི་དུས་ཡུན་བསྲིངས་པའི་ཁ་གསབ་རོགས་དངུལ་གྱི་དུས་བཀག་དང་ཚད་གཞི་ནི། རྨོ་བསྐྱུར་ནགས་འདེབས་ཀྱི་རྨོ་ཞིང་མུའུ་རེར་ཁ་གསབ་རོགས་དངུལ་ལོ་ལྔར་བགོས་ནས་སྤྲོད་རྒྱུ་དང་ལོ་རེར་སྒོར་100ཡིན། རྨོ་བསྐྱུར་རྩྭ་གསོའི་རྨོ་ཞིང་མུའུ་རེར་སྒོར་300ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དེ་ལོ་གསུམ་ལ་བགོས་ནས་སྤྲོད་རྒྱུ་དང་ལོ་རེར་སྒོར་100ཡིན། རེས་སྐོར་སྔོན་མའི་སྲིད་ཇུས་ཀྱི་དུས་ཚོད་ལོན་རྗེས་རྨོ་བསྐྱུར་སྐྱེ་ཁམས་ནགས་ཚལ་གསོ་སྐྱོང་བྱེད་པར་རྨོ་ཞིང་མུའུ་རེར་སྒོར་100ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། སྲིད་ཇུས་ཀྱི་དུས་ཚོད་ལོན་རྗེས་ལོ་ལྔར་བགོས་ནས་ལོ་རེར་སྒོར་20སྤྲོད་དགོས།
22.村级动物防疫员补贴
(1)基本报酬。从2020年1月1日起,村级动物防疫员基本报酬1100元/人·月(下达转移支付时已统筹考虑村级动物防疫员基本报酬因素,由各县<区>统筹安排资金落实村级动物防疫员基本报酬资金)。
(2)服务奖励补助。对认真履行职责、较好地完成动物防疫服务工作的村级动物防疫员,经考核合格,按农业县(包括半农半牧县)和纯牧业县两种类型,分别按农牧民人均2元和4元,安排村级动物防疫员服务奖励补贴资金,年底一次性发放奖励补贴给村级动物防疫员。
22.གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པའི་ཁ་གསབ་རོགས་དངུལ།
(1)གཞི་རྩའི་ཐོབ་ཆ། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པའི་གཞི་རྩའི་ཐོབ་ཆ་མི་རེར་ཟླ་རེར་སྒོར་1100(སྤོ་སྒྱུར་གཏོང་སྤྲོད་བྱེད་སྐབས་གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པའི་གཞི་རྩའི་ཐོབ་ཆའི་རྒྱུ་རྐྱེན་ལ་གཅིག་འདོམས་ཀྱིས་བསམ་གཞིག་བྱས་ནས། རྫོང་<ཆུས།>ཁག་གིས་གཅིག་གྱུར་གྱིས་མ་དངུལ་བཀོད་སྒྲིག་བྱས་ཏེ་གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པའི་གཞི་རྩའི་ཐོབ་ཆ་དོན་འཁྱོལ་བྱ་དགོས།)ཡིན།
(2)ཞབས་ཞུའི་བྱ་དགའི་ཁ་གསབ་རོགས་དངུལ། འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཤིང་། སྲོག་ཆགས་ཀྱི་རིམས་འགོག་ཞབས་ཞུའི་ལས་དོན་ཅུང་ལེགས་པར་འགྲུབ་པའི་གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པ་དཔྱད་ཞིབ་བརྒྱུད་དེ་ཚད་ལོན་ན། ཞིང་ལས་རྫོང་(རོང་མ་འབྲོག་རྫོང་ཚུད།)དང་འབྲོག་ལས་རྫོང་རིགས་གཉིས་གཞིར་བཟུང་ནས། ཞིང་འབྲོག་པ་མི་རེར་ཆ་སྙོམས་སྒོར་2དང་སྒོར་4ལྟར། གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པའི་ཞབས་ཞུའི་བྱ་དགའི་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ནས། ལོ་མཇུག་ཏུ་གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་སྨན་པར་བྱ་དགའི་ཁ་གསབ་ཐེངས་གཅིག་སྤྲོད་དགོས།
23.村医补贴
(1)基本报酬。2020年1月起1100元/人·月,全年13200元。
(2)绩效工资。1000元/人·月,根据考核半年或年终发放。
23.གྲོང་གསེབ་སྨན་པའི་ཁ་གསབ་རོགས་དངུལ།
(1)གཞི་རྩའི་ཐོབ་ཆ། 2020ལོའི་ཟླ་1པོ་ནས་བཟུང་མི་རེར་ཟླ་རེར་1100དང་། ལོ་ཧྲིལ་པོར་སྒོར་13200ཡིན།
(2)བྱས་རྗེས་ཀྱི་གླ་ཕོགས།མི་རེར་ཟླ་རེར་སྒོར་1000དང་། དཔྱད་ཞིབ་ལ་གཞིགས་ནས་ལོ་ཕྱེད་སམ་ཡང་ན་ལོ་མཇུག་ཏུ་སྤྲོད་དགོས།
24.城乡居民基本养老保险制度
根据《西藏自治区关于建立城乡居民基本养老保险待遇确定和基础养老金正常调整机制的实施意见》(藏人社发〔2019〕112号),城乡居民基本养老保险从2020年1月1日起,个人年缴费标准分为200元~5000元十四个档次,最高可缴5000元。个人可自愿选择档次缴费,多缴多得。财政对个人缴费补贴分为年人均50元~300元十四个档次。
对建档立卡贫困人员,在脱贫攻坚巩固期内保留100元/人·年的最低缴费档次标准,按规定继续由政府全额代缴,并享受40元政府补贴。
对城乡居民中(一、二级)重度残疾人,孤寡老人、低保对象等缴费困难群体仍按100元的最低缴费档次由政府全额代缴,并享受40元政府补贴。
对65周岁以上参保城乡老年居民予以适当倾斜,其中:年满65~69周岁的参保人员,基础养老金增加10元/人·月;年满70周岁及以上的参保人员,基础养老金增加20元/人·月。
加发年限基础养老金,对缴费年限超过15年的,在15年的基础上,缴费每增加1年,每月加发当年我区基础养老金标准的5%。政府给予法定继承人或指定受益人一次性丧葬补助金,标准从6个月基础养老金提高到18个月。
从2024年1月1日起,城乡居民基本养老保险基础养老金标准提高至245元/人·月。
24.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས།
《གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》(བོད་ལྗོངས་མི་སྤྱིའི་〔2019〕ཡིག་ཆ་ཨང་112པ།)གཞིར་བཟུང་།གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་དེ་2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། མི་སྒེར་གྱི་ལོ་རེའི་གྲོན་དངུལ་འཇལ་ཚད་དེ་སྒོར་200ནས་5000བར་རིམ་པ་བཅུ་བཞི་ལ་དབྱེ་ནས། མཐོ་ཤོས་སྒོར་5000འཇལ་ཆོགམི་སྒེར་གྱིས་རང་མོས་ཀྱིས་རིམ་པ་བདམས་ནས་དངུལ་སྤྲད་ཆོག་པ་དང་། མང་སྤྲོད་མང་ཐོབ་ཡིན། ནོར་སྲིད་ཀྱིས་མི་སྒེར་ལ་གྲོན་དངུལ་འཇལ་བའི་ཁ་གསབ་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་50ནས་300བར་རིམ་པ་བཅུ་བཞི་ལ་དབྱེ་ཡོད།
ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་སྣ་ལ། དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་དུས་ཡུན་ནང་མི་རེར་ལོ་རེར་སྒོར་100ཡི་ཚད་གཞི་དམའ་ཤོས་སོར་འཇོག་བྱས་ནས། གཏན་འབེབས་ལྟར་སྲིད་གཞུང་གིས་མུ་མཐུད་དུ་ཆ་ཚང་ཚབ་སྤྲོད་བྱ་རྒྱུ་དང་འབྲེལ། སྲིད་གཞུང་གི་ཁ་གསབ་སྒོར་40ལོངས་སུ་སྤྱད་ཆོག
གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་(རིམ་པ་དང་པོ། རིམ་པ་གཉིས་པ།)ལས་དབང་པོ་སྐྱོན་ཅན་ཚབས་ཆེན་དང་། ཁེར་ཧྲེང་རྒན་རྒོན། མ་མཐའི་འགན་སྲུང་བྱ་ཡུལ་སོགས་གྲོན་དངུལ་འཇལ་དཀའ་བའི་ཚོགས་སྤྱིར་སྔར་བཞིན་སྒོར་100ཡི་གྲོན་དངུལ་འཇལ་ཚད་དམའ་ཤོས་ལྟར་སྲིད་གཞུང་གིས་ཆ་ཚང་ཚབ་སྤྲོད་བྱེད་པ་དང་འབྲེལ། སྲིད་གཞུང་གི་ཁ་གསབ་སྒོར་40ལོངས་སུ་སྤྱད་ཆོག
ཧྲིལ་ལོ་65ཡན་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་གྲོང་ཁྱེར་གྲོང་གསེབ་ཀྱི་རྒན་རྒོན་གྲོང་མིར་གཟིགས་སྐྱོང་འོས་འཚམ་བྱ་དགོས།དེའི་ནང་ཧྲིལ་ལོ་65ནས་69བར་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་10སྣོན་དགོས།ཧྲིལ་ལོ་70ཡན་ལ་སླེབས་པའི་འགན་བཅོལ་ནང་ཞུགས་མཁན་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་20སྣོན་དགོས།
ལོ་བཀག་གི་རྨང་གཞིའི་རྒན་གསོའི་དངུལ་ཁ་སྣོན་བྱ་དགོས་ཏེ།གྲོན་དངུལ་འཇལ་ཡུན་ལོ་15ལས་བརྒལ་བའི་རིགས་ལ། ལོ་15ཡི་རྨང་གཞིའི་ཐོག་གྲོན་དངུལ་འཇལ་ཡུན་ལོ་1འཕར་ན། ཟླ་རེར་ལོ་དེའི་རང་ལྗོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞིའི་5%ཁ་སྣོན་བྱ་རྒྱུ།སྲིད་གཞུང་གིས་ཁྲིམས་བཀོད་ཤུལ་འཛིན་པ་ནམ་ཡང་ན་དམིགས་འཛུགས་ཁེ་ཕན་ཐོབ་མཁན་ལ་ཐེངས་གཅིག་རང་བཞིན་གྱི་དུར་འཇུག་ཁ་གསབ་རོགས་དངུལ་སྤྲོད་པ་དང་། ཚད་གཞི་དེ་ཟླ་བ་6གི་རྨང་གཞིའི་རྒན་གསོའི་དངུལ་ནས་ཟླ་བ་18བར་མཐོ་རུ་བཏང་ཡོད།
2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར་245བར་མཐོ་རུ་བཏང་ཡོད།
25.开展先心病儿童和白内障患者救治
根据《关于印发<西藏自治区0~18岁儿童先天性心脏病患者救治行动方案(2023~2025年)>的通知》(藏卫基层发〔2023〕155号)要求,从2012年开始对18岁以下儿童开展免费医疗救助,对在区外手术救治的患儿及监护人还另外提供8000元的生活和交通补助,对在区内手术的患儿提供1600元的生活和交通补助;对白内障患者实施免费治疗。
25.ལྷན་སྐྱེས་སྙིང་ནད་ཀྱི་བྱིས་པ་དང་ལིང་ཏོག་བར་འགྲིབ་ནད་པར་སྨན་བཅོས་བྱེད་པ།
《བོད་རང་སྐྱོང་ལྗོངས་ཀྱི་ལོ་0ནས་18བར་གྱི་ཕྲུ་གུའི་ལྷན་སྐྱེས་སྙིང་ནད་ཅན་གྱི་ནད་པ་སྨན་བཅོས་བྱ་སྤྱོད་ཇུས་གཞི་(2023ལོ་ནས་2025ལོའི་བར།)》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ལྗོངས་འཕྲོད་བསྟེན་གཞི་རིམ་གྱི་〔2023〕ཡིག་ཆ་ཨང་155པ།)ཡི་བླང་བྱ་གཞིར་བཟུང་། 2012ལོ་ནས་བཟུང་ལོ་18མན་གྱི་བྱིས་པར་རིན་མེད་སྨན་བཅོས་རོགས་སྐྱོབ་བྱ་རྒྱུ་དང་། ལྗོངས་ཕྱི་རུ་གཤག་བཅོས་སྨན་བཅོས་བྱས་པའི་བྱིས་པ་དང་ལྟ་སྐྱོང་པར་ལོགས་སུ་འཚོ་བ་དང་འགྲིམ་འགྲུལ་ཁ་གསབ་སྒོར་8000དང་། ལྗོངས་ནང་ཁུལ་དུ་གཤག་བཅོས་བྱས་པའི་བྱིས་པ་ལ་འཚོ་བ་དང་འགྲིམ་འགྲུལ་ཁ་གསབ་སྒོར་1600སྤྲོད་དགོས། ལིང་ཏོག་བར་འགྲིབ་ནད་པར་རིན་མེད་དུ་སྨན་བཅོས་བྱ་དགོས།
26.西藏自治区民族团结进步模范表彰奖励
根据《西藏自治区人民政府办公厅关于印发<西藏自治区民族团结进步模范评选表彰办法>的通知》(藏政办发〔2021〕27号),获得“西藏自治区民族团结进步模范个人”称号的,自治区财政厅按照4000元/人的标准安排表彰奖励资金,由自治区财政核拨。西藏自治区民族团结进步表彰大会每三年召开一次。
26.བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གི་གཟེངས་བསྟོད་དང་བྱ་དགའ།
《﹤བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་བྱ་ཐབས་﹥པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིང་གི་བརྡ་ཐོ》(བོད་ལྗོངས་སྲིད་གཞུང་གཞུང་ལས་ཁང་གི་〔2021〕ཡིག་ཆ་ཨང་27པ།)ལྟར།“བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་”གྱི་མཚན་སྙན་ཐོབ་མཁན་ལ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མི་རེར་སྒོར་4000ཡི་ཚད་གཞི་ལྟར་གཟེངས་བསྟོད་བྱ་དགའི་མ་དངུལ་བཀོད་སྒྲིག་བྱས་ནས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཞིབ་དཔྱད་བྱས་ནས་གཏོང་སྤྲོད་བྱ་དགོས །བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ལོ་གསུམ་རེར་ཐེངས་གཅིག་རེ་འཚོག་པ་ཡིན།
27.生态保护岗位补助
为16周岁至65周岁具有劳动能力(不含一二级残疾)有意愿的具有返贫风险的防返贫监测人员、脱贫巩固人口(含农村低保人口)、农村低收入人口提供生态保护岗位。对低收入农牧民群众的家庭根据家庭总人数设置限制条件,即4人及以下的家庭可以安排1个生态岗位,5人及以上的家庭可以安排2个生态岗位。生态保护岗位对象不得从村两委、村务监督委员、村医、村兽医、科技特派员、全日制在校生、长期在外以及一年以上在企事业单位务工人员中遴选。共设有7大类岗位,分别为:林业系统生态保护、草原监督员、水生态保护(含村级水管员)、农村公路养护、村庄保洁、厕所保洁员(含旅游厕所)、地质灾害群测群防。自2018年起,生态保护岗位补助标准由3000元/人·年提高至3500元/人·年。
27.སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཀྱི་ཁ་གསབ་རོགས་དངུལ།
ལོ་16ནས་ལོ་65བར་གྱི་ངལ་རྩོལ་ནུས་པ་(རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་ཚུད་མེད།)དང་བསྐྱར་དབུལ་ཉེན་ཁ་ཅན་གྱི་ལྟ་ཞིབ་ཚད་ལེན་མི་སྣ། དབུལ་སྒྲོལ་སྲ་བརྟན་མི་འབོར་(གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་མི་འབོར་ཚུད།)གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་བཅས་ལ་སྐྱེ་ཁམས་སྲུང་སྐྱོང་ལས་གནས་མཁོ་འདོན་བྱ་དགོས། ཡོང་འབབ་དམའ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ལ་མི་གྲངས་གཞིགས་ནས་ཚོད་འཛིན་ཆ་རྐྱེན་བཟོ་བ་སྟེ། མི་4མན་གྱི་ཁྱིམ་ཚང་ལ་སྐྱེ་ཁམས་ལས་གནས་1བཀོད་སྒྲིག་བྱས་ཆོག་པ་དང་། མི་5ཡན་གྱི་ཁྱིམ་ཚང་ལ་སྐྱེ་ཁམས་ལས་གནས་2བཀོད་སྒྲིག་བྱས་ཆོགསྐྱེ་ཁམས་སྲུང་སྐྱོང་ལས་གནས་ནི་གྲོང་ཚོའི་ཨུ་ལྷན་གཉིས་དང་། གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ཡོན། གྲོང་ཚོའི་སྨན་པ། གྲོང་ཚོའི་ཕྱུགས་སྨན་པ། ཚན་རྩལ་ཆེད་མངགས་པ། ཉིན་གང་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མ། ཡུན་རིང་ཕྱི་རོལ་དུ་སྡོད་པ། དེ་བཞིན་ལོ་གཅིག་ཡན་ཁེ་ལས་དང་བྱ་བཞག་སྡེ་ཚན་གྱི་ལས་བཟོ་བ་བཅས་ཀྱི་ཁྲོད་ནས་གདམ་གསེས་བྱས་མི་ཆོགལས་གནས་རིགས་ཆེན་པོ་7དུ་དབྱེ་ཡོད་དེ། ནགས་ལས་མ་ལག་གི་སྐྱེ་ཁམས་སྲུང་སྐྱོང་དང་། རྩྭ་ཐང་ལྟ་སྐུལ་པ།ཆུའི་སྐྱེ་ཁམས་སྲུང་སྐྱོང་(གྲོང་ཚོ་རིམ་པའི་ཆུ་སྦུག་བདག་སྐྱོང་པ་ཚུད།)གྲོང་གསེབ་གཞུང་ལམ་བདག་སྐྱོང་པ། གྲོང་ཚོའི་གཙང་སྦྲ་བྱེད་མཁན། གསང་སྤྱོད་གཙང་སྦྲ་བྱེད་མཁན།(ཡུལ་སྐོར་གསང་སྤྱོད་ཚུད།)ས་གཤིས་གནོད་འཚེ་ཚོགས་པའི་ཚད་ལེན་དང་འགོག་སྲུང་བཅས་ཡིན། 2018ལོ་ནས་བཟུང་། སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཀྱི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་3000ནས་མི་རེར་ལོ་རེར་སྒོར་3500བར་མཐོ་རུ་བཏང་ཡོད།
28.困难群众救助补助
根据《西藏自治区困难群众救助补助资金管理办法》(藏财社〔2023〕37号),在制度存续期间,中央财政及自治区财政安排用于补助各地市开展低保、特困人员救助供养、临时救助、流浪乞讨人员救助、孤儿和艾滋病病毒感染儿童基本生活保障工作的资金。
(1)低保。政策依据:《西藏自治区人民政府关于印发<自治区最低生活保障实施办法>的通知》(藏政发〔2023〕3号)。低保对象:凡持有我区户籍且长期居住在户籍所在地共同生活的家庭成员,人均可支配收入低于自治区城乡最低生活保障标准,且家庭财产状况符合规定条件的,根据户籍提出城乡最低生活保障申请。补贴标准:城镇低保月人均947元;农村低保年人均5340元;补贴方式:最低生活保障金应当按照审核确认的申请家庭人均收入与当地最低生活保障标准的差额计算;“单人户”纳入最低生活保障的,按照当年最低生活保障标准的平均补差进行保障。城市低保由区市(县)按照8:2比例承担;农村低保由区市县按照8:1:1比例承担。
(2)集中供养和城市分散供养。政策依据:《西藏自治区人民政府关于印发<自治区特困人员救助供养办法>的通知》(藏政发〔2023〕2号)。补贴对象:具有西藏自治区户籍,同时具备以下条件的老年人、残疾人和未成年人,应当依法纳入特困人员救助供养范围,1.无劳动能力;2.无生活来源;3.无法定赡养、抚养、扶养义务人或者法定义务人无履行义务能力。补贴标准:集中供养14773元/人·年,分散供养8010/人·年。补贴方式:集中供养特困人员救助供养资金直接拨付到集中供养服务机构,由集中供养服务机构统筹使用。分散供养特困人员救助供养资金实行社会化发放。
(3)临时救助。政策依据:《西藏自治区临时救助办法》(西藏自治区人民政府令第181号)。补贴对象:临时救助对象分为支出型救助对象和急难型救助对象。a.一般困难家庭。因火灾、交通事故等意外事件,家庭成员突发重大疾病等原因或生活必需支出突然增加超出家庭承受能力,导致基本生活出现暂时困难的普通家庭。b.困难个人。因遭遇火灾、交通事故、突发重大疾病或其他特殊困难,暂时无法得到家庭支持,导致基本生活陷入困境的个人。c.特殊困难家庭。因火灾、交通事故等意外事件,家庭成员突发重大疾病等原因或生活必需支出突然增加超出家庭承受能力,导致基本生活出现暂时困难的最低生活保障家庭、特困供养人员等救助对象家庭。补贴范围:所有遭遇突发事件(如火灾、交通事故)、重大疾病或生活必须支出突然增加超出承受能力导致生活陷入困境,其他社会救助制度暂时无法覆盖或救助之后基本生活仍有严重困难的家庭或个人,不论户籍、不分城乡,根据困难情况纳入临时救助的范围。因赌博、吸毒、酗酒等不良行为造成个人或家庭生活困难的不纳入临时救助范围。补贴标准:a.临时救助保障申请人基本生活为原则,按照自治区民政领域重点民生保障补贴标准动态调整机制,或以上一年度临时救助限高标准为基数确定当年临时救助限高标准。b.县级以上人民政府民政部门根据救助对象困难类型、困难程度合理确定具体救助额度。c.救助对象遭遇重大生活困难,现行救助标准不能兜底的,可由县级困难群众基本生活保障工作协调机制,采取“一事一议”“一案一策”方式,适当提高临时救助额度。一年内临时救助次数原则上不超过2次。补贴方式:临时救助方式一般以发放临时救助金为主,必要时提供实物和基本生活条件、转介服务等形式给予救助。发放临时救助金:原则上实行社会化发放。特殊情况下以现金形式发放的,领款人(代领人)提供身份信息和领款收据,一并纳入救助档案。发放实物:根据临时救助标准和救助对象基本生活需要,可采取发放衣物、食品、饮用水和提供临时住所等方式予以救助。提供转介服务:对实施临时救助后,仍不能解决临时救助对象困难的,可视情及时转介有关职能部门。
(4)寄养儿童、集中收养儿童。政策依据:《西藏自治区民政厅西藏自治区财政厅关于提高我区孤儿基本生活保障标准的通知》(藏民发〔2024〕4号)。补贴对象:孤儿、机构临时监护事实无人抚养儿童和艾滋病病毒感染儿童。补贴标准:二类区1354元/人·月、三类区1625元/人/·月、四类区1828元/人·月。承担比例:区市按照8:2的比例分级承担。
(5)社会散居事实无人抚养儿童。政策依据:根据《西藏自治区民政厅西藏自治区财政厅关于提高我区事实无人抚养儿童基本生活保障标准的通知》(藏民发〔2024〕5号)。补贴对象:社会散居事实无人抚养儿童。补贴标准:二类区660元/人·月、三类区792元/人·月、四类区891元/人·月。由自治区全额承担。
28.དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་རོགས་དངུལ།
《བོད་རང་སྐྱོང་ལྗོངས་ཀྱི་དཀའ་ངལ་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས》(བོད་ལྗོངས་ནོར་སྲིད་ཁང་གི་〔2023〕ཡིག་ཆ་ཨང་37པ།)གཞིར་བཟུང་། ལམ་ལུགས་རྒྱུན་མཐུད་བྱེད་རིང་། ཀྲུང་དབྱང་ནོར་སྲིད་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ས་གནས་དང་གྲོང་ཁྱེར་ཁག་ལ་མ་མཐའི་འཚོ་བའི་འགན་སྲུང་དང་།དཀའ་ངལ་ཆེ་བའི་མི་སྣར་རོགས་སྐྱོར་གསོ་སྙོར། གནས་སྐབས་རོགས་སྐྱོར། ཡུལ་གྱར་སློང་མོ་བའི་རོགས་སྐྱོར། དྭ་ཕྲུག་དང་ཨེ་ཙི་ནད་འགོས་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་བཅས་ཀྱི་ལས་དོན་ལ་ཁ་གསབ་རོགས་སྐྱོབ་བྱེད་པའི་མ་དངུལ་བཀོད་སྒྲིག་བྱ་དགོས།
(1)མ་མཐའི་འཚོ་བའི་འགན་སྲུང་། སྲིད་ཇུས་ཀྱི་གཞི་འཛིན་ས།《རང་སྐྱོང་ལྗོངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ལག་བསྟར་བྱེད་ཐབས》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ(བོད་ལྗོངས་སྲིད་གཞུང་གི་〔2023པ〕ཡིག་ཆ་ཨང་3པ།) མ་མཐའི་འགན་སྲུང་བྱ་ཡུལ་ནི། རང་ལྗོངས་ཀྱི་ཐེམ་ཐོ་ཡིན་པ་མ་ཟད་ཡུན་རིང་ཐེམ་ཐོ་ཡོད་སར་མཉམ་དུ་སྡོད་པའི་ཁྱིམ་ཚང་གི་ཁོངས་མི་དང་། མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ལས་དམའ་བ་མ་ཟད། ད་དུང་ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པ་ཡིན་ན། ཐེམ་ཐོ་གཞིར་བཟུང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་རེ་ཞུ་བྱ་དགོས། ཁ་གསབ་ཚད་གཞི་ནི། གྲོང་ཁྱེར་གྲོང་རྡལ་གྱི་མ་མཐའི་འགན་སྲུང་ཟླ་རེར་མི་རེར་ཆ་སྙོམས་སྒོར་947དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལོ་རེར་མི་རེར་ཆ་སྙོམས་སྒོར་5340ཡིན། ཁ་གསབ་བྱེད་སྟངས་ནི། མ་མཐའི་འཚོ་བའི་འགན་སྲུང་དངུལ་དེ་ཞིབ་བཤེར་གཏན་འཁེལ་བྱས་པའི་རེ་ཞུ་བྱས་པའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་དང་ས་གནས་དེ་གའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་བར་གྱི་ཆད་གྲངས་ལྟར་རྩིས་རྒྱག་དགོས། “མི་རྐྱང་དུད་ཚང་”དེ་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་ན།ལོ་དེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ཆ་སྙོམས་ཁ་གསབ་ཀྱི་ཁྱད་ལྟར་འགན་སྲུང་བྱ་དགོས།གྲོང་ཁྱེར་གྱི་མ་མཐའི་འགན་སྲུང་ནི་ཆུས་དང་གྲོང་ཁྱེར་(རྫོང་།)གྱིས་བསྡུར་ཚད་8:2ལྟར་འགན་འཁུར་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་ནི་ཆུས་དང་གྲོང་ཁྱེར། རྫོང་བཅས་ཀྱིས་8:1:1བསྡུར་ཚད་ལྟར་འགན་འཁུར་དགོས།
(2)གཅིག་སྡུད་གསོ་སྙོར་དང་གྲོང་ཁྱེར་ཁ་ཐོར་གསོ་སྙོར།སྲིད་ཇུས་ཀྱི་གཞི་འཛིན་ས་ནི།《རང་སྐྱོང་ལྗོངས་ཀྱི་དཀའ་ངལ་ཆེ་བའི་མི་སྣར་རོགས་སྐྱོར་དང་གསོ་སྙོར་བྱ་ཐབས》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ(བོད་ལྗོངས་སྲིད་གཞུང་གི་〔2023〕ཡིག་ཆ་ཨང་2པ།) ཁ་གསབ་བྱ་ཡུལ་ནི། བོད་རང་སྐྱོང་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་དང་། གཤམ་གསལ་གྱི་ཆ་རྐྱེན་འཛོམས་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནར་མ་སོན་པའི་མི་བཅས་ལ། ཁྲིམས་ལྟར་དཀའ་ངལ་ཆེ་བའི་མི་སྣར་རོགས་སྐྱོར་དང་གསོ་སྙོར་བྱེད་པའི་ཁྱབ་ཁོངས་སུ་འཇུག་དགོས།1.ངལ་རྩོལ་ནུས་པ་མེད་པ། 2.འཚོ་བའི་འབྱུང་ཁུངས་མེད་པ། 3.ཁྲིམས་བཀོད་ཀྱི་ཞབས་ཏོག་དང་གསོ་སྙོར་གྱི་འོས་འགན་འཁུར་མཁན་མེད་པའམ་ཡང་ན་ཁྲིམས་བཀོད་འོས་འགན་འཁུར་མཁན་ལ་འོས་འགན་འཁུར་བའི་ནུས་པ་མེད་པ། ཁ་གསབ་ཚད་གཞི་ནི། གཅིག་སྡུད་གསོ་སྙོར་ལ་མི་རེར་ལོ་རེར་སྒོར་14773དང་། ཁ་ཐོར་གསོ་སྙོར་ལ་མི་རེར་ལོ་རེར་སྒོར་8010ཡིན། ཁ་གསབ་བྱེད་སྟངས་ནི། གཅིག་སྡུད་གསོ་སྙོར་དཀའ་ངལ་ཆེ་བའི་མི་སྣའི་རོགས་སྐྱོར་གསོ་སྙོར་མ་དངུལ་དེ་ཐད་ཀར་གཅིག་བསྡུས་ཀྱིས་རོགས་སྐྱོར་ཞབས་ཞུའི་ལས་ཁུངས་ལ་སྤྲོད་རྒྱུ་དང་། གཅིག་སྡུད་རོགས་སྐྱོར་ཞབས་ཞུའི་ལས་ཁུངས་ཀྱིས་གཅིག་འདོམས་ཀྱིས་བེད་སྤྱོད་གཏོང་དགོས། ཁ་ཐོར་གསོ་སྙོར་དཀའ་ངལ་ཆེ་བའི་མི་སྣར་རོགས་སྐྱོར་གསོ་སྙོར་མ་དངུལ་སྤྱི་ཚོགས་ཅན་དུ་འགྱུར་བའི་སྒོ་ནས་སྤྲོད་དགོས།
(3)གནས་སྐབས་རོགས་སྐྱོར།སྲིད་ཇུས་ཀྱི་གཞི་འཛིན་ས་ནི།《བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་རོགས་སྐྱོར་བྱ་ཐབས》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་181པ།) ཁ་གསབ་བྱ་ཡུལ་ནི། གནས་སྐབས་རོགས་སྐྱོར་བྱ་ཡུལ་ལ་འགྲོ་སོང་རྣམ་པའི་རོགས་སྐྱོར་བྱ་ཡུལ་དང་ཛ་དྲག་རྣམ་པའི་རོགས་སྐྱོར་བྱ་ཡུལ་གཉིས་སུ་དབྱེ་ཡོད། a.སྤྱིར་བཏང་གི་དཀའ་ངལ་ཅན་གྱི་ཁྱིམ་ཚང་། མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས། ཁྱིམ་ཚང་གི་ཁོངས་མིར་གློ་བུར་དུ་ནད་གཞི་ཚབས་ཆེན་བྱུང་བ་སོགས་ཀྱི་རྐྱེན་ནམ་ཡང་ན་འཚོ་བའི་འགྲོ་སོང་གློ་བུར་འཕར་སྣོན་བྱུང་ནས་ཁྱིམ་ཚང་གི་ཐེག་ནུས་ལས་བརྒལ་ཏེ། གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་ཁྱིམ་ཚང་དཀྱུས་མ་ཡིན། b.དཀའ་ངལ་ཅན་གྱི་མི་སྒེར། མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན། གློ་བུར་ནད་གཞི་ཚབས་ཆེན་བྱུང་བའམ་ཡང་ན་དམིགས་བསལ་གྱི་དཀའ་ངལ་གཞན་དག་བྱུང་བས། གནས་སྐབས་སུ་ཁྱིམ་ཚང་གི་རྒྱབ་སྐྱོར་ཐོབ་མ་ཐུབ་པས།གཞི་རྩའི་འཚོ་བ་དཀའ་ངལ་གྱི་གནས་སུ་གྱར་བའི་མི་སྒེར་ལ་ཟེར། c.དཀའ་ངལ་ཆེ་བའི་ཁྱིམ་ཚང་། མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་སམ། ཁྱིམ་ཚང་གི་ཁོངས་མིར་གློ་བུར་དུ་ནད་གཞི་ཚབས་ཆེན་བྱུང་བ་སོགས་ཀྱི་རྐྱེན་གྱིས་སམ་ཡང་ན་འཚོ་བའི་འགྲོ་སོང་གློ་བུར་དུ་འཕར་སྣོན་བྱུང་ནས་ཁྱིམ་ཚང་གི་ཐེག་ནུས་ལས་བརྒལ་ཏེ། གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། དཀའ་ངལ་ཆེ་བའི་གསོ་སྙོར་བྱ་ཡུལ་སོགས་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་ཚང་། ཁ་གསབ་ཀྱི་ཁྱབ་ཁོངས་ནི། གློ་བུར་དོན་རྐྱེན་(དཔེར་ན་མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན།)དང་། ནད་གཞི་ཚབས་ཆེན་ནམ་ཡང་ན་འཚོ་བའི་འགྲོ་སོང་གློ་བུར་དུ་འཕར་སྣོན་བྱུང་ནས་ཐེག་ནུས་ལས་བརྒལ་ནས་འཚོ་བའི་དཀའ་ངལ་གྱི་གནས་སུ་གྱར་བ། སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་གཞན་དག་གནས་སྐབས་སུ་ལོངས་སུ་སྤྱོད་མི་ཐུབ་པའམ་ཡང་ན་རོགས་སྐྱོར་བྱས་རྗེས་གཞི་རྩའི་འཚོ་བའི་ཐད་སྔར་བཞིན་དཀའ་ངལ་ཚབས་ཆེན་ཡོད་པའི་ཁྱིམ་ཚང་ངམ་མི་སྒེར་ཚང་མར་ཐེམ་ཐོ་དང་གྲོང་ཁྱེར་གྲོང་གསེབ་ལ་མི་བལྟོས་པར་དཀའ་ངལ་གྱི་གནས་ཚུལ་ལ་གཞིགས་ནས་གནས་སྐབས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་འཇུག་དགོས། རྒྱན་འཇོག་པ་དང་། དུག་འཐེན་པ། ཆང་རག་འཐུང་བ་སོགས་ཀྱི་བྱ་སྤྱོད་ངན་པ་ལས་མི་སྒེར་དང་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་བཟོས་ནས་གནས་སྐབས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་མི་འཇུག ཁ་གསབ་ཚད་གཞི་ནི།a.གནས་སྐབས་རོགས་སྐྱོར་འགན་ལེན་རེ་འདུན་ཞུ་མཁན་གྱི་གཞི་རྩའི་འཚོ་བ་རྩ་དོན་དུ་བྱས་ནས། རང་སྐྱོང་ལྗོངས་དམངས་སྲིད་ཁྱབ་ཁོངས་ཀྱི་དམངས་འཚོ་འགན་ལེན་གྱི་ཁ་གསབ་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་གཞིར་བཟུང་བའམ།ཡང་ན་གོང་གསལ་ལོ་འཁོར་གཅིག་གི་གནས་སྐབས་རོགས་སྐྱོར་ཚད་གཞི་མཐོ་ཤོས་གཞི་གྲངས་སུ་བྱས་ཏེ་ལོ་དེའི་གནས་སྐབས་རོགས་སྐྱོབ་ཚད་གཞི་མཐོ་ཤོས་གཏན་འཁེལ་བྱ་དགོས། b.རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་རོགས་སྐྱོར་བྱ་ཡུལ་གྱི་དཀའ་ངལ་རིགས་དང་དཀའ་ངལ་གྱི་ཚད་གཞིར་གཞིགས་ནས་རོགས་སྐྱོར་དངུལ་གྲངས་ཞིབ་ཕྲའི་ངང་གཏན་འཁེལ་ལུགས་མཐུན་བྱ་དགོས། c.རོགས་སྐྱོབ་བྱ་ཡུལ་ལ་འཚོ་བའི་དཀའ་ངལ་ཚབས་ཆེན་འཕྲད་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་རོགས་སྐྱོར་ཚད་གཞིས་མཐིལ་བརྟོལ་བ་བྱེད་མི་ཐུབ་ན། རྫོང་རིམ་པའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ལས་དོན་མཐུན་སྦྱོར་ལམ་སྲོལ་སྤྱད་དེ།“དོན་དག་རེ་ལ་གྲོས་མོལ་རེ་”དང་“དཔེ་གཞི་རེ་ལ་ཐབས་ཇུས་རེ”ཡི་བྱེད་ཐབས་སྤྱད་ནས། གནས་སྐབས་རོགས་སྐྱོར་གྱི་དངུལ་གྲངས་འོས་འཚམ་མཐོ་རུ་གཏོང་དགོས།ལོ་གཅིག་ནང་གནས་སྐབས་རོགས་སྐྱོར་ཐེངས་གྲངས་རྩ་དོན་ཐོག་ཐེངས་2་ལས་བརྒལ་མི་ཆོག ཁ་གསབ་བྱེད་སྟངས་ནི། གནས་སྐབས་རོགས་སྐྱོར་བྱེད་སྟངས་ནི་སྤྱིར་བཏང་གནས་སྐབས་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་གཙོ་བོར་བྱེད་པ་དང་། དགོས་ངེས་ཀྱི་སྐབས་སུ་དངོས་པོ་དང་གཞི་རྩའི་འཚོ་བའི་ཆ་རྐྱེན། བརྒྱུད་སྤྲོད་ཞབས་ཞུ་སོགས་ཀྱི་རྣམ་པའི་ཐོག་ནས་རོགས་སྐྱོར་བྱ་དགོས། གནས་སྐབས་རོགས་སྐྱོར་དངུལ་སྤྲོད་པ། རྩ་དོན་ཐོག་སྤྱི་ཚོགས་ཅན་དུ་འགྱུར་བའི་སྒོ་ནས་སྤྲོད་དགོས།དམིགས་བསལ་གྱི་གནས་ཚུལ་འོག་དངུལ་སྨར་གྱི་རྣམ་པའི་ཐོག་ནས་སྤྲད་ཚེ།དངུལ་ལེན་མཁན་(ཚབ་ལེན་མཁན།)གྱིས་ཐོབ་ཐང་ཆ་འཕྲིན་དང་དངུལ་ལེན་འཕྲོད་འཛིན་མཁོ་འདོན་བྱས་ཏེ། རོགས་སྐྱོར་ཡིག་ཚགས་ནང་མཉམ་དུ་འཇུག་དགོས།དངོས་པོ་སྤྲོད་པ། གནས་སྐབས་རོགས་སྐྱོར་གྱི་ཚད་གཞི་དང་རོགས་སྐྱོར་བྱ་ཡུལ་གྱི་གཞི་རྩའི་འཚོ་བའི་དགོས་མཁོར་གཞིགས་ནས། གྱོན་ཆས་དང་བཟའ་བཅའ།འཐུང་ཆུ་བཅས་སྤྲོད་པ། གནས་སྐབས་སྡོད་གནས་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རོགས་སྐྱོར་བྱས་ཆོགབརྒྱུད་སྤྲོད་ཞབས་ཞུ་འདོན་སྤྲོད་བྱེད་པ། གནས་སྐབས་རོགས་སྐྱོར་བྱས་རྗེས་རོགས་སྐྱོར་བྱ་ཡུལ་གྱི་དཀའ་ངལ་སྔར་བཞིན་ཐག་གཅོད་བྱེད་མ་ཐུབ་ན། གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཆོག
(4)བསྙོར་བཅོལ་བྱིས་པ་དང་གཅིག་སྡུད་ཉར་གསོའི་བྱིས་པ། སྲིད་ཇུས་ཀྱི་གཞི་འཛིན་ས་ནི།《རང་ལྗོངས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བརྡ་ཐོ།》(བོད་ལྗོངས་དམངས་སྲིད་ཡིག་ཆ་〔2024〕ཨང་4པ།) ཁ་གསབ་བྱ་ཡུལ་ནི། དྭ་ཕྲུག་དང་ལས་ཁུངས་ཀྱིས་གནས་སྐབས་ལྟ་སྐྱོང་བྱེད་པའི་དོན་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། ཨེ་ཙིའི་ནད་དུག་འགོས་པའི་བྱིས་པ་བཅས་ཡིན།ཁ་གསབ་ཚད་གཞི་ནི།རིགས་གཉིས་པའི་ས་ཁུལ་དུ་མི་རེར་ཟླ་རེར་སྒོར་1354དང་། རིགས་གསུམ་པའི་ས་ཁུལ་ལ་མི་རེར་ཟླ་རེར་སྒོར་1625རིགས་བཞི་པའི་ས་ཁུལ་ལ་མི་རེར་ཟླ་རེར་སྒོར་1828བཅས་ཡིན། འགན་འཁུར་བའི་བསྡུར་ཚད་ནི།ཆུས་དང་གྲོང་ཁྱེར་གྱིས་8:2ཀྱི་བསྡུར་ཚད་ལྟར་རིམ་པ་དབྱེ་ནས་འགན་འཁུར་དགོས།
(5)སྤྱི་ཚོགས་སུ་ཁ་ཐོར་དུ་གནས་པའི་བྱིས་པ་བདག་མེད། སྲིད་ཇུས་ཀྱི་གཞི་འཛིན་ས་ནི།《རང་ལྗོངས་ཀྱི་བྱིས་པ་བདག་མེད་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བརྡ་ཐོ》(བོད་དམངས་སྲིད་ཡིག་ཆ་〔2024〕ཨང་5པ།)གཞིར་བཟུང་བ་ཡིན།ཁ་གསབ་བྱ་ཡུལ་ནི།སྤྱི་ཚོགས་སུ་ཁ་ཐོར་དུ་གནས་པའི་བྱིས་པ་བདག་མེད་ཡིན།ཁ་གསབ་ཚད་གཞི་ནི། རིགས་གཉིས་པའི་ས་ཁུལ་དུ་མི་རེར་ཟླ་རེར་སྒོར་660དང་། རིགས་གསུམ་པའི་ས་ཁུལདུ་མི་རེར་ཟླ་རེར་སྒོར་792རིགས་བཞི་པའི་ས་ཁུལ་དུ་མི་རེར་ཟླ་རེར་སྒོར་891བཅས་ཡིན། རང་སྐྱོང་ལྗོངས་ཀྱིས་ཡོངས་རྫོགས་འགན་འཁུར་དགོས།
29.就业补助
对个人和单位的补贴资金用于职业培训补贴、职业技能评价补贴、就业见习补贴、一次性求职补贴、一次性创业补贴、社会保险补贴、公益性岗位补贴等;公共就业服务能力建设补助资金用于就业创业服务补助和高技能人才培养补助等;公益性岗位补贴为最低工资标准130%。同一项目就业补助资金补贴与失业保险补贴有重复的,个人和单位不可重复享受。
29.ལས་ཞུགས་ཁ་གསབ་རོགས་དངུལ།
མི་སྒེར་དང་སྡེ་ཚན་གྱི་ཁ་གསབ་རོགས་དངུལ་དེ་ལས་རིགས་གསོ་སྦྱོང་གི་ཁ་གསབ་དང་། ལས་རིགས་རྩལ་ནུས་གདེང་འཇོག་གི་ཁ་གསབ།ལས་ཞུགས་ལྟ་སྦྱོང་གི་ཁ་གསབ། ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ །ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སོགས་སུ་སྤྱོད་དགོས། སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་གི་ཁ་གསབ་མ་དངུལ་དེ་ལས་ཞུགས་ལས་གཏོད་ཞབས་ཞུའི་ཁ་གསབ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁ་གསབ་སོགས་ལ་སྤྱོད་དགོས། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་ནི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་130%ཡིན། རྣམ་གྲངས་གཅིག་གི་ལས་ཞུགས་ཁ་གསབ་མ་དངུལ་དང་ལས་ཤོར་འགན་བཅོལ་ཁ་གསབ་གཉིས་བསྐྱར་ཟློས་བྱུང་ན། མི་སྒེར་དང་སྡེ་ཚན་གྱིས་བསྐྱར་ཟློས་ཀྱིས་ལོངས་སྤྱོད་བྱེད་མི་ཆོག
30.城镇住房保障家庭租赁补贴
(1)政策依据文件。《国务院办公厅关于加快培育和发展住房租赁市场的若干意见》(国办发〔2016〕39号)、《住房城乡建设部 财政部关于做好城镇住房保障家庭租赁补贴工作的指导意见》(建保〔2016〕281号)、《西藏自治区人民政府办公厅转发自治区住房城乡建设厅等部门关于西藏自治区城镇住房保障家庭租赁补贴管理办法的通知》(藏政办发〔2021)10号)、《西藏自治区财政厅 西藏自治区住房和城乡建设厅 西藏自治区民政厅关于<西藏自治区城镇住房保障家庭租赁补贴管理办法>有关政策说明的通知》(藏建住保〔2022〕76号)。
(2)补贴对象及范围。城镇中低收入住房困难家庭。
(3)补贴标准。1人户20㎡、2人户40㎡、3人及以上户60㎡。补贴金额标准为15元/㎡·月。当地居民户口低收入家庭发放比例为100%,其他保障对象发放比例为70%。租赁补贴金额=(补贴面积-自有住房建筑面积)×租赁补贴标准×发放比例。自治区承担80%、市级承担15%、县(区)承担5%
30.གྲོང་ཁྱེར་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱིམ་ཚང་གི་བོགས་གཏོང་ཁ་གསབ་རོགས་དངུལ།
(1)སྲིད་ཇུས་ཀྱི་གཞི་འཛིན་སའི་ཡིག་ཆ། 《སྡོད་ཁང་བོགས་གཏོང་ཁྲོམ་ར་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བསམ་འཆར་འགའ་ཞིག》(རྒྱལ་སྲིད་གཞུང་ལས་ཐིང་གི་ཡིག་ཆ་〔2016〕ཨང་39པ།)《གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་ཁང་འགན་སྲུང་ཁྱིམ་ཚང་བོགས་གཏོང་ཁ་གསབ་ལས་དོན་སྐོར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་ནོར་སྲིད་པུའུ་ཡི་མཛུབ་ཁྲིད་བསམ་འཆར》(འཛུགས་སྐྲུན་པུའུ་ཡི་ཡིག་ཆ་〔2016〕ཨང་281པ།)《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་བརྒྱུད་བསྐུར་བྱས་པའི་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་གྲོང་རྡལ་སྡོད་ཁང་འགན་སྲུང་ཁྱིམ་ཚང་བོགས་གཏོང་ཁ་གསབ་དོ་དམ་བྱ་ཐབས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་ཀྱི་བརྡ་ཐོ》(བོད་སྲིད་གཞུང་གཞུང་ལས་ཁང་གི་ཡིག་ཆ་〔2021〕ཨང་10པ།)《﹤བོད་རང་སྐྱོང་ལྗོངས་གྲོང་ཁྱེར་གྲོང་རྡལ་སྡོད་ཁང་འགན་སྲུང་ཁྱིམ་ཚང་བོགས་གཏོང་ཁ་གསབ་དོ་དམ་བྱ་ཐབས﹥ཀྱི་འབྲེལ་ཡོད་སྲིད་ཇུས་གསལ་བཤད་སྐོར་གྱི་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་བཅས་ཀྱི་བརྡ་ཐོ།》(བོད་ལྗོངས་འཛུགས་སྐྲུན་ཐིང་〔2022〕ཨང་76པ།)
(2)ཁ་གསབ་བྱ་ཡུལ་དང་ཁྱབ་ཁོངས། གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་འབྲིང་བ་དང་དམའ་བའི་སྡོད་ཁང་དཀའ་ངལ་ཅན་གྱི་ཁྱིམ་ཚང་།
(3)ཁ་གསབ་ཚད་གཞི། མི་1ཅན་གྱི་དུད་ཚང་ལ་20㎡དང་། མི་2ཅན་གྱི་དུད་ཚང་ལ་40㎡ མི་3ཡན་གྱི་དུད་ཚང་ལ་60㎡བཅས་ཡིན། ཁ་གསབ་དངུལ་གྲངས་ཀྱི་ཚད་གཞི་ནི་ཟླ་རེར་㎡རེར་སྒོར་15ཡིན།ས་གནས་དེ་གའི་གྲོང་མིའི་ཐེམ་ཐོའི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་སྤྲོད་རྒྱུའི་བསྡུར་ཚད་100%དང་། འགན་སྲུང་བྱ་ཡུལ་གཞན་དག་ལ་སྤྲོད་རྒྱུའི་བསྡུར་ཚད་70%ཡིན། བོགས་གཏོང་ཁ་གསབ་དངུལ་གྲངས།=(ཁ་གསབ་རྒྱ་ཁྱོན།-རང་ཡོད་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན།)×བོགས་གཏོང་ཁ་གསབ་ཚད་གཞི།×སྤྲོད་པའི་བསྡུར་ཚད།རང་སྐྱོང་ལྗོངས་ཀྱིས་80%དང་།གྲོང་ཁྱེར་རིམ་པས་15%རྫོང་(ཆུས།)གིས་5%འཁུར་དགོས།
31.困难残疾人生活补贴和重度残疾人护理补贴
(1)补贴范围。困难残疾人为西藏户籍且生活困难的各类残疾人,重度残疾人为被评为一、二级且需要长期照护的残疾人。
(2)补贴标准。自2024年1月1日起,困难残疾人生活补贴标准提高至120元/人·月,重度残疾人护理补贴标准提高至240元/人·月。按照区市县6:2:2的比例承担。
同时符合困难残疾人生活补贴和重度残疾人护理补贴条件的残疾人可同时申领。
31.དཀའ་ངལ་ཅན་གྱི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ།
(1)ཁ་གསབ་ཀྱི་ཁྱབ་ཁོངས། དཀའ་ངལ་ཅན་གྱི་དབང་པོ་སྐྱོན་ཅན་ནི་བོད་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་མ་ཟད་འཚོ་བར་དཀའ་ངལ་ཆེ་བའི་རིགས་མི་འདྲ་བའི་དབང་པོ་སྐྱོན་ཅན་ཡིན་པ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་ནི་རིམ་པ་དང་པོ་དང་རིམ་པ་གཉིས་པ་ལ་བདམས་པ་མ་ཟད་ཡུན་རིང་ལྟ་སྐྱོང་བྱ་དགོས་པའི་དབང་པོ་སྐྱོན་ཅན་ཡིན།
(2)ཁ་གསབ་ཚད་གཞི། 2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། དཀའ་ངལ་ཅན་གྱི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་120བར་མཐོ་རུ་བཏང་བ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ལྟ་སྐྱོང་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་240བར་མཐོ་རུ་བཏང་། ཆུས་དང་གྲོང་ཁྱེར། རྫོང་བཅས་ཀྱིས་སོ་སོར་6:2:2བསྡུར་ཚད་ལྟར་འགན་འཁུར་དགོས།
དུས་མཚུངས་སུ་དཀའ་ངལ་ཅན་གྱི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ལྟ་སྐྱོང་ཁ་གསབ་ཀྱི་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱིས་དུས་གཅིག་ཏུ་རེ་ཞུ་བྱས་ཆོག
32.国有林保护修复补助、非国有林生态保护补助
国有林公益林(天然林)补助标准5.3元/亩·年;集体公益林(天然林)补助标准10.3元/亩·年。
32.གཞུང་ཁོངས་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོའི་ཁ་གསབ་རོགས་དངུལ་དང་། གཞུང་ཁོངས་མིན་པའི་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ།
གཞུང་ཁོངས་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་(རང་བྱུང་ནགས་ཚལ།)གྱི་ཁ་གསབ་ཚད་གཞི་ནི་མུའུ་རེར་ལོ་རེར་སྒོར་5.3ཡིན། ཐུན་མོང་གི་སྤྱི་ཕན་ནགས་ཚལ་(རང་བྱུང་ནགས་ཚལ།)གྱི་ཁ་གསབ་ཚད་གཞི་ནི་མུའུ་རེར་ལོ་རེར་སྒོར་10.3ཡིན།
33.牛羊出售奖补
(1)补贴范围。全市纳入牲畜出售补贴范围内的所有县(区)从事养殖的农牧民、家庭牧场、养殖专业合作社。
(2)补贴对象。出售上市的本地牛羊。从外地输入的、自食未形成商品的、活畜出售的和已享受相关财政政策、扶贫政策的不再进行补贴。同时,不得对短期育肥企业、加工企业及从当地收购牛羊的其他企业进行补贴。
(3)补贴标准。出售牛补贴标准:一二三季度每头牛补贴800元,四季度每头牛补贴400元。出售羊补贴标准:一二三季度每只羊补贴150元,四季度每只羊补贴100元。
33.ནོར་ལུག་ཕྱིར་འཚོང་གི་བྱ་དགའ་དང་ཁ་གསབ།
(1)ཁ་གསབ་ཀྱི་ཁྱབ་ཁོངས།གྲོང་ཁྱེར་ཡོངས་ཀྱི་ཕྱུགས་རིགས་ཕྱིར་འཚོང་ཁ་གསབ་ཁྱབ་ཁོངས་ནང་ཚུད་པའི་རྫོང་(ཆུས།)དུ་གསོ་སྤེལ་བྱེད་མཁན་གྱི་ཞིང་འབྲོག་པ་དང་། ཁྱིམ་ཚང་ཕྱུགས་ར།གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཅས་ཡིན།
(2)ཁ་གསབ་བྱ་ཡུལ། ཁྲོམ་རར་བཏོན་པའི་ས་གནས་དེ་གའི་ཕྱིར་འཚོང་གི་ནོར་ལུགས་ཆ་གཞན་ནས་ནང་འདྲེན་བྱས་པ་དང་། རང་གིས་བཤས་ནས་བཟའ་བ་ཚོང་ཟོག་མ་ཆགས་པ། ཕྱུགས་ཟོག་གསོན་པོ་ཕྱིར་ཚོང་བྱས་པ། འབྲེལ་ཡོད་ནོར་སྲིད་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཟིན་པ་བཅས་ལ་ཁ་གསབ་མི་སྤྲོད། དུས་མཚུངས་སུ་དུས་ཐུང་སྡོམ་གསོ་རྒྱག་པའི་ཁེ་ལས་དང་ལས་སྣོན་ཁེ་ལས། དེ་བཞིན་ས་གནས་དེ་གའི་ནོར་ལུག་ཉོ་སྒྲུབ་བྱེད་མཁན་ཁེ་ལས་གཞན་དག་བཅས་ལ་ཁ་གསབ་སྤྲོད་མི་ཆོག
(3)ཁ་གསབ་ཚད་གཞི། ནོར་ཕྱིར་འཚོང་གི་ཁ་གསབ་ཚད་གཞི་ནི།དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པར་ནོར་རེར་སྒོར་800དང་། དུས་ཚིགས་བཞི་པར་ནོར་རེར་སྒོར་400ཁ་གསབ་བྱ་དགོས།ལུག་ཕྱིར་འཚོང་གི་ཁ་གསབ་ཚད་གཞི་ནི། དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པར་ལུག་རེར་སྒོར་150དང་། དུས་ཚིགས་བཞི་པར་ལུག་རེར་སྒོར་100ཡིན།
34.实际种粮农民一次性补贴
发放范围主要为在自治区范围内种植的粮食作物,具体包括青稞、小麦、水稻、籽粒玉米、杂粮等粮食作物。发放对象为实际种粮农民,具体包括利用自有承包地种粮的农民,以及流转土地种粮的大户、家庭农场、农民合作社、农业企业等新型农业经营主体。补贴标准结合资金额度、各县(区)播种面积、粮食种植实际等情况综合测算补贴资金。按照2022、2023年度种粮面积、产量指标因素测算,第一批资金亩均补贴4.85元。
34.འབྲུ་རིགས་འདེབས་འཛུགས་ཞིང་པའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ།
ཁྱབ་ཁོངས་གཙོ་བོ་ནི་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་འདེབས་འཛུགས་བྱས་པའི་འབྲུ་རིགས་ལོ་ཏོག་ཡིན་པ་དང་། ཞིབ་ཏུ་ནས་དང་གྲོ། ཆུ་འབྲས། འབྲུ་རྡོག་མ་རྨོས་ལོ་ཏོགའབྲུ་རིགས་སྣ་ཚོགས་སོགས་འབྲུ་རིགས་ལོ་ཏོག་ཚུད་ཡོད། སྤྲོད་ཡུལ་ནི་འབྲུ་རིགས་འདེབས་འཛུགས་དངོས་སུ་བྱེད་མཁན་ཞིང་པ་ཡིན་ཞིང་།དེའི་ནང་རང་ཉིད་ཀྱི་འགན་གཙང་ལེན་བྱས་པའི་ས་ཞིང་བེད་སྤྱད་དེ་འབྲུ་རིགས་འདེབས་འཛུགས་བྱེད་མཁན་ཞིང་པ་དང་། དེ་བཞིན་འཁོར་རྒྱུག་ས་ཞིང་དུ་འབྲུ་རིགས་འདེབས་འཛུགས་བྱེད་མཁན་དུད་ཚང་ཆེ་གྲས། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་མཁན་གསར་པ་ཚུད་ཡོད། ཁ་གསབ་ཚད་གཞི་ནི་མ་དངུལ་གྱི་གྲངས་ཚད་དང་། རྫོང་དང་ཆུས་ཁག་གི་འདེབས་འཛུགས་རྒྱ་ཁྱོན།འབྲུ་རིགས་འདེབས་འཛུགས་ཀྱི་དོན་དངོས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁ་གསབ་མ་དངུལ་ཕྱོགས་བསྡུས་ཞིབ་རྩིས་བྱ་དགོས། 2022ལོ་དང་2023ལོའི་ལོ་འཁོར་གྱི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་དང་ཐོན་ཚད་ཀྱི་དམིགས་ཚད་རྒྱུ་རྐྱེན་ལ་གཞིགས་ནས་ཚོད་རྩིས་བྱས་ན། རེབ་དང་པོའི་མ་དངུལ་མུའུ་རེར་ཆ་སྙོམས་སྒོར་4.85ཁ་གསབ་བྱ་དགོས།
35.昌都市2024年商品房购房补贴
2023年1月1日至2026年3月25日,在昌都市范围内购买新建商品房(由具有资质的房地产开发企业开发建设并取得销售许可的房屋为新建商品房,不含别墅等高档住宅、二手房、自建房、商铺、享受优惠政策的回迁安置房等)的购房人(不含机关、事业单位、企业等),作为商品房购房补贴对象。按干部职工购房300元/㎡、农牧民等不能享受公积金贷款的其他购房群体350元/㎡的标准一次性发放购房补贴。
35.ཆབ་མདོ་གྲོང་ཁྱེར་2024ལོའི་ཚོང་ཟོག་ཁང་བ་ཉོ་བའི་ཁ་གསབ་རོགས་དངུལ།
2023ལོའི་ཟླ་1ཚེས་1ཉིན་ནས་2026ལོའི་ཟླ་3ཚེས་25ཉིན་བར། ཆབ་མདོ་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་(ཐོབ་ཐང་ལྡན་པའི་ཁང་སའི་ཐོན་ལས་གསར་སྤེལ་ཁེ་ལས་ཀྱིས་གསར་སྤེལ་འཛུགས་སྐྲུན་བྱས་པ་མ་ཟད་ཕྱིར་འཚོང་ཆོག་འཐུས་ཐོབ་པའི་ཁང་པ་ནི་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཡིན་པ་དང་། གཞིས་བྲང་སོགས་གནས་གོང་ཆེ་བའི་སྡོད་ཁང་དང་། ཉིས་བརྒྱུད་ཁང་པ། རང་སྐྲུན་ཁང་པ། ཚོང་ཁང་། གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་གནས་སྤོའི་བཀོད་སྒྲིག་ཁང་པ་སོགས་ཚུད་མེད།)ཉོ་མཁན་(ལས་ཁུངས་དང་། བྱ་བཞག་སྡེ་ཚན།ཁེ་ལས་སོགས་ཚུད་མེད།)ནི་ཚོང་ཟོག་ཁང་པ་ཉོ་བའི་ཁ་གསབ་བྱ་ཡུལ་དུ་བརྩི་དགོས། ལས་བྱེད་པ་དང་ལས་བཟོ་པས་ཁང་པ་ཉོ་བར་㎡རེར་སྒོར་300དང་། ཞིང་འབྲོག་པ་སོགས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ལོངས་སུ་སྤྱོད་མི་ཐུབ་པའི་ཁང་པ་ཉོ་མཁན་གཞན་དག་ལ་㎡རེར་སྒོར་350ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་ཁང་པ་ཉོ་བའི་ཁ་གསབ་སྤྲོད་དགོས།
36.中央彩票公益金高校家庭经济困难新生入学资助滋蕙计划项目
(1)资助对象。每年高考考入全日制普通高等院校(含高职)的家庭经济困难新生。
(2)资助标准。区内500元、区外1000元(一次性补助)。
(3)资助受理单位。考上大学符合申请条件的贫困(含内地西藏班毕业的)大一新生,一般8~9月向市教育局资助中心申请,市教育局根据名额审核、网上推荐,国家教育发展基金会通过银行卡发放。
(4)申请方式。优先资助孤残学生、父母丧失劳动能力学生、少数民族学生、烈士子女、单亲家庭经济困难学生、农村绝对贫困家庭学生、城镇低保户和因突发事件导致家庭经济困难学生等。每年按教育厅通知开展项目。申请者填写《昌都市市级临时爱心资助(含中央彩票公益金滋蕙计划)非建档立卡困难新生申请表》并附填表说明材料复印件(一般10月底前中国教育发展基金会发放到学生农行、建行卡)。
36.ཀྲུང་དབྱང་རྒྱན་ཤོག་སྤྱི་ཕན་དངུལ་གྱི་མཐོ་སློབ་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ་གསར་པའི་སློབ་ཞུགས་རོགས་སྐྱོར་གྱི་འཆར་གཞིའི་རྣམ་གྲངས།
(1)རོགས་སྐྱོར་བྱ་ཡུལ།ལོ་ལྟར་མཐོ་རྒྱུགས་ནང་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭ་(མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཚུད།)རུ་རྒྱུགས་འཕྲོད་པའི་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ་གསར་པ་ཡིན།
(2)རོགས་སྐྱོར་གྱི་ཚད་གཞི། ལྗོངས་ནང་ཁུལ་དུ་སྒོར་500དང་། ལྗོངས་ཕྱི་རུ་སྒོར་1000(ཐེངས་གཅིག་རང་བཞིན་གྱི་ཁ་གསབ།)ཡིན།
(3)རོགས་སྐྱོར་བདག་སྤྲོད་སྡེ་ཚན། སློབ་ཆེན་ལ་རྒྱུགས་འཕྲོད་ནས་རེ་ཞུའི་ཆ་རྐྱེན་དང་མཐུན་པའི་དབུལ་པོའི་(ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མ་ཚུད།)སློབ་ཆེན་ལོ་རིམ་དང་པོའི་སློབ་མ་གསར་པ་ཡིས། སྤྱིར་བཏང་ཟླ་8པ་ནས་9པའི་བར་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་རོགས་སྐྱོར་ལྟེ་གནས་ལ་རེ་ཞུ་བྱེད་པ་དང་། གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་མི་གྲངས་ལ་གཞིགས་ནས་ཞིབ་བཤེར་དང་། དྲ་ཐོག་ནས་འོས་སྦྱོར་བྱས་ནས། རྒྱལ་ཁབ་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་དངུལ་བྱང་བརྒྱུད་དེ་སྤྲོད་པ་ཡིན།
(4)རེ་འདུན་ཞུ་སྟངས།སློབ་མ་དྭ་ཕྲུག་དབང་པོ་སྐྱོན་ཅན་དང་།ཕ་མའི་ངལ་རྩོལ་ནུས་པ་ཤོར་བའི་སློབ་མ། གྲངས་ཉུང་མི་རིགས་ཀྱི་སློབ་མ། སྔོན་གཤེགས་དཔའ་བོའི་བུ་ཕྲུག ཕ་མ་ཡ་ཆགས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ། གྲོང་གསེབ་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ། གྲོང་ཁྱེར་གྲོང་རྡལ་གྱི་དམའ་སྲུང་ཁྱིམ་ཚང་། ཐོལ་བྱུང་དོན་རྐྱེན་གྱི་དབང་གིས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ་སོགས་ལ་དམིགས་ཀྱིས་སྔོན་ལ་རོགས་སྐྱོར་བྱ་དགོས། ལོ་ལྟར་སློབ་གསོ་ཐིང་གི་བརྡ་ཐོ་ལྟར་རྣམ་གྲངས་སྤེལ་དགོས། རེ་འདུན་ཞུ་མཁན་གྱིས་《ཆབ་མདོ་གྲོང་ཁྱེར་གྲོང་ཁྱེར་རིམ་པའི་གནས་སྐབས་གཅེས་སེམས་རོགས་སྐྱོར་(ཀྲུང་དབྱང་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་ཙི་ཧུའེ་འཆར་གཞི་ཚུད།)ཡིག་ཚགས་དང་བྱང་བུ་བཟོས་པའི་དཀའ་ངལ་ཅན་གྱི་སློབ་མ་གསར་པའི་རེ་ཞུའི་རེའུ་མིག་》ཁ་སྐོང་བ་དང་འབྲེལ་གསལ་བཤད་དཔྱད་གཞིའི་ཡིག་རིགས་ཀྱི་བསྐྱར་དཔར་(སྤྱིར་བཏང་ཟླ་10པའི་ཟླ་མཇུག་གོང་དུ་ཀྲུང་གོ་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་སློབ་མའི་ཞིང་ལས་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་གི་བྱང་བུར་སྤྲོད་ངེས།)ཟུར་དུ་འཇོག་དགོས།
37.中国茅台·国之栋梁-希望工程圆梦行动大型公益助学活动
根据西藏青少年发展基金会相关文件要求,受益对象为符合《“中国茅台·国之栋梁-希望工程圆梦行动大型公益助学活动”资助管理规则》遴选标准的大学生,具体为当年参加高考并被纳入全国招生计划内的全日制普通高等院校录取的家庭经济困难、品学兼优的大学本科新生。资助标准暂为5000元/人(一次性拨付)。(本助学金额度、资助标准,受助学生遴选标准、申请条件、申请程序等由中国青基会每年调整或取消,最终解释权归中国青基会所有)
37.ཀྲུང་གོའི་མའོ་ཐེ·རྒྱལ་ཁབ་ཀྱི་རྐང་འཛིན་དང་རེ་བའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད་ཀྱི་སྤྱི་ཕན་སློབ་རོགས་བྱེད་སྒོ་ཆེ་གྲས།
བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་།ཕན་པ་ཐོབ་ཡུལ་ནི་《“ཀྲུང་གོའི་མའོ་ཐེ·རྒྱལ་ཁབ་ཀྱི་རྐང་འཛིན་དང་རེ་བའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད་ཀྱི་སྤྱི་ཕན་སློབ་རོགས་བྱེད་སྒོ་ཆེ་གྲས་”ཀྱི་རོགས་སྐྱོར་དོ་དམ་སྒྲིག་སྲོལ》གྱི་འདེམས་སྒྲུག་ཚད་གཞི་དང་མཐུན་པའི་སློབ་ཆེན་སློབ་མ་ཡིན་པ་དང་། ཞིབ་ཏུ་ལོ་དེའི་མཐོ་རྒྱུགས་ནང་ཞུགས་པ་དང་རྒྱལ་ཡོངས་ཀྱི་སློབ་བསྡུའི་འཆར་གཞིའི་ནང་ཚུད་པའི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ནང་བསྡུས་པའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཅན་དང་། སྤྱོད་ཡོན་གཉིས་ཀ་ཕུལ་དུ་བྱུང་བའི་སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་མ་གསར་པ་ཡིན། རོགས་སྐྱོར་ཚད་གཞི་ནི་གནས་སྐབས་མི་རེར་སྒོར་5000(ཐེངས་གཅིག་རང་བཞིན་གྱིས་སྤྲོད་དགོས།)ཡིན། (སློབ་ཞུགས་རོགས་དངུལ་འདིའི་གྲངས་ཚད་དང་རོགས་སྐྱོར་ཚད་གཞི། རོགས་སྐྱོར་ཐོབ་པའི་སློབ་མ་འདེམས་སྒྲུག་གི་ཚད་གཞི། རེ་ཞུའི་ཆ་རྐྱེན། རེ་ཞུའི་གོ་རིམ་སོགས་ཀྲུང་གོ་གཞོན་ནུའི་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་ལྟར་ལེགས་སྒྲིག་བྱེད་པའམ་ཡང་ན་རྩིས་མེད་བཟོ་དགོས་པ་དང་། མཐའ་མའི་འགྲེལ་བཤད་བྱེད་དབང་ཀྲུང་གོ་གཞོན་ནུའི་ཐེབས་རྩ་ལྷན་ཚོགས་ལ་དབང་བ་ཡིན།)
38.希望工程1+1-幻方助学计划
根据西藏青少年发展基金会相关文件要求,西藏青基会实施的“希望工程1+1-幻方助学计划”项目,受益对象为昌都市小学一年级家庭困难女生。资助标准为1000元/人(一次性拨付)。(本助学金额度、资助标准,受助学生遴选标准、申请条件、申请程序等由中国青基会每年调整或取消,最终解释权归中国青基会所有)
38.རེ་བའི་ལས་གྲྭ་1+1-ཧྭན་ཧྥང་སློབ་རོགས་འཆར་གཞི།
བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་། བོད་ལྗོངས་གཞོན་ནུ་ཐེབས་རྩ་ལྷན་ཚོགས་ཀྱིས་ལག་བསྟར་བྱས་པའི“རེ་བའི་ལས་གྲྭ་1+1-ཧྭན་ཧྥང་སློབ་རོགས་འཆར་གཞིའི”རྣམ་གྲངས་ཤིག་ཡིན་ཞིང་། ཕན་པ་ཐོབ་ཡུལ་ནི་ཆབ་མདོ་གྲོང་ཁྱེར་སློབ་ཆུང་ལོ་རིམ་དང་པོའི་ཁྱིམ་ཚང་དཀའ་ངལ་ཅན་གྱི་བུ་མོ་ཡིན། རོགས་སྐྱོར་ཚད་གཞི་ནི་མི་རེར་སྒོར་1000(ཐེངས་གཅིག་རང་བཞིན་གྱི་སྤྲོད་དགོས།)ཡིན། (སློབ་ཞུགས་རོགས་དངུལ་འདིའི་གྲངས་ཚད་དང་རོགས་སྐྱོར་ཚད་གཞི། རོགས་སྐྱོར་ཐོབ་པའི་སློབ་མ་འདེམས་སྒྲུག་གི་ཚད་གཞི། རེ་ཞུའི་ཆ་རྐྱེན། རེ་ཞུའི་གོ་རིམ་སོགས་ཀྲུང་གོ་གཞོན་ནུའི་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་ལྟར་ལེགས་སྒྲིག་བྱེད་པའམ་ཡང་ན་རྩིས་མེད་བཟོ་བ་དང་། མཐའ་མའི་འགྲེལ་བཤད་བྱེད་དབང་ཀྲུང་གོ་གཞོན་ནུའི་ཐེབས་རྩ་ལྷན་ཚོགས་ལ་དབང་བ་ཡིན།)
39.“渝昌圆梦”助学金活动
在援藏市重庆的大力支持下,昌都团市委、重庆青少年发展基金会实施“渝昌圆梦”助学金活动,帮助昌都籍大一新生解决从家门到校门的经济困难。受益对象为当年参加高考并被全日制普通高等院校录取的本科新生,具体为品学兼优的农牧区家庭经济困难、城市低收入家庭、城市低保边缘家庭、失智失能、进城务工等特殊困难家庭、因遭受自然灾害、意外事件、重大疾病等突发情况导致家庭经济困难的大学生(退役士兵学生、军校生、国防生、公费师范生、委培生除外)。资助标准暂为5000元/人(一次性拨付)。(本助学金额度、资助标准,受助学生遴选标准、申请条件、申请程序等由重庆市青基会每年调整或取消,最终解释权归重庆青基会所有)
39.“ཡུས་ཆབ་ཕུགས་འདུན་མངོན་འགྱུར་”ཞེས་པའི་སློབ་ཞུགས་རོགས་དངུལ་གྱི་བྱེད་སྒོ།
བོད་སྐྱོར་གྲོང་ཁྱེར་ཁྲུང་ཆིང་གི་རྒྱབ་སྐྱོར་ཤུགས་ཆེན་འོགཆབ་མདོ་གུང་གཞོན་ཚོགས་པའི་གྲོང་ཨུད་དང་ཁྲུང་ཆིང་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་“ཡུས་ཆབ་ཕུགས་འདུན་མངོན་འགྱུར་”ཞེས་པའི་སློབ་ཞུགས་རོགས་དངུལ་བྱེད་སྒོ་ལག་བསྟར་བྱས་ནས། ཆབ་མདོའི་ཐེམ་ཐོའི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་གསར་པར་ཁྱིམ་ཚང་ནས་སློབ་གྲྭའི་བར་གྱི་དཔལ་འབྱོར་དཀའ་ངལ་ཐག་གཅོད་བྱེད་པར་རོགས་རམ་བྱེད་པ་ཡིན།དེའི་ཁེ་ཕན་ཐོབ་ཡུལ་ནི་དེ་སྔ་མཐོ་རྒྱུགས་ནང་ཞུགས་པ་དང་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭས་བསྡུས་པའི་དངོས་གཞིའི་ཚན་ཁག་གི་སློབ་མ་གསར་པ་ཡིན། ཞིབ་ཏུ་སྤྱོད་ཡོན་གཉིས་ཀ་ཕུལ་དུ་བྱུང་བའི་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཅན་དང་། གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་། གྲོང་ཁྱེར་གྱི་དམའ་སྲུང་མཐར་ལུས་ཁྱིམ་ཚང་། རིག་ནུས་ཉམས་པ་དང་གྲོང་ཁྱེར་དུ་ངལ་ལས་སུ་སོང་བ་སོགས་ཀྱི་དམིགས་བསལ་དཀའ་ངལ་ཅན་གྱི་ཁྱིམ་ཚང་། རང་བྱུང་གནོད་འཚེ་དང་བསམ་ཡུལ་འདས་པའི་དོན་རྐྱེན། ནད་གཞི་ཚབས་ཆེན་སོགས་ཀྱི་ཐོལ་བྱུང་གནས་ཚུལ་གྱི་དབང་གིས་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་ཆེན་སློབ་མ་(དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སློབ་མ་དང་དམག་གི་སློབ་གྲྭའི་སློབ་མ། རྒྱལ་སྲུང་སློབ་གྲྭའི་སློབ་མ། གཞུང་གྲོན་དགེ་ཐོན་སློབ་མ། མངག་བཅོལ་སྐྱེད་སྲིང་སློབ་མ་བཅས་མི་ཚུད། )བཅས་ཡིན། རོགས་སྐྱོར་ཚད་གཞི་ནི་གནས་སྐབས་མི་རེར་སྒོར་5000(ཐེངས་གཅིག་རང་བཞིན་གྱིས་སྤྲོད་དགོས།)ཡིན། (སློབ་ཞུགས་རོགས་དངུལ་འདིའི་གྲངས་ཚད་དང་རོགས་སྐྱོར་ཚད་གཞི། རོགས་སྐྱོར་ཐོབ་པའི་སློབ་མ་འདེམས་སྒྲུག་གི་ཚད་གཞི། རེ་ཞུའི་ཆ་རྐྱེན། རེ་ཞུའི་གོ་རིམ་སོགས་ཀྲུང་གོ་གཞོན་ནུའི་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་ལྟར་ལེགས་སྒྲིག་བྱེད་པའམ་ཡང་ན་རྩིས་མེད་བཟོ་བ་དང་། མཐའ་མའི་འགྲེལ་བཤད་བྱེད་དབང་ཀྲུང་གོ་གཞོན་ནུའི་ཐེབས་རྩ་ལྷན་ཚོགས་ལ་དབང་བ་ཡིན།)
40.失业保险金
根据《社会保险法》和《失业保险条例》,对参保缴费满1年、非因本人意愿中断就业、已办理失业登记并有求职要求的失业人员,可以申领失业保险金。失业金标准为我区最低工资标准的90%计发,失业保险缴费满1年每月失业标准的基础上增加2元(2023年7月1日起我区最低工资标准为2100元,既2100×90%=1890元)。失业金领取期限:累计缴费时间满1年不满2年,可领取3个月;累计缴费时间满2年不满3年,可领取6个月;累计缴费时间满3年不满4年,可领取9个月;累计缴费时间满4年不满5年,可领取12个月;累计缴费时间满5年不满6年,可领取13个月;累计缴费时间满6年不满7年,可领取15个月;累计缴费时间满7年不满8年,可领取17个月;累计缴费时间满8年不满10年,可领取18个月;累计缴费时间满10年以上,可领取24个月。
40.ལས་ཤོར་འགན་བཅོལ་དངུལ།
《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》དང《ལས་ཤོར་འགན་བཅོལ་སྲོལ་ཡིག》གཞིར་བཟུང་། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་ནས་ལོ་1་ལོན་ཞིང་།རང་ཉིད་ཀྱི་འདོད་མོས་མ་ཡིན་པའི་དབང་གིས་ལས་ཞུགས་མཚམས་ཆད་པ། ལས་ཤོར་ཐོ་འགོད་བྱས་ཟིན་པ་མ་ཟད་ལས་ཀ་འཚོལ་བའི་རེ་བ་ཡོད་པའི་ལས་ཤོར་མི་སྣར་ལས་ཤོར་འགན་བཅོལ་དངུལ་རེ་ཞུ་བྱས་ཆོགལས་ཤོར་དངུལ་གྱི་ཚད་གཞི་ནི་རང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཚད་གཞིའི་90%རྩིས་རྒྱག་སྟངས་དང་། ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་འཇལ་ནས་ལོ་1ལོན་པའི་ཟླ་རེའི་ལས་ཤོར་ཚད་གཞིའི་རྨང་གཞིའི་ཐོག་སྒོར་2འཕར་རྒྱུ་ཡིན།(2023ལོའི་ཟླ་7ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཚད་གཞིའི་ཚད་ནི་སྒོར་2100ཡིན་པ་དང་། སྒོར་2100×90%=1890ཡིན།) ལས་ཤོར་དངུལ་ལེན་པའི་དུས་ཚོད། རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་1ཟིན་ནས་ལོ་2ཟིན་མེད་ན། ཟླ་བ་3གྱི་དངུལ་བླངས་ཆོག རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་2ཟིན་ནས་ལོ་3ཟིན་མེད་ཚེ། ཟླ་བ་6གི་དངུལ་བླངས་ཆོག རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་3ཟིན་ནས་ལོ་4ཟིན་མེད་ཚེ། ཟླ་བ་9ཡི་དངུལ་བླངས་ཆོག རིམ་བསགས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་4ཟིན་ནས་ལོ་5ཟིན་མེད་ཚེ། ཟླ་བ་12ཀྱི་དངུལ་བླངས་ཆོག རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་5ཟིན་ནས་ལོ་6ཟིན་མེད་ན། ཟླ་13ཀྱི་དངུལ་བླངས་ཆོག རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་6ཟིན་ནས་ལོ་7ཟིན་མེད་ཚེ། ཟླ་བ་15ཡི་དངུལ་བླངས་ཆོག རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་7ཟིན་ནས་ལོ་8ཟིན་མེད་ན། ཟླ་17ལེན་ཆོག་པ། རིམ་བསགས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་8ཟིན་ནས་ལོ་10ཟིན་མེད་ཚེ། ཟླ་བ་18ཀྱི་དངུལ་བླངས་ཆོག རིམ་རྩིས་ཀྱིས་གྲོན་དངུལ་འཇལ་ཡུན་ལོ་10ཡན་ཟིན་ཚེ། ཟླ་བ་24ཡི་དངུལ་བླངས་ཆོག
41.高校毕业生市场就业补贴
根据《西藏自治区就业资金实施细则》(藏人社〔2020〕68号)、《西藏自治区人民政府关于做好当前和今后一个时期促进就业工作的实施意见》(藏政发〔2019〕1号),为高校毕业生发放市场就业补贴。
(1)经营场地补贴。对在我区创业的农牧民、城镇失业人员等发放。农牧民、城镇失业人员自主创业的提供经营场地,属于租赁政府投资建设的场地(摊位),3年内免收场地租金和水电费,属于租赁非政府投资建设的场地(摊位),自主创业且经营6个月以上的,对其给予场地租金和水电费补贴,每年最高不超过1.2万元,补贴时间原则上不超过3年。
(2)区内生活补贴和住房补贴。对2017年1月1日后与区内企业签订劳动合同的,毕业5年内的我区全日制普通高校毕业生发放。对与区内企业签订3年以上劳动合同或聘用协议的高校毕业生,区内企业就业的高校毕业生每月收入低于当年全区职工月平均工资标准的,2017年1月1日以后的按当年全区最低工资标准的50%,给予月度生活补贴(2019年7月1日起,在区内企业就业的按当年自治区最低工资标准的100%给予月度生活补贴)。在区内企业就业的按当年全区最低工资标准的50%,给予每人每月住房补贴(如用人单位已提供住房的毕业生不予以补贴)。
(3)区内创业补贴。2017年1月1日后毕业5年内的我区全日制普通高校毕业生,毕业5年以内(毕业年度为第一年,以此类推);2017年1月1日后创业并取得营业执照。对高校毕业生创办的企业(包括个人独资企业、个体工商户、自然人独资公司等),给予6万元的一次性启动资金支持,对合伙创业的高校毕业生可按合伙人数领取相应的启动资金,最高不超过30万元,同一名高校毕业生不论创办(包括合伙创办)企业数量多少,在全区范围内只能享受一次创业启动资金支持。
(4)区内创业经营场地租金及水电费补贴。2017年1月1日后毕业5年内的我区全日制普通高校毕业生。毕业5年以内(毕业年度为第一年,以此类推);2017年1月1日后创业并取得营业执照。在自治区行政区域内自主创业的,在非政府投资建设的经营场所内创业,且实际发生房租和水电费的。根据全年支付房租、水电费的原始凭据计算总费用,如总费用低于2.4万元,按照实际费用给予补贴;如总费用高于2.4万元,按照2.4万元给予补贴,最长5年。
(5)创业社会保险补贴。2017年1月1日后毕业5年内的我区全日制普通高校毕业生。毕业5年以内(毕业年度为第一年,以此类推);2017年1月1日后创业并取得营业执照。补贴标准:取得创业营业执照1年以上,创办个体经济的高校毕业生,按其以个人身份缴纳的数额给予补贴;创办企业的高校毕业生,按企业为其缴纳的数额给予补贴;补贴从2017年(含)以后开始,补贴时间6年,给予100%补贴。
(6)证书补贴。补贴对象为2019年1月1日后毕业的,五年内取得人社部承认的职业资格证书或职业技能等级证书的我区生源全日制普通高校毕业生。补贴标准:对报考二级注册建造师、建筑施工安全生产管理人员岗位并取得证书的高校毕业生,给予5000元/人次培训费补贴。按照取得证书的高校毕业生人数,分别给予实习企业及有关培训机构2000元/人次的补贴。对取得会计、律师、税务、导游、计算机、企业管理、幼师、社区服务等职业资格证书或职业技能等级证书的高校毕业生给予2000元/人次培训费补贴。同时按照取得证书的高校毕业生人数,对有关培训机构给予2000元/人次的补贴。
(7)区外企业就业生活和住房补贴。2017年1月1日后,毕业的我区生源全日制普通高校毕业生(高考时户籍为西藏的高校毕业生)到区外企业就业的,对签订3年以上劳动合同或聘用协议的高校毕业生。生活补贴:按当年当地最低工资标准的50%,给予每人每月生活补贴(2019年1月1日起,少数民族高校毕业生在区外企业就业的按当地当年最低工资标准的100%给予月度生活;汉族高校毕业生给予50%的月度生活补贴);补贴时间最长可达5年。就业补贴:按当年当地最低工资标准的50%,给予每人每月住房补贴,(2019年1月1日起,少数民族高校毕业生在区外企业就业的按当地当年最低工资标准的100%给予月度住房补贴;汉族高校毕业生给予50%的月度住房补贴);补贴时间最长可达5年。
(8)区外企业就业路费补贴。2017年1月1日后毕业的我区生源全日制普通高校毕业生(高考时户籍为西藏的高校毕业生)到区外企业就业的,对签订3年以上劳动合同或聘用协议的高校毕业生。对签订3年以上劳动合同或聘用协议的高校毕业生,一次性给予每人2000元路费补贴。
(9)区外企业就业探亲路费补贴。2019年1月1日起,对西藏少数民族高校毕业生,到区外企业就业并签订3年以上劳动合同或聘用协议(含按年累计满3年)的,给予每人每年6000元探亲路费补贴,补贴时间不超过3年。
(10)区外企业就业安家补贴。2019年1月1日起,对西藏少数民族高校毕业生,到区外企业就业并签订3年以上劳动合同或聘用协议(含按年累计满3年)的,给予每人8000元一次性安家补贴。自2021年1月1日起,对在区外机关企事业单位、社会组织等实现就业并签订3年以上劳动合同或聘用协议,且承诺在区外就业期限不少于5年的西藏籍少数民族应届普通高校毕业生(含毕业一年内),社保缴费满一年以后给予一次性安家补助,补助标准为本专科普通高校毕业生3万元、硕士研究生2万元、博士研究生1万元。
(11)区外创业补贴。2022年以后(含2022年)毕业5年内在区外创业的西藏生源高校毕业生(含中职生、技工院校毕业生),可按规定申请每人6万元一次性创业启动资金支持和每年最高2.4万元的场地租金、水电费补贴,补贴时间最长可达5年。
(12)高校毕业生区外就业奖励。2022年后(含2022年)毕业的应届西藏籍少数民族高校毕业生在区外就业满3年以上或5年以上的,西藏籍少数民族高校毕业生区外就业满3年后可享受区外就业奖励2万元,满5年后可再享受区外就业奖励3万元。
41.མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་ཁ་གསབ་རོགས་དངུལ།
《བོད་རང་སྐྱོང་ལྗོངས་ལས་ཞུགས་མ་དངུལ་ལག་བསྟར་ཞིབ་སྲོལ་》(བོད་ལྗོངས་མི་སྤྱི་〔2020〕ཡིག་ཆ་ཨང་68པ།)དང་《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མིག་སྔའི་དུས་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》(བོད་ལྗོངས་སྲིད་གཞུང་གི་ཡིག་ཆ་〔2019〕ཨང་1པ།)གཞིར་བཟུང་། མཐོ་སློབ་སློབ་ཐོན་སློབ་མར་ཁྲོམ་རའི་ལས་ཞུགས་ཁ་གསབ་སྤྲོད་དགོས།
(1)གཉེར་སྐྱོང་ས་ཡུལ་གྱི་ཁ་གསབ་རོགས་དངུལ། རང་ལྗོངས་སུ་ལས་གཏོད་བྱེད་མཁན་གྱི་ཞིང་འབྲོག་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་མི་སྣ་སོགས་ལ་སྤྲོད་དགོས། ཞིང་འབྲོག་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་མི་སྣས་རང་རྟོགས་ལས་གཏོད་བྱས་པར་གཉེར་སྐྱོང་ས་ཡུལ་འདོན་སྤྲོད་བྱེད་པ་དང་། སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ས་ཡུལ་(ཚོང་བཤམ་ས།)བོགས་གཏོང་བྱེད་པར་གཏོགས་ཤིང་། ལོ་3ནང་ས་ཡུལ་གྱི་བོགས་དངུལ་དང་ཆུ་གློག་གི་གྲོན་དངུལ་རིན་མེད་ཡིན། སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་ས་ཡུལ་(ཚོང་བཤམ་ས།)བོགས་མར་གཏོང་ལེན་བྱེད་པར་གཏོགས་ཤིང་། རང་རྟོགས་ཀྱིས་ལས་གཏོད་བྱས་ནས་ཟླ་བ་6ཡན་གཉེར་སྐྱོང་བྱས་ན། དེར་ས་ཡུལ་གྱི་བོགས་དངུལ་དང་ཆུ་གློག་གི་གྲོན་དངུལ་སྤྲོད་རྒྱུ་དང་། ལོ་རེར་མཐོ་ཤོས་སྒོར་ཁྲི་1.2ལས་མི་བརྒལ་རྒྱུ་དང་། ཁ་གསབ་དུས་ཚོད་རྩ་དོན་ཐོག་ལོ་3ལས་བརྒལ་མི་ཆོག
(2)ལྗོངས་ནང་གི་འཚོ་བའི་ཁ་གསབ་དང་སྡོད་ཁང་ཁ་གསབ། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ལྗོངས་ནང་ཁུལ་གྱི་ཁེ་ལས་དང་ངལ་རྩོལ་གན་རྒྱ་བཞག་པ་དང་། སློབ་ཐོན་ལོ་5ཡི་ནང་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མར་སྤྲོད་དགོས། ལྗོངས་ནང་ཁུལ་གྱི་ཁེ་ལས་དང་ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་གྲོས་མཐུན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཟླ་རེའི་ཡོང་འབབ་ལོ་དེའི་ལྗོངས་ནང་ཁུལ་གྱི་ལས་བཟོ་པའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཚད་གཞི་ལས་དམའ་བ་ཡོད་ཚེ། 2017ལོའི་ཟླ་1ཚེས་1ཉིན་རྗེས་ཀྱི་ལོ་དེའི་ལྗོངས་ནང་ཁུལ་གྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་50%ལྟར་ཟླ་རེའི་འཚོ་བའི་ཁ་གསབ་སྤྲོད་དགོས།(2019ལོའི་ཟླ་7པའི་ཚེས་1ཉིན་ནས་བཟུང་། ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་ལ་ལོ་དེའི་རང་སྐྱོང་ལྗོངས་ཆེས་དམའ་བའི་གླ་ཕོགས་ཚད་གཞིའི་100% ལྟར་ཟླ་རེའི་འཚོ་བའི་ཁ་གསབ་སྤྲོད་དགོས།)ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་ལ་ལོ་དེའི་ལྗོངས་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་50%ལྟར་མི་རེར་ཟླ་རེར་སྡོད་ཁང་ཁ་གསབ་སྤྲོད་དགོས།(གལ་ཏེ་མི་སྤྱོད་མཁན་ཚན་པས་སྡོད་ཁང་མཁོ་འདོན་བྱས་ཟིན་ན། སློབ་ཐོན་སློབ་མར་ཁ་གསབ་མི་སྤྲོད།)
(3)ལྗོངས་ནང་ཁུལ་གྱི་ལས་གཏོད་ཁ་གསབ་རོགས་དངུལ། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་ནས་སློབ་གྲྭ་ཐོན་ནས་ལོ་5ཡི་ནང་ཚུན་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་སྟེ། སློབ་གྲྭ་ནས་ཐོན་པའི་ལོ་5ཡི་ནང་ཚུན་(སློབ་གྲྭ་ནས་ཐོན་པའི་ལོ་འཁོར་ནི་ལོ་དང་པོར་བརྩིས་ནས་རིགས་བསྒྲེ་དགོས།)དང་། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ལས་གཏོད་བྱས་པ་དང་འབྲེལ་ལས་གཉེར་ལག་ཁྱེར་ཡང་བླངས་ཡོད་དགོས།མཐོ་སློབ་སློབ་ཐོན་སློབ་མས་བཙུགས་པའི་ཁེ་ལས་(སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་དང་། མི་སྒེར་བཟོ་ཚོང་དུད་ཚང་།རང་བྱུང་མིའི་མ་རྩ་ཁེར་འཇོག་ཀུང་སི་སོགས་ཚུད།)ལ་ཐེངས་གཅིག་རང་བཞིན་གྱི་མ་དངུལ་རྒྱབ་སྐྱོར་སྒོར་ཁྲི་6སྤྲོད་རྒྱུ་དང་།མཉམ་ལས་ལས་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་མཉམ་ལས་མི་གྲངས་ལྟར་དེ་མཚུངས་ཀྱི་འགོ་རྩོམ་མ་དངུལ་ལེན་ཆོག་པ་དང་།མཐོ་ཤོས་སྒོར་ཁྲི་30ལས་བརྒལ་མི་ཆོག མཐོ་སློབ་གཅིག་གི་སློབ་ཐོན་སློབ་མས་ལས་གཏོད་ཁེ་ལས་(མཉམ་ལས་ལས་གཏོད་ཚུད།)ཀྱི་གྲངས་འབོར་ཅི་ལྟར་མང་ཡང་། ལྗོངས་ཡོངས་སུ་ལས་གཏོད་འགོ་རྩོམ་མ་དངུལ་གྱི་རྒྱབ་སྐྱོར་ཐེངས་གཅིག་ལས་ལོངས་སུ་སྤྱད་མི་ཆོག
(4)ལྗོངས་ནང་ཁུལ་གྱི་ལས་གཏོད་གཉེར་སྐྱོང་ས་ཡུལ་གྱི་བོགས་དངུལ་དང་ཆུ་གློག་གི་གྲོན་དངུལ་ཁ་གསབ། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་ནས་སློབ་གྲྭ་ཐོན་པའི་ལོ་5ཡི་ནང་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་སྟེ། སློབ་གྲྭ་ཐོན་ནས་ལོ་5ཡི་ནང་ཚུན་(སློབ་ཐོན་ལོ་འཁོར་ནི་ལོ་དང་པོར་བརྩིས་ནས་རིགས་བསྒྲེ་དགོས།)དང་། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ལས་གཏོད་བྱས་པ་དང་འབྲེལ་ལས་གཉེར་ལག་ཁྱེར་ཡང་བླངས་ཡོད་དགོས། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རང་རྟོགས་ཀྱིས་ལས་གཏོད་བྱས་པ་དང་།སྲིད་གཞུང་མིན་པའི་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་གཉེར་སྐྱོང་ས་ཡུལ་ནང་ལས་གཏོད་བྱས་པར་མ་ཟད། ད་དུང་ཁང་གླ་དང་ཆུ་གློག་གི་རིན་གོང་དངོས་སུ་སྤྲོད་དགོས་པའི་རིགས་ཡིན་དགོས། ལོ་ཧྲིལ་པོར་ཁང་གླ་དང་ཆུ་གློག་གི་གྲོན་དངུལ་སྤྲད་པའི་ཐོག་མའི་དཔང་ཡིག་ལ་གཞིགས་ནས་སྤྱིའི་གྲོན་དངུལ་རྩིས་རྒྱག་དགོས། གལ་ཏེ་སྤྱིའི་གྲོན་དངུལ་སྒོར་ཁྲི་2.4ལས་དམའ་ན། འགྲོ་གྲོན་དངོས་ལ་གཞིགས་ནས་ཁ་གསབ་སྤྲོད་དགོས།གལ་ཏེ་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་2.4ལས་མཐོ་བ་ཡོད་ན།སྒོར་ཁྲི་2.4ལྟར་ཁ་གསབ་སྤྲོད་རྒྱུ་དང་།ཆེས་རིང་ན་ལོ་5ཡིན།
(5)ལས་གཏོད་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སློབ་གྲྭ་ཐོན་པའི་ལོ་5ཡི་ནང་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་སྟེ། སློབ་གྲྭ་ཐོན་ནས་ལོ་5ཡི་ནང་ཚུན་(སློབ་ཐོན་ལོ་འཁོར་ནི་ལོ་དང་པོར་བརྩིས་ནས་རིགས་བསྒྲེ་དགོས།)དང་། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ལས་གཏོད་བྱས་པ་དང་འབྲེལ་ལས་གཉེར་ལག་ཁྱེར་ཡང་བླངས་ཡོད་དགོས།ཁ་གསབ་ཀྱི་ཚད་གཞི་ནི།ལས་གཏོད་ལས་གཉེར་ལག་ཁྱེར་བླངས་ནས་ལོ་1ཡན་སོང་རྗེས་སྒེར་གཉེར་དཔལ་འབྱོར་གསར་འཛུགས་བྱེད་པའི་མཐོ་སློབ་སློབ་ཐོན་སློབ་མ་ལ། མི་སྒེར་གྱི་ཐོབ་ཐང་ཐོག་ནས་འཇལ་བའི་གྲངས་འབོར་ལྟར་ཁ་གསབ་སྤྲོད་དགོས། ཁེ་ལས་གསར་འཛུགས་བྱེད་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལ། ཁེ་ལས་ཀྱིས་དེར་སྤྲད་པའི་གྲངས་འབོར་ལྟར་ཁ་གསབ་སྤྲོད་དགོས། ཁ་གསབ་ནི་2017ལོའི་(2017ལོ་ཚུད།)རྗེས་སུ་འགོ་ཚུགས་པ་དང་། ཁ་གསབ་དུས་ཚོད་ལོ་6ཡིན་པ་དང་། 100%ཡི་ཁ་གསབ་སྤྲོད་དགོས།
(6)ལག་ཁྱེར་ཁ་གསབ་རོགས་དངུལ།ཁ་གསབ་བྱ་ཡུལ་ནི་2019ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སློབ་གྲྭ་ཐོན་པ་དང་། ལོ་5ཡི་ནང་རྒྱལ་ཁབ་མི་སྤྱི་པུའུ་ཡིས་ཁས་ལེན་པའི་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་བླངས་པའི་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་ཡིན་དགོས། ཁ་གསབ་ཚད་གཞི་ནི། རིམ་པ་གཉིས་པའི་ཐོ་འགོད་བཟོ་སྐྲུན་པ་དང་། བཟོ་སྐྲུན་ཨར་ལས་བདེ་འཇགས་ཐོན་སྐྱེད་དོ་དམ་མི་སྣའི་ལས་གནས་སུ་མིང་ཐོ་འགོད་བྱས་པ་དང་འབྲེལ་ལག་ཁྱེར་བླངས་པའི་མཐོ་སློབ་སློབ་ཐོན་སློབ་མ་ལ། མི་ཐེངས་རེར་གསོ་སྦྱོང་གྲོན་དངུལ་སྒོར་5000སྤྲོད་དགོས། ལག་ཁྱེར་ཐོབ་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་མི་གྲངས་གཞིར་བཟུང་། དངོས་སྦྱོང་ཁེ་ལས་དང་དེ་བཞིན་འབྲེལ་ཡོད་གསོ་སྦྱོང་སྒྲིག་གཞིར་མི་ཐེངས་རེར་སྒོར་2000ཁ་གསབ་སྤྲོད་དགོས། རྩིས་གཉེར་དང་། ཁྲིམས་རྩོད་པ། ཁྲལ་དོན། ཡུལ་སྐོར་སྣེ་ཤན་པ། རྩིས་འཁོར། ཁེ་ལས་དོ་དམ།བྱིས་སྐྱོང་དགེ་རྒན། སྡེ་ཁུལ་ཞབས་ཞུ་སོགས་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་བླངས་པའི་མཐོ་སློབ་སློབ་ཐོན་སློབ་མར་མི་ཐེངས་རེར་སྒོར་2000གསོ་སྦྱོང་གྲོན་དངུལ་གྱི་ཁ་གསབ་སྤྲོད་དགོས། དེ་དང་ཆབས་ཅིག་ལག་ཁྱེར་བླངས་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་མི་གྲངས་གཞིར་བཟུང་། འབྲེལ་ཡོད་གསོ་སྦྱོང་སྒྲིག་གཞིར་མི་ཐེངས་རེར་སྒོར་2000ཁ་གསབ་སྤྲོད་དགོས།
(7)ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་འཚོ་གཞེས་དང་སྡོད་ཁང་གི་ཁ་གསབ་རོགས་དངུལ། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ། སློབ་གྲྭ་ཐོན་པའི་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་(མཐོ་རྒྱུགས་སྐབས་ཐེམ་ཐོ་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་དགོས།)ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་ནས། ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་དགོས།འཚོ་བའི་ཁ་གསབ་ནི། ལོ་དེའི་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་50%ལྟར། མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྤྲོད་དགོས།(2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་ལ་ས་གནས་དེ་གའི་ལོ་དེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་100%ལྟར་ཟླ་རེར་འཚོ་བའི་ཁ་གསབ་སྤྲོད་དགོས། རྒྱ་རིགས་མཐོ་སློབ་སློབ་ཐོན་སློབ་མར་ཟླ་རེར་འཚོ་བའི་ཁ་གསབ་50%སྤྲོད་དགོས།) ཁ་གསབ་ཀྱི་དུས་ཡུན་རིང་ཤོས་ལོ་5ཡིན། ལས་ཞུགས་ཁ་གསབ་ནི། ལོ་དེའི་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་50%ལྟར། མི་རེར་ཟླ་རེར་སྡོད་ཁང་ཁ་གསབ་སྤྲོད་དགོས།(2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་ལ་ས་གནས་དེ་གའི་ལོ་དེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་100%ལྟར་ཟླ་རེའི་སྡོད་ཁང་ཁ་གསབ་སྤྲོད་དགོས། རྒྱ་རིགས་མཐོ་སློབ་སློབ་ཐོན་སློབ་མར་ཟླ་རེའི་སྡོད་ཁང་ཁ་གསབ་50%སྤྲོད་དགོས།) ཁ་གསབ་ཀྱི་དུས་ཡུན་རིང་ཤོས་ལོ་5ཡིན།
(8)ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་ལམ་གྲོན་ཁ་གསབ་རོགས་དངུལ། 2017ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སློབ་གྲྭ་ཐོན་པའི་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་(མཐོ་རྒྱུགས་སྐབས་ཐེམ་ཐོ་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་དགོས།)ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་ནས། ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་དགོས། ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མ་ལ། ཐེངས་གཅིག་རང་བཞིན་གྱིས་མི་རེར་ལམ་གྲོན་སྒོར་2000སྤྲོད་དགོས།
(9)ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་ཀྱི་འཁོར་ཞག་ལམ་གྲོན་ཁ་གསབ་རོགས་དངུལ། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་ལྗོངས་གྲངས་ཉུང་མི་རིགས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་རྣམས་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱེད་པ་དང་འབྲེལ་ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་(རིམ་རྩིས་ལོ་ལྟར་གྱི་ལོ་3་ཚུད།)བཞག་ཡོད་རིགས་ལ། ལོ་རེར་མི་རེར་འཁོར་ཞག་ལམ་གྲོན་སྒོར་6000ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་དུས་ཚོད་ལོ་3ལས་བརྒལ་མི་ཆོག
(10)ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་ཀྱི་གཞིས་ཆགས་ཁ་གསབ་རོགས་དངུལ། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་རྣམས། ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་ནས་ལོ་3་ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་(རིམ་རྩིས་ལོ་ལྟར་གྱི་ལོ་3ཚུད།)བཞག་རིགས་ལ། མི་རེར་ཐེངས་གཅིག་རང་བཞིན་གྱི་སྒོར་8000གི་གཞིས་ཆགས་ཁ་གསབ་སྤྲོད་དགོས། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལྗོངས་ཕྱིའི་ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་སོགས་སུ་ལས་ཞུགས་བྱས་ནས་ལོ་3ཡན་གྱི་ངལ་རྩོལ་གན་རྒྱའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་པ་མ་ཟད། ལྗོངས་ཕྱི་རུ་ལས་ཞུགས་དུས་ཡུན་ལོ་5ལས་མི་ཉུང་བའི་བོད་ལྗོངས་གྲངས་ཉུང་མི་རིགས་ཀྱི་ལོ་འདིའི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་(སློབ་གྲྭ་ཐོན་ནས་ལོ་གཅིག་ནང་ཚུད།)ལ་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་ནས་ལོ་གཅིག་ལོན་རྗེས་ཐེངས་གཅིག་རང་བཞིན་གྱི་གཞིས་ཆགས་ཁ་གསབ་སྤྲོད་པ་དང་། ཁ་གསབ་ཚད་གཞི་ནི་དངོས་གཞི་དང་ཆེད་སྦྱོང་ཚན་པའི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མ་སྒོར་ཁྲི་3དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་སྒོར་ཁྲི་2འབུམ་རམས་པའི་ཞིབ་འཇུག་སློབ་མ་སྒོར་ཁྲི་1བཅས་ཡིན།
(11)ལྗོངས་ཕྱིའི་ལས་གཏོད་ཁ་གསབ་རོགས་དངུལ། 2022ལོ་ནས་རྗེས(2022ལོ་ཚུད།)སུ་སློབ་གྲྭ་ཐོན་པ་དང་། ལོ་5ཡི་ནང་ལྗོངས་ཕྱི་རུ་ལས་གཏོད་བྱེད་མཁན་གྱི་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་(འབྲིང་རིམ་ལས་རིགས་སློབ་མ་དང་ལག་རྩལ་བཟོ་ལས་སློབ་གླིང་གི་སློབ་ཐོན་སློབ་མ་ཚུད།)གཏན་འབེབས་ལྟར་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་འགོ་རྩོམ་མ་དངུལ་སྒོར་ཁྲི་6གི་རྒྱབ་སྐྱོར་དང་། ལོ་ལྟར་ས་ཡུལ་གྱི་བོགས་དངུལ་དང་ཆུ་གློག་གི་གྲོན་དངུལ་ཁ་གསབ་མཐོ་ཤོས་སྒོར་ཁྲི་2.4རེ་ཞུ་བྱས་ཆོག་པ་དང་། ཁ་གསབ་དུས་ཡུན་རིང་ཤོས་ལོ་5ཡིན།
(12)མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིའི་ལས་ཞུགས་བྱ་དགའ། 2022ལོའི་(2022ལོ་ཚུད།)རྗེས་སུ་སློབ་ཐོན་བྱུང་བའི་ལོ་དེའི་བོད་ལྗོངས་ཐེམ་ཐོའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ཕྱི་རུ་ལས་ཞུགས་བྱས་ནས་ལོ་3ཡན་ནམ་ལོ་5ཡན་ལོན་དགོས། བོད་ལྗོངས་ཐེམ་ཐོའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ཕྱི་རུ་ལས་ཞུགས་བྱས་ནས་ལོ་3ལོན་ན། ལྗོངས་ཕྱིའི་ལས་ཞུགས་བྱ་དགའ་སྒོར་ཁྲི་2ལོངས་སུ་སྤྱད་ཆོག་པ་དང་། ལོ་5ལོན་ན་ལྗོངས་ཕྱིའི་ལས་ཞུགས་བྱ་དགའ་སྒོར་ཁྲི་3ལོངས་སུ་སྤྱད་ཆོག
42.送温暖活动
根据《西藏自治区总工会关于印发<西藏自治区工会送温暖资金使用管理办法(试行)>的通知》(藏工发〔2021〕21号)规定,工会可以使用本级工会经费、财政拨款、上级工会经费补助等资金,针对建档困难职工、因患大病、遭受各类灾害或突发意外等情况造成生活困难职工、新业态从业者、一线职工、先进模范人物、离退休职工会员、因公牺牲职工等对象开展送温暖活动。
(1)财政送温暖活动专项资金发放标准:
对因非个人意愿下岗失业、家庭收入水平明显偏低、子女教育费用负担过重等原因家庭生活困难的职工,本人或家庭成员因患大病、遭受各类灾害或突发意外等情况造成生活困难的职工,本人或家庭成员患重大疾病的职工,困难企业中因停发、减发工资而导致生活相对困难的职工,因工伤和职业病致残、因公牺牲的职工,生产一线上的先进模范人物,为西藏经济社会发展做出重要贡献的革命家属、后代等,年度内可给予不超过2000元/人、户的一次性慰问。
对长期在苦脏累险艰苦行业岗位上工作的一线职工,重大灾害或重大节日期间坚守一线的职工,派驻挂职干部职工,各类机关企事业单位退休职工,新业态从业者和尚未有工会组织覆盖的其他劳动者(含农牧民工)等,年度内可给予不超过1000元/人、户的一次性慰问。
(2)工会经费送温暖活动专项资金发放标准:
对因非个人意愿下岗失业、家庭收入水平明显偏低、子女教育费用负担过重等原因家庭生活困难的职工,本人或家庭成员因患大病、遭受各类灾害或突发意外等情况造成生活困难的职工,本人或家庭成员患重大疾病的职工,困难企业中因停发、减发工资而导致生活相对困难的职工,因工伤和职业病致残、因公牺牲的职工,长期在苦脏累险艰苦行业岗位上工作的一线职工,重大灾害或重大节日期间坚守一线的职工,派驻挂职干部职工,各类机关企事业单位退休职工,年度内可给予不超过2600元/人、户的一次性慰问。
对新业态从业者和尚未有工会组织覆盖的其他劳动者(含农牧民工)等,年度内可给予不超过1000元/人的一次性慰问。
对生产一线上的先进模范人物,为西藏经济社会发展做出重要贡献的革命家属、后代等,年度内可给予不超过3000元/人的一次性慰问。
42.བརྩེ་དྲོད་སྐྱེལ་བའི་བྱེད་སྒོ།
《﹤བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་བརྩེ་དྲོད་སྐྱེལ་བའི་མ་དངུལ་བེད་སྤྱོད་དོ་དམ་བྱ་ཐབས་(ལག་བསྟར་ཚོད་ལྟ།)﹥པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་བརྡ་ཐོ》(བོད་ལྗོངས་བཟོ་ཚོགས་ཀྱི་ཡིག་ཆ་〔2021〕ཨང་21པ།)གཏན་འབེབས་གཞིར་བཟུང་།བཟོ་ཚོགས་ཀྱིས་རིམ་པ་དེ་གའི་བཟོ་ཚོགས་ཀྱི་གྲོན་དངུལ་དང་།ནོར་སྲིད་གྲོན་དངུལ།གོང་རིམ་བཟོ་ཚོགས་ཀྱི་གྲོན་དངུལ་ཁ་གསབ་སོགས་ཀྱི་མ་དངུལ་སྤྱད་དེ། དཀའ་ངལ་ཅན་གྱི་ལས་བཟོ་བ་དང་།ནད་གཞི་ཚབས་ཆེན་ཕོག་པ་དང་གནོད་འཚེ་སྣ་ཚོགས་ཕོག་པའམ་ཡང་ན་གློ་བུར་དུ་བསམ་ཡུལ་ལས་འདས་པའི་གནས་ཚུལ་སོགས་ཀྱི་དབང་གིས་འཚོ་བ་དཀའ་ངལ་ཡོད་པའི་ལས་བཟོ་བ།ལས་རིགས་གསར་པའི་ལས་གཉེར་བ།འཐབ་ཕྱོགས་དང་པོའི་ལས་བཟོ་བ།སྔོན་ཐོན་དཔེ་བཟང་མི་སྣ།ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བཟོ་བའི་ཚོགས་མི།གཞུང་དོན་དུ་རང་སྲོག་བློས་བཏང་བའི་ལས་བཟོ་སོགས་ལ་དམིགས་ནས་བརྩེ་དྲོད་སྐྱེལ་བའི་བྱེད་སྒོ་སྤེལ་ཆོག
(1)ནོར་སྲིད་ཀྱི་བརྩེ་དྲོད་སྐྱེལ་བའི་བྱེད་སྒོའི་ཆེད་དོན་མ་དངུལ་གཏོང་སྤྲོད་ཀྱི་ཚད་གཞི་ནི།
མི་སྒེར་གྱི་འདོད་མོས་ཀྱི་རྐྱེན་གྱིས་ལས་ཤོར་བྱུང་བ་དང་། ཁྱིམ་ཚང་གི་ཡོང་སྒོའི་ཆུ་ཚད་མངོན་གསལ་གྱིས་དམའ་བ། བུ་ཕྲུག་གི་སློབ་གསོའི་གྲོན་དངུལ་གྱི་འགན་འཁྲི་ལྕི་དྲགས་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཁྱིམ་ཚང་འཚོ་བར་དཀའ་ངལ་ཆེ་བའི་ལས་བཟོ་པ་དང་། རང་ཉིད་དམ་ཡང་ན་ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ཚབས་ཆེན་ཕོག་པ་དང་། གནོད་འཚེ་སྣ་ཚོགས་ཕོག་པའམ་ཡང་ན་གློ་བུར་དུ་བསམ་ཡུལ་ལས་འདས་པའི་གནས་ཚུལ་སོགས་ཀྱི་དབང་གིས་འཚོ་བ་དཀའ་ངལ་ཡོད་པའི་ལས་བཟོ་པ། རང་ཉིད་དང་ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ཚབས་ཆེན་ཕོག་པའི་ལས་བཟོ་པ། དཀའ་ངལ་ཡོད་པའི་ཁེ་ལས་སུ་གླ་ཕོགས་སྤྲོད་མཚམས་འཇོག་པ་དང་ཉུང་དུ་བཏང་བའི་དབང་གིས་འཚོ་བ་དཀའ་ངལ་ཅན་གྱི་ལས་བཟོ་པ། ལས་རྨས་དང་ལས་རིགས་ཀྱི་ནད་ཀྱིས་དབང་སྐྱོན་དུ་གྱུར་བ། གཞུང་དོན་དུ་རང་སྲོག་བློས་གཏོང་བའི་ལས་བཟོ་བ། ཐོན་སྐྱེད་འཐབ་ཕྱོགས་དང་པོའི་སྔོན་ཐོན་དཔེ་བཟང་མི་སྣ། བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་པའི་གསར་བརྗེའི་ཁྱིམ་མི་དང་རྗེས་རབས་པ་སོགས་ལ། ལོ་འཁོར་ནང་མི་རེར་སྒོར་2000ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲི་བྱས་ཆོག
དུས་ཡུན་རིང་པོར་དཀའ་ངལ་ཆེ་བའི་ལས་རིགས་ཀྱི་ལས་གནས་ཐོག་ལས་ཀ་བྱེད་པའི་འཐབ་ཕྱོགས་དང་པོའི་ལས་བཟོ་པ་དང་། གནོད་འཚེ་ཚབས་ཆེན་ནམ་ཡང་ན་དུས་ཆེན་གལ་ཆེན་རིང་འཐབ་ཕྱོགས་དང་པོའི་ལས་གནས་བརྟན་སྲུང་གི་ལས་བཟོ་པ། གནས་སྐབས་ལས་གནས་སུ་མངགས་གཏོང་བྱས་པའི་ལས་བྱེད་པ་དང་ལས་བཟོ་པ། ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པ། ལས་རིགས་གསར་པའི་ལས་བཟོ་པ།བཟོ་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་མེད་པའི་ངལ་རྩོལ་པ་གཞན་དག(ཞིང་འབྲོག་པའི་བཟོ་པ་ཚུད།)སོགས་ལ། ལོ་འཁོར་ནང་མི་རེར་སྒོར་1000ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲི་བྱས་ཆོག
(2)བཟོ་ཚོགས་གྲོན་དངུལ་གྱི་བརྩེ་དྲོད་སྐྱེལ་བའི་བྱེད་སྒོའི་ཆེད་དོན་མ་དངུལ་གཏོང་སྤྲོད་ཀྱི་ཚད་གཞི་ནི།
མི་སྒེར་གྱི་འདོད་མོས་ཀྱི་རྐྱེན་གྱིས་ལས་ཤོར་བྱུང་བ་དང་། ཁྱིམ་ཚང་གི་ཡོང་སྒོའི་ཆུ་ཚད་མངོན་གསལ་གྱིས་དམའ་བ། བུ་ཕྲུག་གི་སློབ་གསོའི་གྲོན་དངུལ་གྱི་འགན་འཁྲི་ལྕི་དྲགས་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཁྱིམ་ཚང་འཚོ་བར་དཀའ་ངལ་ཆེ་བའི་ལས་བཟོ་པ་དང་། རང་ཉིད་དམ་ཡང་ན་ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ཚབས་ཆེན་ཕོག་པ་དང་། གནོད་འཚེ་སྣ་ཚོགས་ཕོག་པའམ་ཡང་ན་གློ་བུར་དུ་བསམ་ཡུལ་ལས་འདས་པའི་གནས་ཚུལ་སོགས་ཀྱི་དབང་གིས་འཚོ་བ་དཀའ་ངལ་ཡོད་པའི་ལས་བཟོ་པ། རང་ཉིད་དང་ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ཚབས་ཆེན་ཕོག་པའི་ལས་བཟོ་པ། དཀའ་ངལ་ཡོད་པའི་ཁེ་ལས་སུ་གླ་ཕོགས་སྤྲོད་མཚམས་འཇོག་པ་དང་ཉུང་དུ་བཏང་བའི་དབང་གིས་འཚོ་བ་དཀའ་ངལ་ཅན་གྱི་ལས་བཟོ་པ། ལས་རྨས་དང་ལས་རིགས་ཀྱི་ནད་ཀྱིས་དབང་སྐྱོན་དུ་གྱུར་བ། གཞུང་དོན་དུ་རང་སྲོག་བློས་གཏོང་བའི་ལས་བཟོ་བ།དུས་ཡུན་རིང་པོར་དཀའ་ངལ་ཆེ་བའི་ལས་རིགས་ཀྱི་ལས་གནས་ཐོག་ལས་ཀ་བྱེད་པའི་འཐབ་ཕྱོགས་དང་པོའི་ལས་བཟོ་པ་དང་། གནོད་འཚེ་ཚབས་ཆེན་ནམ་ཡང་ན་དུས་ཆེན་གལ་ཆེན་རིང་འཐབ་ཕྱོགས་དང་པོའི་ལས་གནས་བརྟན་སྲུང་གི་ལས་བཟོ་པ།གནས་སྐབས་ལས་གནས་སུ་མངགས་གཏོང་བྱས་པའི་ལས་བྱེད་པ་དང་ལས་བཟོ་པ། ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པ། ལས་རིགས་གསར་པའི་ལས་བཟོ་པ།བཟོ་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་མེད་པའི་ངལ་རྩོལ་པ་གཞན་དག(ཞིང་འབྲོག་པའི་བཟོ་པ་ཚུད།)སོགས་ལ། ལོ་འཁོར་ནང་མི་རེར་སྒོར་2600ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲི་བྱས་ཆོག
ལས་རིགས་གསར་པའི་ལས་གཉེར་པ་དང་བཟོ་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་མེད་པའི་ངལ་རྩོལ་པ་གཞན་དག་(ཞིང་འབྲོག་པའི་བཟོ་པ་ཚུད།)སོགས་ལ། ལོ་འཁོར་ནང་མི་རེར་སྒོར་1000ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲི་བྱས་ཆོག
ཐོན་སྐྱེད་འཐབ་ཕྱོགས་དང་པོའི་སྔོན་ཐོན་དཔེ་བཟང་མི་སྣ་དང་། བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བའི་གསར་བརྗེའི་ནང་མི་དང་མི་རབས་རྗེས་མ་སོགས་ལ། ལོ་འཁོར་ནང་མི་རེར་སྒོར་3000ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲི་བྱས་ཆོག
43.在档困难职工帮扶救助
根据《西藏自治区总工会关于印发<西藏自治区工会困难职工家庭认定和档案管理办法(试行)><西藏自治区工会专项帮扶资金使用管理实施细则(试行)><西藏自治区工会困难职工家庭高校学生勤工俭学项目管理办法(试行)>的通知》(藏工发〔2021〕20号),对于已在工会建档的困难职工进行帮扶救助(生活救助、医疗救助、助学救助)。
生活救助:深度困难职工家庭为每户每年不超过12个月当地城镇最低生活保障标准之和,相对困难职工家庭为每户每年不超过10个月当地城镇最低生活保障标准之和,住房和取暖降温补贴等参照当地政府同类项目标准及不超过其标准。对于特别困难的,采取一事一议的方式,给予每户每年不超过24个月当地城镇最低生活保障标准之和的生活救助。
医疗救助:深度困难职工家庭补助不超过个人承担部分,相对困难职工家庭补助不超过个人承担部分的80%。对个别需长期吸氧维持生命的患病困难职工,可再单独给予一次性2000元/人·年补贴。对因重病或残疾需要护理的困难职工,可再单独给予一次性2000元/人·年补贴。
助学救助:幼儿园、义务教育阶段不超过3000元/生·年;高中(含中职)教育阶段不超过5000元/生·年;高等教育阶段(含研究生)以及接受特殊教育的区内不超过9000元/生·年,区外不超过9470元/生·年。
43.དཀའ་ངལ་ཅན་གྱི་ལས་བཟོ་བའི་རོགས་སྐྱོར་དང་རོགས་སྐྱོབ།
《﹤བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་དཀའ་ངལ་ཅན་གྱི་ལས་བཟོ་པའི་ཁྱིམ་ཚང་ངོས་འཛིན་དང་ཡིག་ཚགས་དོ་དམ་བྱ་ཐབས་(ལག་བསྟར་ཚོད་ལྟ།)﹥﹤བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་ཆེད་དོན་རོགས་སྐྱོར་མ་དངུལ་བེད་སྤྱོད་དོ་དམ་ལག་བསྟར་ཞིབ་སྲོལ་(ལག་བསྟར་ཚོད་ལྟ།)﹥﹤བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་དཀའ་ངལ་ཅན་གྱི་ལས་བཟོ་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་མའི་སློབ་ཞོར་ངལ་རྩོལ་རྣམ་གྲངས་དོ་དམ་བྱ་ཐབས་(ལག་བསྟར་ཚོད་ལྟ།)>པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་བརྡ་ཐོ》(བོད་ལྗོངས་བཟོ་ཚོགས་ཀྱི་ཡིག་ཆ་〔2021〕ཨང་20པ།)གཞིར་བཟུང་། བཟོ་ཚོགས་སུ་ཡིག་ཚགས་བཟོས་ཟིན་པའི་དཀའ་ངལ་ཡོད་པའི་ལས་བཟོ་བར་རོགས་སྐྱོར་དང་རོགས་སྐྱོབ་(འཚོ་བའི་རོགས་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། སློབ་རོགས་རོགས་སྐྱོབ།)བྱ་དགོས།
འཚོ་བའི་རོགས་སྐྱོབ་ནི། དཀའ་ངལ་ཧ་ཅང་ཆེ་བའི་ལས་བཟོ་པའི་ཁྱིམ་ཚང་ལ་ཁྱིམ་ཚང་རེར་ལོ་ལྟར་ཟླ་12ལས་མི་བརྒལ་བའི་ས་གནས་དེ་གའི་གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་འགན་སྲུང་ཚད་གཞིའི་བསྡོམས་འབོར་དང་། བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་ལས་བཟོ་པའི་ཁྱིམ་ཚང་ལ་ཁྱིམ་ཚང་རེར་ལོ་ལྟར་ཟླ་10ལས་མི་བརྒལ་བའི་ས་གནས་དེ་གའི་གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་འགན་སྲུང་ཚད་གཞིའི་བསྡོམས་འབོར་དང་།སྡོད་ཁང་དང་། དྲོད་ལེན་དྲོད་འཇགས་ཀྱི་ཁ་གསབ་སོགས་ས་གནས་དེ་གའི་སྲིད་གཞུང་གི་རིགས་མཐུན་རྣམ་གྲངས་ཀྱི་ཚད་གཞིར་ཟུར་ལྟ་བྱས་ནས་ཚད་གཞི་དེ་ལས་མི་བརྒལ་བའི་རོགས་སྐྱོབ་བྱ་དགོས། དཀའ་ངལ་ཤིན་ཏུ་ཆེ་བའི་རིགས་ལ། དོན་དག་རེ་ལ་གྲོས་བསྡུར་རེ་ཡི་བྱ་ཐབས་སྤྱད་དེ། ཁྱིམ་ཚང་རེར་ལོ་རེར་ཟླ་24ལས་མི་བརྒལ་བའི་ས་གནས་དེ་གའི་གྲོང་ཁྱེར་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་བསྡོམས་འབོར་གྱི་འཚོ་བའི་རོགས་སྐྱོབ་བྱ་དགོས།
སྨན་བཅོས་རོགས་སྐྱོབ་ནི། དཀའ་ངལ་ཧ་ཅང་ཆེ་བའི་ལས་བཟོ་པའི་ཁྱིམ་ཚང་གི་ཁ་གསབ་རོགས་དངུལ་དེ་མི་སྒེར་གྱིས་འཁུར་དགོས་པའི་ཆ་ཤས་ལས་བརྒལ་མི་ཆོག་པ་དང་།བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་ལས་བཟོ་པའི་ཁྱིམ་ཚང་གི་ཁ་གསབ་རོགས་དངུལ་དེ་མི་སྒེར་གྱིས་འཁུར་དགོས་པའི་ཆ་ཤས་ཀྱི་80%ལས་བརྒལ་མི་ཆོགཡུན་རིང་དབྱང་རླུང་རྔུབ་ནས་ཚེ་སྲོག་སྲུང་སྐྱོང་བྱ་དགོས་པའི་ནད་ཕོག་མཁན་གྱི་དཀའ་ངལ་ཡོད་པའི་ལས་བཟོ་བ་རེ་ཟུང་ལ་སླར་ཡང་ལོགས་སུ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་ལོ་རེར་མི་རེར་སྒོར་2000སྤྲད་ཆོགནད་ལྕི་བའམ་དབང་པོ་སྐྱོན་ཅན་གྱི་དབང་གིས་བདག་སྐྱོང་བྱ་དགོས་པའི་དཀའ་ངལ་ཡོད་པའི་ལས་བཟོ་བར་སླར་ཡང་ལོགས་སུ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་ལོ་རེར་མི་རེར་སྒོར་2000སྤྲད་ཆོག
སློབ་རོགས་རོགས་སྐྱོབ་ནི། བུ་བཅོལ་ཁང་དང་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མ་རེར་ལོ་རེར་སྒོར་3000ལས་མི་བརྒལ་བ་དང་། མཐོ་རིམ་སློབ་འབྲིང་(འབྲིང་རིམ་ལས་རིགས་སློབ་གྲུ་ཚུད།)གི་སློབ་གསོའི་དུས་མཚམས་སུ་སློབ་མ་རེར་ལོ་རེར་སྒོར་5000ལས་བརྒལ་མི་ཆོགམཐོ་རིམ་སློབ་གསོའི་དུས་རིམ་(ཞིབ་འཇུག་སློབ་མ་ཚུད།)དང་དེ་བཞིན་དམིགས་བསལ་སློབ་གསོ་དང་ལེན་བྱེད་པའི་ལྗོངས་ནང་ཁུལ་དུ་སློབ་མ་རེར་ལོ་རེར་སྒོར་9000ལས་བརྒལ་མི་ཆོག་པ་དང་། ལྗོངས་ཕྱིའི་སློབ་མ་རེར་ལོ་རེར་སྒོར་12000ལས་བརྒལ་མི་ཆོག
44.优抚对象补助
具体政策由市退役军人事务局负责解释。
44.གཟིགས་སྐྱོང་བྱ་ཡུལ་གྱི་ཁ་གསབ་རོགས་དངུལ།
ཞིབ་ཕྲའི་སྲིད་ཇུས་ནི་གྲོང་ཁྱེར་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཅུད་ཀྱིས་འགྲེལ་བཤད་བྱེད་པའི་འགན་འཁུར་དགོས།
第二部分间接补贴政策
ཁག་གཉིས་པ།གཞན་བརྒྱུད་ཁ་གསབ་སྲིད་ཇུས།
(公共服务优惠政策项目)
(སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྣམ་གྲངས།)
1.农牧民技能培训补贴
农牧民群众可结合自身实际及市场技能需求变化等,免费参加农牧民技能培训,产生的培训费用由人社部门全额补贴至有相应资质的技能培训实施机构,补贴标准为:实用技术培训补贴450元/人/次;劳动力转移培训补贴3000~12200元/人/次(A级消防员、保安员、保洁员、保育员等3000元/30天/人次,A级导游员4900元/45天/人次;B级混凝土工、钢筋工、砌筑工等4900元/45天/人次,古建装饰工、车工、焊工等12200元/180天/人次,装载机操作员、挖掘机操作员6400元/60天/人次;C级孤残儿童护理员、保健按摩师、修脚师等3000元/30天/人次,养老护理员4900元/45天/人次,美容美发师3900元/30天/人次;D级果树园艺工、护林员、花卉园艺师、家禽饲养工等3000元/30天/人次;E级西式烹调师、中式面点师、中式烹调师等5000元/45天/人次;F级工艺画制作、藏香制作、藏式绘画3900元/30天/人次,民族歌舞、民族手工艺品加工4800元/60天/人次,手工木工、家具制作工、唐卡制作、藏式雕刻等12200元/180天/人次;J级计算机操作员、摩托车维修、农机维修3000元/30天/人次,冷作钣金工3900元/30天/人次,汽车修理工、计算机维修、维修电工4800元/60天/人次,工程机械修理12200元/180天/人次;II级汽车驾驶员A5000元/60天/人次,汽车驾驶员B4500元/60天/人次,汽车驾驶员C4000元/60天/人次;创业类培训补贴4000~20000元/人次(创业培训4000元/10天/人次,创业师资培训补贴6000元/10天/人次,创业精英特别培训补贴20000元/8天/人次)。
1.ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ།
ཞིང་འབྲོག་མང་ཚོགས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཁྲོམ་རའི་རྩལ་ནུས་དགོས་མཁོའི་འགྱུར་ལྡོག་སོགས་དང་ཟུང་འབྲེལ་བྱས་ནས། རིན་མེད་ངང་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཆོག་པ་དང་། གསོ་སྦྱོང་འགྲོ་གྲོན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ཀྱིས་དེ་མཚུངས་ཀྱི་ཐོབ་ཐང་ལྡན་པའི་རྩལ་ནུས་གསོ་སྦྱོང་ལག་བསྟར་སྒྲིག་གཞིར་ཁ་གསབ་ཆ་ཚང་གཏོང་དགོས་པ་དང་། ཁ་གསབ་ཚད་གཞི་ནི། ཉེར་མཁོའི་ལག་རྩལ་གསོ་སྦྱོང་གི་ཁ་གསབ་མི་རེར་ཐེངས་རེར་སྒོར་450དང་། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གསོ་སྦྱོང་གི་ཁ་གསབ་མི་རེར་ཐེངས་རེར་སྒོར་3000ནས་12200བར་ཡིན།(Aརིམ་པའི་མེ་གསོད་པ་དང་། བདེ་སྲུང་པ། གཙང་སྦྲ་པ། བུ་རྫི་སོགས་ལ་ཉིན་30རེར་མི་ཐེངས་རེར་སྒོར་3000དང་། Aརིམ་པའི་ཡུལ་སྐོར་སྣེ་ཤན་པ་ལ་ཉིན་45རེར་མི་ཐེངས་རེར་སྒོར་4900ཡིན། Bརིམ་པའི་ཨར་འདམ་བཟོ་པ་དང་། ལྕགས་རྩིབས་བཟོ་པ། རྩིག་པ་སོགས་ཉིན་45རེར་མི་ཐེངས་རེར་སྒོར་4900ཡིན། གནའ་བོའི་འཛུགས་སྐྲུན་རྒྱན་སྤྲས་བཟོ་པ་དང་། རླངས་འཁོར་བཟོ་པ། ཚ་ལའི་བཟོ་པ་སོགས་ལ་ཉིན་180རེར་མི་ཐེངས་རེར་སྒོར་12200ཡིན། བླུག་འཁོར་བཀོལ་སྤྱོད་པ་དང་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་པ་ལ་ཉིན་60རེར་མི་ཐེངས་རེར་སྒོར་6400ཡིན། Cརིམ་པའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་བདག་སྐྱོང་པ་དང་། ཁམས་བདེ་འཕུར་མཉེད་པ། རྐང་བ་མཛེས་བཟོ་པ་སོགས་ཉིན་30རེར་མི་ཐེངས་རེར་སྒོར་3000ཡིན། རྒན་གསོའི་བདག་སྐྱོང་པ་ཉིན་45རེར་མི་ཐེངས་རེར་སྒོར་4900ཡིན། མཛེས་བཟོ་སྐྲ་བཞར་པ་ཉིན་30རེར་མི་ཐེངས་རེར་སྒོར་3900ཡིན།རིམ་པ་Dཡི་ཤིང་འབྲས་ལྡུམ་རའི་ལག་རྩལ་བཟོ་པ་དང་། ནགས་སྲུང་པ། མེ་ཏོག་ལྡུམ་རའི་ལག་རྩལ་པ། མ་བྱ་གསོ་མཁན་སོགས་ཉིན་30རེར་མི་ཐེངས་རེར་སྒོར་3000ཡིན། རིམ་པ་Eཡི་ནུབ་ལུགས་གཡོས་སྦྱོར་པ་དང་། ཀྲུང་ལུགས་ཀྱི་ཐུག་པ་བཟོ་པ། ཀྲུང་ལུགས་གཡོས་སྦྱོར་པ་སོགས་ཉིན་45རེར་མི་ཐེངས་རེར་སྒོར་5000ཡིན། རིམ་པ་Fཅན་གྱི་བཟོ་རྩལ་རི་མོ་བཟོ་བ་དང་། བོད་སྤོས་བཟོ་བ། བོད་ལུགས་རི་མོ་བ་བཅས་ཉིན་30རེར་མི་ཐེངས་རེར་སྒོར་3900དང་།མི་རིགས་གླུ་གར་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་པར་ཉིན་60རེར་མི་ཐེངས་རེར་སྒོར་4800ཡིན། ལག་ཤེས་ཤིང་བཟོ་དང་། ཁྱིམ་ཆས་བཟོ་པ། ཐང་གའི་བཟོ་བ། བོད་ལུགས་བརྐོས་རིས་པ་སོགས་ཉིན་180རེར་མི་ཐེངས་རེར་སྒོར་12200ཡིན། Jརིམ་པའི་རྩིས་འཁོར་བཀོལ་སྤྱོད་པ་དང་། འཕྲུལ་རྟ་ཉམས་གསོ་པ། ཞིང་ལས་འཕྲུལ་ཆས་ཉམས་གསོ་པ་ལ་ཉིན་30རེར་མི་ཐེངས་རེར་སྒོར་3000ཡིན། གྲང་བཟོའི་ལྕགས་ལེབ་བཟོ་མཁན་ཉིན་30རེར་མི་ཐེངས་རེར་སྒོར་3900ཡིན།རླངས་འཁོར་ཉམས་གསོ་པ་དང་གློག་ལས་མཁན་ཉིན་60རེར་མི་ཐེངས་རེར་སྒོར་4800ཡིན། བཟོ་སྐྲུན་འཕྲུལ་ཆས་ཉམས་གསོ་པ་ལ་ཉིན་180རེར་མི་ཐེངས་རེར་སྒོར་12200ཡིན། རིམ་པ་IIརླངས་འཁོར་ཁ་ལོ་བ་Aལ་ཉིན་60རེར་མི་ཐེངས་རེར་སྒོར་5000དང་། རླངས་འཁོར་ཁ་ལོ་བ་Bལ་ཉིན་60རེར་མི་ཐེངས་རེར་སྒོར་4500དང་། རླངས་འཁོར་ཁ་ལོ་བ་Cལ་ཉིན་60རེར་མི་ཐེངས་རེར་སྒོར་4000ཡིན། ལས་གཏོད་རིགས་ཀྱི་གསོ་སྦྱོང་ཁ་གསབ་མི་ཐེངས་རེར་སྒོར་4000ནས་20000བར་ཡིན།(ལས་གཏོད་གསོ་སྦྱོང་ཉིན་10རེར་མི་ཐེངས་རེར་སྒོར་4000དང་། ལས་གཏོད་དགེ་རྒན་གསོ་སྦྱོང་ཁ་གསབ་ཉིན་10རེར་མི་ཐེངས་རེར་སྒོར་6000དང་། ལས་གཏོད་ཕུལ་བྱུང་དམིགས་བསལ་གསོ་སྦྱོང་ཁ་གསབ་ཉིན་8རེར་མི་ཐེངས་རེར་སྒོར་20000ཡིན།)
2.农村基层党组织保障经费
从2018年起,全区村级组织党建工作经费按照每个村(居)每年10万元的标准进行保障。
2.གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་སྲུང་གྲོན་དངུལ།
2018ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་གྲོང་ཚོ་(གྲོང་མི་ཨུ་ལྷན།)རེར་ལོ་ལྟར་སྒོར་ཁྲི་10ཡི་ཚད་གཞི་ལྟར་འགན་སྲུང་བྱ་དགོས།
3.农药补贴
常规农药购置补助经费由自治区、地(市)、县(区)及农业生产经营主体共同承担,分担比例为45%、25%、20%、10%。实行资金、任务、权利、责任“四到县(区)”管理,由县(区)自行组织采购。
3.ཞིང་སྨན་ཁ་གསབ།
རྒྱུན་སྲོལ་ཞིང་སྨན་ཉོ་སྒྲུབ་ཀྱི་ཁ་གསབ་གྲོན་དངུལ་ནི་རང་སྐྱོང་ལྗོངས་དང་།ས་ཁུལ།(གྲོང་ཁྱེར།)རྫོང་(ཆུས།)དང་། དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་བཅས་ཀྱིས་ཐུན་མོང་ཐོག་འགན་འཁུར་རྒྱུ་དང་། འགན་བགོས་བསྡུར་ཚད་ནི་45%དང་།25% 20% 10%ལྟར་ཡིན། མ་དངུལ་དང་། ལས་འགན། ཁེ་དབང་། འགན་འཁྲི་བཅས་“རྫོང་(ཆུས།)གིས་”དོ་དམ་བྱ་རྒྱུ་དང་། རྫོང་(ཆུས།)རང་ཉིད་ཀྱིས་ཉོ་སྒྲུབ་སྒྲིག་འཛུགས་བྱ་དགོས།
4.农业保险保费补贴
我区农业保险政策险种包括:种植业(青稞、小麦、油菜、玉米、水稻、马铃薯);养殖业(牛、羊);能繁母猪、育肥猪;藏鸡;大棚蔬菜、大棚主体框架、农牧民住房。
保费和赔款具体情况:青稞(保费7.6元/亩,财政补贴7.296元/亩,农牧民支付保费0.304元/亩,赔款380元/亩)、小麦(保费7元/亩,财政补贴6.72元/亩,农牧民支付保费0.28元/亩,赔款350元/亩)、油菜(保费8元/亩,财政补贴7.68元/亩,农牧民支付保费0.32元/亩,赔款400元/亩)、水稻(保费7.6元/亩,财政补贴7.296元/亩,农牧民支付保费0.304元/亩,赔款380元/亩)、马铃薯(保费8元/亩,财政补贴7.68元/亩,农牧民支付保费0.32元/亩,赔款400元/亩)、牛(保费150元/头,财政补贴144元/头,农牧民支付保费6元/头,赔款5000元/头)、羊(保费15元/只,财政补贴14.4元/只,农牧民支付保费0.6元/只,赔款500元/只)、能繁母猪(保费90元/头,财政补贴72元/头,养猪户支付保费18元/头,赔款1500元/头)、育肥猪保费(48元/头,财政补贴38.4元/头,养猪户支付保费9.6元/头,赔款800元/头)、藏鸡(保费3元/只,财政补贴2.4元/只,养殖户支付保费0.6元/只,赔款50元/只)大棚蔬菜(保费120元/户,财政补贴115.2元/户,农牧民支付保费4.8元/户,赔款2000元/户)、大棚主体框架(保费180元/户,财政补贴172.8元/户,农牧民支付保费7.2元/户,赔款3000元/户)、农牧民住房(保费140元/栋,财政补贴134.4元/栋,农牧民支付保费5.6元/栋,赔款14000元/栋)。
4. ཞིང་ལས་འགན་བཅོལ་གྱི་འགན་བཅོལ་ཞུ་གྲོན་གྱི་ཁ་གསབ།
རང་ལྗོངས་ཀྱི་ཞིང་ལས་འགན་བཅོལ་སྲིད་ཇུས་ཀྱི་འགན་བཅོལ་རིགས་ལ། འདེབས་འཛུགས་ལས་རིགས་(ནས་དང་གྲོ།པད་ཁ།མ་རྨོས་ལོ་ཏོགཆུ་འབྲས། ཞོག་ཁོག)དང་། གསོ་སྤེལ་ལས་རིགས(ནོར་དང་ལུག) མོ་ཕག་དང་གསོ་ཕགབོད་བྱ། དྲོད་ཁང་སྔོ་ཚལ་དང་དྲོད་ཁང་གི་སྒྲོམ་གཞི། ཞིང་འབྲོག་པའི་སྡོད་ཁང་བཅས་ཡིན།
འགན་བཅོལ་ཞུ་གྲོན་གྱི་ཁ་གསབ་དང་སྐྱིན་ཚབ་འཇལ་དངུལ་གྱི་གནས་ཚུལ་ཞིབ་མོ་ནི། ནས། (འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་7.6དང་། ནོར་སྲིད་ཁ་གསབ་མུའུ་རེར་སྒོར་7.296དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.304དང། སྐྱིན་ཚབ་འཇལ་དངུལ་མུའུ་རེར་སྒོར་380བཅས་ཡིན།) གྲོ།(འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་7དང་། ནོར་སྲིད་ཁ་གསབ་མུའུ་རེར་སྒོར་6.72དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.28དང་། སྐྱིན་ཚབ་འཇལ་དངུལ་མུའུ་རེར་སྒོར་350བཅས་ཡིན།) པད་ཁ།(འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་8དང་། ནོར་སྲིད་ཁ་གསབ་མུའུ་རེར་སྒོར་7.68དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.32དང་། སྐྱིན་ཚབ་འཇལ་དངུལ་མུའུ་རེར་སྒོར་400བཅས་ཡིན།) ཆུ་འབྲས།(འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་7.6དང་། ནོར་སྲིད་ཁ་གསབ་མུའུ་རེར་སྒོར་7.296དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.304དང་། སྐྱིན་ཚབ་འཇལ་དངུལ་མུའུ་རེར་སྒོར་380བཅས་ཡིན།) ཞོག་ཁོག(འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་8དང་། ནོར་སྲིད་ཁ་གསབ་མུའུ་རེར་སྒོར་7.68དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་མུའུ་རེར་སྒོར་0.32དང་། སྐྱིན་ཚབ་འཇལ་དངུལ་མུའུ་རེར་སྒོར་400བཅས་ཡིན།)ནོར།(འགན་བཅོལ་གྲོན་དངུལ་ནོར་རེར་སྒོར་150དང་། ནོར་སྲིད་ཁ་གསབ་ནོར་རེར་སྒོར་144དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་ནོར་རེར་སྒོར་6དང་། སྐྱིན་ཚབ་འཇལ་དངུལ་ནོར་རེར་སྒོར་5000ཡིན།) ལུག(འགན་བཅོལ་གྲོན་དངུལ་ལུག་རེར་སྒོར་15དང་། ནོར་སྲིད་ཁ་གསབ་ལུག་རེར་སྒོར་14.4དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་ལུག་རེར་སྒོར་0.6དང་། སྐྱིན་ཚབ་འཇལ་དངུལ་ལུག་རེར་སྒོར་500ཡིན།) མོ་ཕག(འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་90དང་། ནོར་སྲིད་ཁ་གསབ་གཅིག་རེར་སྒོར་72དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་18དང་། སྐྱིན་ཚབ་འཇལ་དངུལ་གཅིག་རེར་སྒོར་1500ཡིན།) གསོ་ཕག(འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་48དང་། ནོར་སྲིད་ཁ་གསབ་གཅིག་རེར་སྒོར་38.4དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་9.6དང་། སྐྱིན་ཚབ་འཇལ་དངུལ་གཅིག་རེར་སྒོར་800ཡིན།) བོད་བྱ། (འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་3དང་། ནོར་སྲིད་ཁ་གསབ་གཅིག་རེར་སྒོར་2.4དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་0.6དང་། སྐྱིན་ཚབ་འཇལ་དངུལ་གཅིག་རེར་སྒོར་50ཡིན།) དྲོད་ཁང་སྔོ་ཚལ།(འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་120དང་། ནོར་སྲིད་ཁ་གསབ་གཅིག་རེར་སྒོར་115.2དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་4.8དང་། སྐྱིན་ཚབ་འཇལ་དངུལ་གཅིག་རེར་སྒོར་2000ཡིན།) དྲོད་ཁང་གི་སྒྲོམ་གཞི།(འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་180དང་། ནོར་སྲིད་ཁ་གསབ་གཅིག་རེར་སྒོར་172.8དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་གཅིག་རེར་སྒོར་7.2དང་། སྐྱིན་ཚབ་འཇལ་དངུལ་གཅིག་རེར་སྒོར་3000ཡིན།)ཞིང་འབྲོག་པའི་སྡོད་ཁང་།(འགན་བཅོལ་གྲོན་དངུལ་ཐོག་ཁང་རེར་སྒོར་140དང་། ནོར་སྲིད་ཁ་གསབ་སྒོར་134.4དང་། ཞིང་འབྲོག་པའི་གཏོང་སྤྲོད་འགན་བཅོལ་གྲོན་དངུལ་ཐོག་ཁང་རེར་སྒོར་5.6དང་། སྐྱིན་ཚབ་འཇལ་དངུལ་ཐོག་ཁང་རེར་སྒོར་14000ཡིན།)
5.动物疫病强制扑杀补助
家禽15元/羽;仔猪200元/头,成年猪800元/头;1岁以下牦(奶)牛3000元/头(含1岁,下同),1岁以上牦(奶)牛6000元/头;1岁以下肉(黄)牛1500元/头,1岁以上肉(黄)牛3000元/头;1岁以下羊200元/只,1岁以上羊500元/只;1岁以下马5000元/匹,1岁以上马12000元/匹。
动物疫病强制扑杀补助由中央、自治区、地(市)、县(区)共同承担,分担比例为80%、10%、5%、5%。
5.ནད་ཡམས་ཕོག་པའི་སྲོག་ཆགས་བཙན་ཤེད་ཀྱིས་གསོད་པའི་ཁ་གསབ་རོགས་དངུལ།
ཁྱིམ་བྱ་རེར་སྒོར་15ཡིན།ཕག་ཕྲུག་རེར་སྒོར་200དང་། ཕག་རྒན་རེར་སྒོར་800ཡིན།སོ་1མན་གྱི་འབྲི་གཡག་(བཞོན་མ།)རེར་སྒོར་3000(སོ་1ཚུད་ཡོད།གཤམ་དུ་མཚུངས།)དང་། སོ་1ཡན་གྱི་འབྲི་གཡག་(བཞོན་མ།)རེར་སྒོར་6000ཡིན།སོ་1མན་གྱི་བཤས་གཡག(བ་གླང་།)རེར་སྒོར་1500དང་། སོ་1ཡན་གྱི་བཤས་གཡག(བ་གླང་།)རེར་སྒོར་3000ཡིན།སོ་1མན་གྱི་ལུ་གུ་རེར་སྒོར་200དང་། སོ་1ཡན་གྱི་ལུག་རེར་སྒོར་500ཡིན།སོ་1མན་གྱི་རྟེའུ་རེར་སྒོར་5000དང་། སོ་1ཡན་གྱི་རྟ་རེར་སྒོར་12000ཡིན།
ནད་ཡམས་ཕོག་པའི་སྲོག་ཆགས་བཙན་ཤེད་ཀྱིས་གསོད་པའི་ཁ་གསབ་རོགས་དངུལ་ནི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར།)རྫོང་(ཆུས།)བཅས་ཀྱིས་ཐུན་མོང་ཐོག་འགན་འཁུར་རྒྱུ་དང་། འགན་བགོས་བསྡུར་ཚད་ནི་80%དང་། 10% 5% 5%ལྟར་ཡིན།
6.病死生猪养殖环节无害化处理补助
补助标准80元/头,其中:中央、自治区、地(市)、县(区)分别承担60元/头、10元/头、5元/头、5元/头。
6.ནད་ཤི་ཐེབས་པའི་ཕག་པ་དང་དེའི་གསོ་ཚགས་བྱེད་ས་གནོད་མེད་ཅན་དུ་གཙང་སེལ་བྱེད་པའི་ཁ་གསབ་རོགས་དངུལ།
ཁ་གསབ་ཚད་གཞི་ནི་ཕག་རེར་སྒོར་80ཡིན་ཞིང་། དེའི་ནང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར།)རྫོང་(ཆུས།)བཅས་ཀྱིས་ཕག་རེར་སྒོར་60དང་། སྒོར་10སྒོར་5སྒོར་5བཅས་སོ་སོར་འཁུར་དགོས།
7.农牧民食用碘盐补贴
实行农牧区销售的加碘盐政府统一售价,每公斤0.5元,食用量按4公斤/人·年售给,其中:“三包”公费教育学生食用碘盐1公斤/人·年。各地市、县(区)、乡(镇)人民政府逐级负责统计上报本辖区农牧民食用碘盐人数,经地市经济和信息化局审核报送,并由自治区经济和信息化厅下达配送任务指标,对农牧民食用碘盐的生产、运输、装卸、仓库租赁成本费用按实际发生额给予全额补贴;对其他管理、销售、损耗费用等按规定给予一定补贴。
7.ཞིང་འབྲོག་པའི་ཟས་སྤྱོད་ཏེན་ཚྭའི་ཁ་གསབ།
ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཕྱིར་འཚོང་གི་རིན་གོང་སྲིད་གཞུང་གིས་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་སྟེ།སྤྱི་རྒྱ་རེར་སྒོར་0.5དང་།བཟའ་ཚད་ནི་མི་རེར་ལོ་རེར་སྤྱི་རྒྱ་4ལྟར་འཚོང་དགོས། དེའི་ཁྲོད་དུ། “འགན་ལེན་གསུམ”་གྱི་གཞུང་གྲོན་སློབ་གསོའི་སློབ་མའི་ཏེན་ཚྭ་སྤྱོད་ཚད་ནི་མི་རེར་ལོ་རེེར་སྤྱི་རྒྱ་1ཡིན། ས་གནས་དང་གྲོང་ཁྱེར། རྫོང་། ཤང་(གྲོང་རྡལ།)ཁག་གི་མི་དམངས་སྲིད་གཞུང་གིས་རིམ་པ་རེ་རེ་བཞིན་ཁོངས་གཏོགས་ས་ཁུལ་དེ་གའི་ཞིང་འབྲོག་པའི་ཏེན་ཚྭ་བཟའ་བའི་མི་གྲངས་བསྡོམས་རྩིས་དང་སྙན་སེང་ཞུ་རྒྱུ་དང་། ས་གནས་དང་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅན་ཅུད་ཀྱིས་ཞིབ་བཤེར་བྱས་ནས་སྙན་སེང་ཞུ་རྒྱུ་དང་འབྲེལ། རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཅན་ཐིང་གིས་སྡེབ་སྐྱེལ་ལས་འགན་དམིགས་ཚད་གཤམ་སྤྲོད་བྱས་ཏེ། ཞིང་འབྲོག་པའི་ཏེན་ཚྭ་བཟའ་བའི་ཐོན་སྐྱེད་དང་། སྐྱེལ་འདྲེན། འདོན་འཇུགམཛོད་ཁང་བོགས་མར་གཏོང་ལེན་བཅས་ཀྱི་མ་གནས་འགྲོ་གྲོན་ལ་དངོས་སུ་བྱུང་བའི་གྲངས་འབོར་ལྟར་ཁ་གསབ་ཆ་ཚང་སྤྲོད་དགོས། དོ་དམ་དང་། ཕྱིར་འཚོང་། ཟད་གྲོན་བཅས་ཀྱི་གྲོན་དངུལ་གཞན་དག་ལའང་ཁ་གསབ་ངེས་ཅན་སྤྲོད་དགོས།
8.农用化肥价差费用补贴
自治区对全区播种粮油的农民使用化肥实行价差、费用补贴。除自治区切块下达资金和群众固定承担资金外,不足部分由市、县(区)两级财政各承担50%。
8.ཞིང་སྤྱོད་རྫས་ལུད་ཀྱི་རིན་གོང་ཁྱད་གྲོན་དངུལ་ཁ་གསབ།
རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་འབྲུ་སྣུམ་འདེབས་འཛུགས་བྱེད་མཁན་གྱི་ཞིང་པས་རྫས་ལུད་སྤྱོད་པར་རིན་གོང་ཁྱད་དང་འགྲོ་གྲོན་ཁ་གསབ་སྤྲོད་དགོས། རང་སྐྱོང་ལྗོངས་ཀྱིས་དུམ་བུ་བཅད་ནས་བཏང་བའི་མ་དངུལ་དང་མང་ཚོགས་ཀྱིས་གཏན་འཇགས་ཀྱིས་འགན་འཁུར་བའི་མ་དངུལ་ཕུད། མི་འདང་བའི་ཆ་ཤས་དེ་གྲོང་ཁྱེར་དང་རྫོང་(ཆུས།)རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་སོ་སོས་50%རེ་འཁུར་དགོས།
9.民间艺术团补贴
自治区财政对县(区)民间艺术团每团每年场次补贴60万元,地(市)财政每团每年场次补贴50万元,县(区)财政每团每年场次补贴40万元,演满60场公益性演出的足额发放场次补贴。
9.དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་གྲོན་དངུལ།
རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རྫོང་(ཆུས།)དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རེར་ལོ་རེར་འཁྲབ་ཐེངས་རེར་ཁ་གསབ་སྒོར་ཁྲི་60དང་། ས་ཁུལ་(གྲོང་ཁྱེར།)ནོར་སྲིད་ཀྱིས་ཚོགས་པ་རེར་ལོ་རེར་འཁྲབ་ཐེངས་རེར་ཁ་གསབ་སྒོར་ཁྲི་50རྫོང་(ཆུས།)ནོར་སྲིད་ཀྱིས་ཚོགས་པ་རེར་ལོ་རེར་འཁྲབ་ཐེངས་རེར་ཁ་གསབ་སྒོར་ཁྲི་40བཅས་སྤྲོད་དགོས། སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཐེངས་60ཡོངས་སུ་འཁྲབ་ན་ཐེངས་རེའི་ཁ་གསབ་ཆ་ཚང་སྤྲོད་དགོས།
10.免费教育补助政策
15年教育全免。全体在校生享受本政策,无需申请,免收学费、杂费、免费提供教科书,现具体补助标准:学前农牧区380元、学前城镇3600元、小学260元、初中380元、示范高中1840元、普通高中1240元、中职3300元、特殊教育6000元。政策资金纳入学校统一使用管理。
10.རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས།
ལོ་15རིང་སློབ་གསོ་ཚང་མ་རིན་མེད་ཡིན།སློབ་གྲྭར་ཡོད་པའི་སློབ་མ་ཡོངས་ཀྱིས་སྲིད་ཇུས་འདི་ལོངས་སུ་སྤྱོད་ཐུབ་ཅིང་རེ་ཞུ་བྱ་མི་དགོས། སློབ་ཡོན་དང་འགྲོ་གྲོན་རྩག་རྩིག་མི་བསྡུ་བར་སློབ་དེབ་རིན་མེད་མཁོ་འདོན་བྱ་དགོས། ད་ལྟ་ཞིབ་ཕྲའི་ཁ་གསབ་ཚད་གཞི་ནི། སློབ་སྔོན་ཞིང་འབྲོག་ཁུལ་དུ་སྒོར་380དང་། སློབ་སྔོན་གྲོང་ཁྱེར་གྲོང་རྡལ་དུ་སྒོར་3600དང་། སློབ་ཆུང་སྒོར་260དང་། དམའ་རིམ་སློབ་འབྲིང་སྒོར་380དང་། དཔེ་སྟོན་མཐོ་རིམ་སློབ་འབྲིང་སྒོར་1840དང་། མཐོ་རིམ་སློབ་འབྲིང་དཀྱུས་མ་སྒོར་1240དང་། འབྲིང་རིམ་ལས་རིགས་སློབ་གྲྭ་སྒོར་3300དང་། དམིགས་བསལ་སློབ་གསོ་སྒོར་6000བཅས་ཡིན། སྲིད་ཇུས་ཀྱི་མ་དངུལ་སློབ་གྲྭའི་ནང་དུ་བཅུག་ནས་གཅིག་གྱུར་གྱིས་བེད་སྤྱོད་དོ་དམ་བྱ་དགོས།
11.教育“三包”政策
春季年生均补助标准为:学前教育阶段二类区3930元、三类区4030元、四类区4130元;义务教育阶段二类区4430元、三类区4530元、四类区4630元;高中教育阶段二类区4930元;中职阶段二类区4930元。
秋季年生均补助标准为:学前教育阶段二类区4020元、三类区4120元、四类区4220元;义务教育阶段二类区4520元、三类区4620元、四类区4720元;高中教育阶段二类区5020元;中职阶段二类区5020元。
特殊教育(含随班就读)6000元。
11.སློབ་གསོའི་“འགན་ལེན་གསུམ་”གྱི་སྲིད་ཇུས།
དཔྱིད་དུས་ཀྱི་ལོ་རེའི་སློབ་མའི་ཆ་སྙོམས་ཁ་གསབ་ཚད་གཞི་ནི། སློབ་སྔོན་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་སྒོར་3930དང་། རིགས་གསུམ་པའི་ས་ཁུལ་སྒོར་4030དང་། རིགས་བཞི་པའི་ས་ཁུལ་སྒོར་4130བཅས་ཡིན། འོས་འགན་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་སྒོར་4430དང་། རིགས་གསུམ་པའི་ས་ཁུལ་སྒོར་4530དང་། རིགས་བཞི་པའི་ཁུལ་སྒོར་4630ཡིན། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་ལ་སྒོར་4930ཡིན། འབྲིང་རིམ་ལས་རིགས་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་སྒོར་4930ཡིན།
སྟོན་དུས་ཀྱི་ལོ་རེའི་སློབ་མའི་ཆ་སྙོམས་ཁ་གསབ་ཚད་གཞི་ནི། སློབ་སྔོན་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་ལ་སྒོར་4020དང་།རིགས་གསུམ་པའི་ས་ཁུལ་ལ་སྒོར་4120དང་། རིགས་བཞི་པའི་ས་ཁུལ་ལ་སྒོར་4220བཅས་ཡིན། འོས་འགན་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་སྒོར་4520དང་། རིགས་གསུམ་པའི་ས་ཁུལ་སྒོར་4620དང་། རིགས་བཞི་པའི་ས་ཁུལ་སྒོར་4720བཅས་ཡིན། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་ལ་སྒོར་5020ཡིན། འབྲིང་རིམ་ལས་རིགས་དུས་མཚམས་ཀྱི་རིགས་གཉིས་པའི་ས་ཁུལ་ལ་སྒོར་5020ཡིན།
དམིགས་བསལ་སློབ་གསོ་(འཛིན་གྲྭ་དང་ལྷན་ཅིག་སློབ་སྦྱོང་བྱེད་པ་ཚུད།)སྒོར་6000ཡིན།
12.高校毕业生学费补偿和国家助学贷款代偿政策
对应征入伍服义务兵役、招收为士官、退役后复学或入学的高等学校学生实行学费补偿、国家助学代偿、学费减免。学费补偿、国家助学贷款代偿以及学费减免的标准:本专科生现最高不超过16000元/人·年,研究生现最高不超过20000元/人·年。
对到中西部地区和艰苦边远地区基层单位就业的中央高校应届毕业生实行学费补偿或国家助学贷款代偿,本专科生现不超过16000元/人·年,研究生现不超过20000元/人·年。
超出标准不予补偿、代偿或减免。
12.མཐོ་སློབ་སློབ་ཐོན་སློབ་མའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་སྲིད་ཇུས།
དམག་སྐུལ་དང་ལེན་གྱིས་དམག་ཞབས་འགན་འཁྲི་འཁུར་བ་དང་། ལས་རིགས་དམག་མིར་བསྡུ་བ།དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་སླར་ཡང་སློབ་གྲྭར་ཞུགས་པའི་མཐོ་རིམ་སློབ་གྲྭའི་སློབ་མ་ལ། སློབ་ཡོན་གུན་གསབ་དང་། རྒྱལ་ཁབ་ཀྱིས་སློབ་རོགས་ཚབ་སྤྲོད། སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བ་བཅས་ལག་བསྟར་བྱ་དགོས། སློབ་ཡོན་ཁ་གསབ་དང་། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད། དེ་བཞིན་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་ཚད་གཞི་ནི། དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་ད་ལྟ་མཐོ་ཤོས་ལོ་རེར་མི་རེར་སྒོར་16000ལས་བརྒལ་མི་ཆོག་པ་དང་། ཞིབ་འཇུག་སློབ་མ་ད་ལྟ་མཐོ་ཤོས་ལོ་རེར་མི་རེར་སྒོར་20000ལས་བརྒལ་མི་ཆོག
དབུས་ནུབ་ས་ཁུལ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཚན་པར་ལས་ཞུགས་བྱེད་པའི་ཀྲུང་དབྱང་མཐོ་སློབ་ཀྱི་ལོ་དེའི་སློབ་ཐོན་སློབ་མར་སློབ་ཡོན་གུན་གསབ་དམ་རྒྱལ་ཁབ་ཀྱིས་སློབ་རོགས་དངུལ་བུན་ཚབ་སྤྲོད་བྱ་དགོས།དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར་ད་ལྟ་ལོ་རེར་མི་རེར་སྒོར་16000ལས་བརྒལ་མི་ཆོག་པ་དང་། ཞིབ་འཇུག་སློབ་མར་ད་ལྟ་ལོ་རེར་མི་རེར་སྒོར་20000ལས་བརྒལ་མི་ཆོག
ཚད་གཞི་ལས་བརྒལ་ན་གུན་གསབ་དང་ཚབ་སྤྲོད་དམ་ཡང་ན་ཆག་ཡང་དང་རྩ་ཆག་གཏོང་བ་བཅས་མི་བྱེད།
13.城乡居民基本医疗保险
根据《西藏自治区人民政府关于印发<西藏自治区城乡居民基本医疗保险自治区级统筹实施意见(试行)>的通知》(藏政发〔2023〕13号),城乡居民基本医疗保险实行全区统一的住院、门诊和其他保障待遇政策。城乡居民基本医疗保险在集中征缴期参保缴费的,于次年1月1日至12月31日享受城乡居民医疗保障待遇。从2024年1月1日起,城乡居民基本医疗保险补助标准提高至705元/人/年。
参保范围。具有我区户籍且未参加职工基本医疗保险的人员在户籍地参保,在我区就学的区外户籍各类全日制大中专在校学生,取得我区居住证且未参加基本医疗保险的区外户籍人员以及取得永久居留身份证且未参加基本医疗保险的外籍人员在居住地参保,在我区依法登记的宗教活动场所在编教职人员在寺庙所在地参保。参保人员不得跨制度、跨统筹地区重复参保和重复享受待遇。
筹资机制。实行个人缴费与政府补助相结合的筹资机制。全区执行统一的城乡居民基本医疗保险个人缴费标准和财政补助标准。个人缴费部门由城乡居民基本医疗保险参保人员自愿选择高、低两个档次标准之一进行参保缴费。个人缴费标准按照国家和自治区规定每年进行动态调整,并逐步过渡到一个缴费档次。2024年度个人缴费标准分为200元和380元两档,缴费档次越高报销比例越高。
建立“长缴多报”机制,参保人员在藏参加城乡居民基本医疗保险起连续不间断缴满10年及以上的,自缴满当年起住院和门诊特殊病基本医疗保险待遇在其选择的缴费档次待遇基础上提高3%。参保期间中断缴费的,不享受待遇提高政策,从再次参保缴费起重新计算连续缴费年限。医疗救助对象、女年满60周岁和男年满65周岁参保居民及边境一线群众、爱国守法先进僧尼等特殊群体参加城乡居民基本医疗保险个人缴费部分,按现行政策执行。1.城乡特困救助供养对象、孤儿、重度残疾人、6065人员由政府按最高档次全额代缴,个人不缴费。2.低保救助对象、农村返贫致贫人口、脱贫不稳定户、突发严重困难户、边缘易致贫户、低保边缘对象、困难职工、其他特殊困难人员(县级及以上政府认定)个人缴纳35元(2023年),其余部分由医疗救助资金代缴。3.获得自治区级先进僧尼称号的僧尼由政府按最高档次全额代缴,个人不缴费;获得市级先进僧尼称号的僧尼个人缴费标准80元或175元(2023年),获得县级先进僧尼称号的僧尼个人缴费标准120元或262.5元(2023年)。
(1)住院保障。城乡居民参保人员住院费用统筹基金年度最高支付限额为6万元。二级及以下、三级定点医疗机构住院费用统筹基金起付标准分别为200元、400元,年度内第二次、第三次及之后住院的,分别按照首次住院起付标准的70%、50%执行。对于同一种疾病在定点医疗机构住院治疗后,出院15天内双向转诊再次住院的,不再设立住院起付标准。在我区二级及以下定点医疗机构住院产生的合规医疗费用,按高、低两种缴费档次由统筹基金分别按90%、65%比例支付;在我区三级定点医疗机构住院产生的合规医疗费用,按高、低两种缴费档次由统筹基金分别按85%、60%比例支付。
(2)门诊保障。我区城乡居民基本医疗保险门诊特殊病有33个大类、49个病种,不设起付标准,产生的合规医疗费用,按高、低两种缴费档次由统筹基金分别按90%、60%比例支付,年度统筹基金最高支付限额与住院医疗费用合并计算;普通门诊起付标准为年度累计50元,产生的合规医疗费用由统筹基金按60%比例支付,年度统筹基金最高支付限额为300元,不计入住院和门诊特殊病年度最高支付限额;城乡居民参保人员高血压、糖尿病门诊用药保障待遇按照相关规定执行,不计入住院和门诊特殊病年度最高支付限额。
(3)其他保障。城乡居民参保人员因住院或认定门诊特殊病前7天符合规定的门诊检查、治疗费用,纳入住院或者门诊特殊病费用由统筹基金报销。产生的跨年度(含自治区级统筹前后)医疗费用依据费用发生当时的政策给予报销,对跨年度的医疗费用不再设立住院起付标准。
(4)当年出生的新生儿实施“落地参保”政策,参保缴费后自出生之日起开始按规定享受当年度城乡居民基本医疗保险待遇。新生儿出生后一周岁以内跨年度参保,且办理当年和次年城乡居民基本医疗保险参保手续并缴纳出生当年和次年基本医疗保险费的,自出生之日起按规定享受当年和次年城乡居民基本医疗保险待遇。
名词解释:起付标准是指参保人在享受医疗费用报销之前需要自己先行支付的费用额度。在起付标准以下的医疗费用,医疗保险统筹基金不予支付。
13.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ།
《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་ལག་བསྟར་བསམ་འཆར་(ལག་བསྟར་ཚོད་ལྟ།)》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ》(བོད་ལྗོངས་སྲིད་གཞུང་གི་ཡིག་ཆ་〔2023〕ཨང་13པ།)གཞིར་བཟུང་། གྲོང་ཁྱེར་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ལྗོངས་ཡོངས་སུ་གཅིག་གྱུར་གྱི་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་དུ་སྡོད་པ།ཐོབ་ཐང་འགན་སྲུང་གཞན་དག་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་གཅིག་སྡུད་བསྡུ་ལེན་བྱེད་རིང་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་རིགས་ལ། ཕྱི་ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་དགོས། 2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་ཚད་གཞི་ལོ་རེར་མི་རེར་སྒོར་705བར་མཐོ་རུ་བཏང་ཡོད།
འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས།རང་ལྗོངས་ཀྱི་ཐེམ་ཐོ་ཡོད་ལ་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་མི་སྣ་ཐེམ་ཐོ་གནས་སར་འགན་བཅོལ་ནང་ཞུགས་དགོས། རང་ལྗོངས་སུ་སློབ་སྦྱོང་བྱེད་པའི་ལྗོངས་ཕྱིའི་ཐེམ་ཐོ་ཉིན་གང་ལམ་ལུགས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་ཡོད་པའི་སློབ་མ་དང་། རང་ལྗོངས་ཀྱི་སྡོད་གནས་ལག་ཁྱེར་ཐོབ་པ་མ་ཟད་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་ལྗོངས་ཕྱིའི་ཐེམ་ཐོའི་མི་སྣ།དེ་བཞིན་ཡུན་རིང་སྡོད་པའི་ཐོབ་ཐང་ལག་ཁྱེར་ཐོབ་པ་མ་ཟད་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་ཕྱི་རྒྱལ་གྱི་མི་སྣ་བཅས་སྡོད་གནས་སུ་འགན་བཅོལ་ནང་ཞུགས་དགོས། རང་ལྗོངས་སུ་བཅའ་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ཁོངས་དགེ་རྒན་མི་སྣ་དགོན་སྡེའི་གནས་ཡུལ་དུ་འགན་བཅོལ་ནང་ཞུགས་དགོས། འགན་བཅོལ་ནང་ཞུགས་མཁན་གྱིས་ལམ་ལུགས་ལས་བརྒལ་བ་དང་གཅིག་འདོམས་ས་ཁུལ་ལས་བརྒལ་ནས་འགན་བཅོལ་ནང་བསྐྱར་ཞུགས་དང་ཐོབ་ཐང་བསྐྱར་སྤྱོད་བྱས་མི་ཆོག
མ་དངུལ་གྲབས་གསོག་གི་ལམ་སྲོལ།མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་ཟུང་འབྲེལ་བྱེད་པའི་མ་དངུལ་གྲབས་གསོག་ལམ་སྲོལ་ལག་བསྟར་བྱ་དགོས།ལྗོངས་ཡོངས་ཀྱིས་གཅིག་གྱུར་གྱི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་དང་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་ལག་བསྟར་བྱ་དགོས། མི་སྒེར་གྱི་གྲོན་དངུལ་འཇལ་བའི་སྡེ་ཁག་གིས་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ཀྱིས་རིམ་པ་མཐོ་བ་དང་དམའ་བའི་ཚད་གཞི་གཉིས་ཀྱི་གྲས་ཤིག་བདམས་ནས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་དགོས།མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལྟར་ལོ་ལྟར་འགུལ་རྣམ་ལེགས་སྒྲིག་བྱེད་པ་དང་འབྲེལ། རིམ་བཞིན་གྲོན་དངུལ་འཇལ་བའི་རིམ་པ་གཅིག་ཏུ་བར་བརྒལ་བྱ་དགོས། 2024ལོའི་མི་སྒེར་གྱི་གྲོན་དངུལ་འཇལ་ཚད་དེ་སྒོར་200དང་སྒོར་380རིམ་པ་གཉིས་སུ་དབྱེ་ཡོད།གྲོན་དངུལ་འཇལ་ཚད་ཇི་ཙམ་མཐོ་ན་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་ཙམ་གྱིས་མཐོ་བ་ཡིན།
“ཡུན་རིང་འཇལ་ན་རྩིས་ཞུ་མང་བའི་”ལམ་སྲོལ་བཙུགས་ནས། འགན་བཅོལ་ནང་ཞུགས་མཁན་གྱིས་བོད་ལྗོངས་སུ་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་ནས་བཟུང་བསྟུད་མར་ལོ་10ཡན་རྒྱུན་ཆད་མེད་པར་འཇལ་ཚར་ཚེ། ལོ་དེ་ནས་བཟུང་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་དེ་བདམས་པའི་དངུལ་འཇལ་རིམ་པའི་ཐོབ་ཐང་གི་རྨང་གཞིའི་ཐོག་3%མཐོ་རུ་གཏོང་དགོས། འགན་བཅོལ་ནང་ཞུགས་པའི་རིང་གྲོན་དངུལ་འཇལ་མཚམས་བཞག་ཚེ། ཐོབ་ཐང་མཐོ་རུ་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱོད་མི་ཐུབ་པར་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ཡང་བསྐྱར་འཇལ་རྒྱུ་ནས་བཟུང་བསྟུད་མར་གྲོན་དངུལ་འཇལ་ཡུན་ཚད་བསྐྱར་དུ་རྩིས་རྒྱག་དགོས། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དང་། བུད་མེད་ལོ་60ལ་སོན་པ་དང་སྐྱེས་པ་ལོ་65ལ་སོན་པའི་འགན་བཅོལ་ནང་ཞུགས་མཁན་གྲོང་མི། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་མང་ཚོགས།རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་སོགས་དམིགས་བསལ་ཚོགས་སྤྱི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་མི་སྒེར་གྱི་གྲོན་དངུལ་འཇལ་དགོས་པའི་ཆ་ཤས་དེ་འཇལ་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལྟར་ལག་བསྟར་བྱ་དགོས། 1.གྲོང་ཁྱེར་གྲོང་གསེབ་ཀྱི་དཀའ་ངལ་ཧ་ཅང་ཆེ་བའི་རོགས་སྐྱོབ་དང་གསོ་སྐྱོང་བྱ་ཡུལ་དང་། དྭ་ཕྲུགདབང་པོ་སྐྱོན་ཅན་ཚབས་ཆེན། 6065མི་སྣ་བཅས་ལ་སྲིད་གཞུང་གིས་རིམ་པ་མཐོ་ཤོས་ལྟར་ཆ་ཚང་ཚབ་སྤྲོད་བྱ་རྒྱུ་ལས་མི་སྒེར་གྱིས་གྲོན་དངུལ་འཇལ་མི་དགོས། 2.མ་མཐའི་འཚོ་བའི་འགན་སྲུང་གི་རོགས་སྐྱོབ་བྱ་ཡུལ་དང་། གྲོང་གསེབ་ཀྱི་བསྐྱར་དབུལ་དབུལ་ཕོངས་མི་གྲངས། དབུལ་སྒྲོལ་བརྟན་ལྷིང་མེད་པའི་ཁྱིམ་ཚང་། གློ་བུར་དུ་དཀའ་ངལ་ཚབས་ཆེན་འཕྲད་པའི་ཁྱིམ་ཚང་། མ་མཐའི་འཚོ་བའི་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་། དཀའ་ངལ་ཡོད་པའི་ལས་བཟོ་པ།དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཞན་དག་(རྫོང་རིམ་པ་དང་དེ་ཡན་གྱི་སྲིད་གཞུང་གིས་ངོས་བཟུང་བ།)བཅས་ཀྱིས་མི་སྒེར་གྱིས་སྒོར་35(2023ལོ།)འཇལ་རྒྱུ་དང་། དེ་བྱིངས་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱིས་ཚབ་སྤྲོད་བྱ་དགོས། 3.རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲྭ་བཙུན་གྱི་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་སྲིད་གཞུང་གིས་རིམ་པ་མཐོ་ཤོས་ལྟར་ཆ་ཚང་ཚབ་སྤྲོད་བྱེད་པ་ལས་མི་སྒེར་གྱིས་གྲོན་དངུལ་འཇལ་མི་དགོས། གྲོང་ཁྱེར་རིམ་པའི་སྔོན་ཐོན་གྲྭ་བཙུན་གྱི་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་སྒེར་གྱི་གྲོན་དངུལ་འཇལ་ཚད་སྒོར་80འམ་ཡང་ན་175ཡིན(2023ལོ།)དང་། རྫོང་རིམ་པའི་སྔོན་ཐོན་གྲྭ་བཙུན་གྱི་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་སྒེར་གྱི་གྲོན་དངུལ་འཇལ་ཚད་སྒོར་120འམ་ཡང་ན་262.5(2023ལོ།)ཡིན།
(1)སྨན་ཁང་དུ་སྡོད་པའི་འགན་སྲུང་། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་སྨན་ཁང་དུ་སྡོད་པའི་གྲོན་དངུལ་གཅིག་འདོམས་ཐེབས་རྩའི་ལོ་འཁོར་གྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་སྒོར་ཁྲི་6ཡིན། རིམ་པ་གཉིས་པ་དང་དེའི་མན་དང་། རིམ་པ་གསུམ་པའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་སྨན་ཁང་དུ་སྡོད་པའི་གྲོན་དངུལ་གཅིག་འདོམས་ཐེབས་རྩའི་ཐོག་མའི་གཏོང་སྤྲོད་ཚད་གཞི་ནི་སྒོར་200དང་400སོ་སོར་ཡིན་པ་དང་།ལོ་འཁོར་ནང་ཐེངས་གཉིས་པ་དང་།ཐེངས་གསུམ་པ། དེ་རྗེས་སྨན་ཁང་དུ་སྡོད་མཁན་རྣམས་སྨན་ཁང་དུ་སྡོད་པའི་ཐོག་མའི་གཏོང་སྤྲོད་ཚད་གཞི་70%དང་50%ལྟར་སོ་སོར་ལག་བསྟར་བྱ་དགོས། ནད་རིགས་གཅིག་མཚུངས་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་རྗེས། སྨན་ཁང་ནས་ཐོན་པའི་ཉིན་15ཡི་ནང་ཕྱོགས་གཉིས་ནས་སྨན་བཅོས་བརྒྱུད་སྤྲོད་བྱས་ཏེ་སླར་ཡང་སྨན་ཁང་དུ་བསྡད་ཚེ། ཡང་བསྐྱར་སྨན་ཁང་དུ་བསྡད་ནས་ཐོག་མའི་གཏོང་སྤྲོད་ཚད་གཞི་གཏན་འཁེལ་བྱ་རྒྱུ་མེད། རང་ལྗོངས་ཀྱི་རིམ་པ་གཉིས་པ་དང་དེའི་མན་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་ཁང་དུ་བསྡད་ནས་ཐོན་པའི་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་དེ། གྲོན་དངུལ་འཇལ་བའི་མཐོ་དམན་རིགས་གཉིས་གཞིར་བཟུང་ནས་གཅིག་འདོམས་ཐེབས་རྩ་ནས་90%དང་65%ལྟར་སོ་སོར་སྤྲོད་རྒྱུ་དང་། རང་ལྗོངས་ཀྱི་རིམ་པ་གསུམ་པའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་ཁང་དུ་བསྡད་ནས་ཐོན་པའི་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་དེ། གྲོན་དངུལ་འཇལ་བའི་མཐོ་དམན་རིགས་གཉིས་གཞིར་བཟུང་གཅིག་འདོམས་ཐེབས་རྩ་ནས་བསྡུར་ཚད་85%དང་60%ལྟར་སྤྲོད་དགོས།
(2)སྒོ་བསྟེན་སྨན་ཁང་གི་འགན་སྲུང་། རང་ལྗོངས་ཀྱི་གྲོང་ཁྱེར་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་ཆེན་པོ་33དང་། ནད་རིགས་49ཡོད་པས། ཐོག་མའི་གཏོང་སྤྲོད་ཚད་གཞི་གཏན་འབེབས་མི་བྱེད་པར་དེ་ལས་བྱུང་བའི་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་ནི། གྲོན་དངུལ་འཇལ་བའི་མཐོ་དམན་རིགས་གཉིས་གཞིར་བཟུང་གཅིག་འདོམས་ཐེབས་རྩ་ནས་90%དང་60%ཡི་བསྡུར་ཚད་ལྟར་སོ་སོར་སྤྲོད་དགོས་པ་དང་། ལོ་འཁོར་གྱི་གཅིག་འདོམས་ཐེབས་རྩ་ནས་སྤྲོད་དགོས་པའི་ཚད་གཞི་མཐོ་ཤོས་དང་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་ཟླ་སྒྲིལ་བྱས་ནས་རྩིས་རྒྱག་དགོས། སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་ཐོག་མའི་གཏོང་སྤྲོད་ཚད་གཞི་ནི་ལོ་འཁོར་རིམ་རྩིས་སྒོར་50ཡིན་པ་དང་། དེ་ལས་ཐོན་པའི་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་ནི་གཅིག་འདོམས་ཐེབས་རྩ་ནས་60%ཡི་བསྡུར་ཚད་ལྟར་སྤྲོད་རྒྱུ་དང་། ལོ་འཁོར་གཅིག་འདོམས་ཐེབས་རྩ་ནས་གཏོང་སྤྲོད་བྱེད་པའི་ཚད་གཞི་མཐོ་ཤོས་སྒོར་300ཡིན་པ་དེ། སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལོ་འཁོར་གྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་ཀྱི་ཁོངས་སུ་མི་བརྩི།གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་སྒོ་བསྟེན་སྨན་སྤྱོད་འགན་སྲུང་ཐོབ་ཐང་དེ་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས་པ་དང་། སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་ལོ་འཁོར་གྱི་གཏོང་སྤྲོད་ཚད་བཀག་མཐོ་ཤོས་ནང་ཚུད་མེད།
(3)འགན་སྲུང་གཞན་དགགྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་སྨན་ཁང་དུ་སྡོད་པའམ་ཡང་ན་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་ངོས་འཛིན་མ་བྱས་པའི་སྔོན་གྱི་ཉིན་7་གྱི་ནང་གཏན་འབེབས་དང་མཐུན་པའི་སྒོ་བསྟེན་སྨན་ཁང་གི་བརྟག་དཔྱད་དང་སྨན་བཅོས་གྲོན་དངུལ་དེ། སྨན་ཁང་དུ་སྡོད་པའམ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་གྲོན་དངུལ་ནང་འཇུག་རྒྱུ་དེ་གཅིག་འདོམས་ཐེབས་རྩས་རྩིས་ཞུ་བྱ་དགོས། ལོ་འཁོར་ལས་བརྒལ་བའི་སྨན་བཅོས་འགྲོ་གྲོན་(རང་སྐྱོང་ལྗོངས་རིམ་པའི་གཅིག་འདོམས་ཀྱི་སྔ་རྗེས་ཚུད།)ནི་གྲོན་དངུལ་བྱུང་བའི་སྐབས་དེའི་སྲིད་ཇུས་གཞིར་བཟུང་ནས་རྩིས་ཞུ་བྱ་རྒྱུ་དང་། ལོ་འཁོར་ལས་བརྒལ་བའི་སྨན་བཅོས་འགྲོ་གྲོན་ལ་སྨན་ཁང་དུ་སྡོད་པའི་ཐོག་མའི་གཏོང་སྤྲོད་ཚད་གཞི་བཟོ་མི་དགོས།
(4)ལོ་དེར་སྐྱེས་པའི་ཕྲུ་གུ་དམར་འབྱར་ལ་“གནས་འབྱོར་འགན་བཅོལ་ནང་ཞུགས་པའི་”སྲིད་ཇུས་ལག་བསྟར་བྱས་ཏེ། འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་རྗེས་སྐྱེས་པའི་ཉིན་ནས་བཟུང་གཏན་འབེབས་ལྟར་ལོ་དེའི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་དགོས།ཕྲུ་གུ་དམར་འབྱར་སྐྱེས་རྗེས་ལོ་གཅིག་ནང་ཚུན་ལོ་འཁོར་ལས་བརྒལ་བའི་འགན་བཅོལ་ནང་ཞུགས་པ་དང་། ལོ་དེ་དང་ཕྱི་ལོའི་གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཤིང་འགྲོ་ལུགས་འགྲིམ་ནས་སྐྱེས་ལོ་དེ་དང་ཕྱི་ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་འཇལ་རིགས་ལ། སྐྱེས་ཉིན་ནས་བཟུང་གཏན་འབེབས་ལྟར་ལོ་དེ་དང་ཕྱི་ལོའི་གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་དགོས།
ཐ་སྙད་འགྲེལ་བཤད། ཐོག་མའི་གཏོང་སྤྲོད་ཚད་གཞི་ཞེས་པ་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགྲོ་གྲོན་རྩིས་ཞུ་མ་བྱས་པའི་སྔོན་ལ་རང་ཉིད་ཀྱིས་སྔོན་ལ་སྤྲོད་དགོས་པའི་འགྲོ་གྲོན་གྱི་གྲངས་ཚད་ལ་ཟེར། ཐོག་མའི་གཏོང་སྤྲོད་ཚད་གཞི་མན་གྱི་སྨན་བཅོས་གྲོན་དངུལ་ལ། སྨན་བཅོས་འགན་བཅོལ་གཅིག་འདོམས་ཐེབས་རྩས་སྤྲོད་མི་དགོས།
14.城乡居民大病保险
实行自治区级统筹。经基本医疗保险报销后,对符合大病保险赔付规定的医疗费用,按保险合同进行赔付,年度最高赔付限额为14万元。
14.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཚབས་ཆེན་གྱི་འགན་བཅོལ།
རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་ལག་བསྟར་བྱ་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་བརྒྱུད་རྗེས། ནད་གཞི་ཚབས་ཆེན་གྱི་འགན་བཅོལ་སྐྱིན་ཚབ་འཇལ་བའི་གཏན་འབེབས་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་ལ། འགན་བཅོལ་གན་རྒྱ་ལྟར་སྐྱིན་ཚབ་འཇལ་རྒྱུ་དང་།ལོ་འཁོར་གྱི་སྐྱིན་ཚབ་འཇལ་བའི་ཚད་བཀག་མཐོ་ཤོས་སྒོར་ཁྲི་14ཡིན།
15.城乡居民暨在编僧尼健康体检
根据《关于印发<西藏自治区城乡居民健康体检行动方案(2023~2025年)>的通知》(藏卫基层发〔2023〕156号),对具有昌都户籍的居民暨在编僧尼(不包含党政机关、企事业单位、退休职工等干部职工)进行健康体检,65岁以上老年人数量、孕产妇数量、0~6岁儿童数量、残疾人数量、防止返贫监测对象、特殊子女家庭、门诊特殊病种患者每年体检一次;其他体检对象每3年至少体检一次,3年完成全覆盖。健康体检标准为城乡居民100元/人·年,在编僧尼200元/人·年。2024年,全区65岁以上的城乡居民健康体检标准提高至136元/人·年。
15.གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་གྲྭ་བཙུན་ལ་བདེ་ཐང་བརྟག་དཔྱད་བྱེད་པ།
《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་བྱ་སྤྱོད་ཇུས་གཞི་(2023ལོ་ནས་2025ལོ་བར།)》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ལྗོངས་འཕྲོད་བསྟེན་གཞི་རིམ་ཁང་གི་ཡིག་ཆ་〔2023〕ཨང་156པ།)གཞིར་བཟུང་ནས། ཆབ་མདོའི་ཐེམ་ཐོའི་གྲོང་མི་དང་སྒྲིག་ཁོངས་གྲྭ་བཙུན་(ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་ལས་བཟོ་པ་ཚུད་མེད།)ལ་བདེ་ཐང་བརྟག་དཔྱད་བྱ་དགོས། ལོ་65ཡན་གྱི་རྒན་རྒོན་དང་། སྦྲུམ་མ། ལོ་0ནས་6བར་གྱི་བྱིས་པ། དབང་བོ་སྐྱོན་ཅན། བསྐྱར་དབུལ་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ། དམིགས་བསལ་བུ་ཕྲུག་གི་ཁྱིམ་ཚང་། སྒོ་བསྟེན་དམིགས་བསལ་ནད་པ་བཅས་ལ་ལོ་རེར་ལུས་ཁམས་བརྟག་བཤེར་བྱ་དགོས། ལུས་ཁམས་བརྟག་བཤེར་བྱ་ཡུལ་གཞན་དག་ལོ་3་རེར་ཉུང་མཐར་ཡང་ལུས་ཁམས་བརྟག་བཤེར་ཐེངས་1རེ་བྱེད་པ་དང་། ལོ་3་ནང་ཁྱོན་ཡོངས་ཁྱབ་ཐུབ་པ་བྱ་དགོས། བདེ་ཐང་བརྟག་བཤེར་གྱི་ཚད་གཞི་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིར་ལོ་རེར་སྒོར་100དང་། སྒྲིག་ཁོངས་གྲྭ་བཙུན་མི་རེར་ལོ་རེར་སྒོར་200ཡིན། 2024ལོར་ལྗོངས་ཡོངས་ཀྱི་ལོ་65ཡན་གྱི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་ཚད་གཞི་ལོ་རེར་མི་རེར་སྒོར་136བར་མཐོ་རུ་བཏང་ཡོད།
16.全区基层卫生人才能力提升
按照“合理、可持续、可实现”和总体推进,分步实施的原则,通过“线上视频教学”和“线下技能面授”结合,用5~10年的时间,持续提升基层医疗卫生人员服务水平,补齐基层医疗技术人员执业资格短板,切实培养一批“留得住、能战斗、带不走”的基层医疗技术人员。实施危重孕产妇和新生儿救治中心转会诊,形成协调管理、上下联动、应对有序、运转高效的救治网络,在促进区域布局更加科学,救治中心建设更加规范、兜底救治能力和服务质量逐步提升,保障救治服务的可及性和安全性方面发挥积极作用。
16.ལྗོངས་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་ཤེས་ལྡན་མི་སྣའི་ནུས་པ་མཐོར་འདེགས་གཏོང་བ།
“ལུགས་མཐུན་དང་།རྒྱུན་མཐུད་ཐུབ་པ།མངོན་འགྱུར་ཐུབ་པ”དང་། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ། རིམ་པ་དབྱེ་ནས་ལག་བསྟར་བྱེད་པའི་རྩ་དོན་ལྟར།“དྲ་ཐོག་བརྙན་ལམ་སློབ་ཁྲིད་”དང“དྲ་ཐོག་ནུས་རྩལ་ངོ་ཐུག་སློབ་ཁྲིད”ཟུང་འབྲེལ་བྱས་ནས། ལོ་5ནས་10བར་གྱི་དུས་ཚོད་སྤྱད་དེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་དང་། གཞི་རིམ་གྱི་སྨན་བཅོས་ལག་རྩལ་མི་སྣའི་ལས་གཉེར་ཐོབ་ཐང་གི་ཞན་ཆ་ཁ་གསབ་བྱས་ཏེ།“ཉར་འཛིན་ཐུབ་པ་དང་། འཐབ་འཛིང་བྱེད་ནུས་པ། འཁྲིད་མི་ཐུབ་པའི་”གཞི་རིམ་གྱི་སྨན་བཅོས་ལག་རྩལ་མི་སྣ་ཁག་གཅིག་གསོ་སྐྱོང་ཏན་ཏིག་བྱ་དགོས།ཉེན་ཁ་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་སྐྱོབ་བཅོས་ལྟེ་གནས་སུ་སྤོ་བརྟག་གྲོས་བརྟག་བྱས་ཏེ། མཐུན་སྦྱོར་དོ་དམ་དང་།གོང་འོག་མཉམ་སྦྲེལ། ཁ་གཏད་རིམ་ལྡན། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་སྐྱོབ་བཅོས་དྲ་རྒྱ་ཆགས་ནས། ས་ཁོངས་བཀོད་སྒྲིག་སྔར་ལས་ཚན་རིག་དང་མཐུན་པ་དང་། སྐྱོབ་བཅོས་ལྟེ་གནས་འཛུགས་སྐྲུན་སྔར་ལས་ཚད་ལྡན་དུ་གཏོང་བ། སྐྱོབ་བཅོས་ནུས་པ་དང་ཞབས་ཞུའི་སྤུས་ཚད་རིམ་བཞིན་མཐོ་རུ་འགྲོ་བ། སྐྱོབ་བཅོས་ཞབས་ཞུའི་འགྲུབ་ཐུབ་རང་བཞིན་དང་བདེ་འཇགས་རང་བཞིན་འགན་ལེན་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས།
17.城乡医疗救助
根据《昌都市深化医疗保障制度改革工作领导小组办公室关于印发<昌都市关于健全重特大疾病医疗保险和救助制度实施方案及实施细则>的通知》(昌医改办〔2023〕1号)精神,进一步增强困难群众和大病患者兜底性保障,防范因病返贫致贫风险。
(1)救助对象。第一类救助对象为城乡特困救助供养对象。第二类救助对象为孤儿(含事实无人抚养儿童),一、二级重度残疾人。第三类救助对象为城乡最低生活保障家庭成员、返贫致贫人口。第四类救助对象为纳入防止返贫致贫监测范围的易返贫致贫人口(含脱贫不稳定户、边缘易致贫户、因病突发严重困难户),城乡困难低保边缘家庭成员,经工会部门认定的困难职工。第五类救助对象为不属于以上四类救助对象,但因高额医疗费用支出导致家庭基本生活出现严重困难的大病患者以及县(区)级以上地方人民政府规定的其他特殊困难人员。
(2)救助标准。a.住院和门诊特殊病救助:救助对象政策范围内个人自付医疗费用,分别按第一类和第二类全额、第三类95%、第四类90%的比例给予救助。昌都市住院和门诊特殊病医疗救助共用年度救助限额,普通医疗救助年度限额15万元、重特大疾病医疗救助年度限额30万元。救助对象医疗费用经基本医保、大病保险、普通医疗救助(不设起付线)报销后的政策范围内个人自付费用达到全区上年度城乡居民人均可支配收入5%以上的,给予重特大疾病医疗救助。重特大疾病住院救助不限病种限制,按医疗费用进行保障。b.普通门诊救助:救助对象在定点医疗机构发生政策范围内的普通门诊治疗费用,经基本医保门诊统筹制度报销后,按第一和第二类全额、第三类95%、第四类90%的比例给予救助,年度最高救助限额500元。c.依申请救助:第五类救助对象因病致贫重病参保患者医疗费用经基本医保、大病保险支付后负担达到或超过其家庭上年度收入40%的,经民政部门按《西藏自治区申请救助居民家庭经济状况核对办法》对其家庭经济状况进行核对,出具核对报告后,前24个月内在定点医疗机构产生的自付医疗费用,在年度救助限额内按70%的比例予以救助。
17.གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ།
《﹤ཆབ་མདོ་གྲོང་ཁྱེར་གྱི་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་དང་ལག་བསྟར་ཞིབ་སྲོལ་﹥པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་བརྡ་ཐོ》(ཆབ་མདོའི་སྨན་བཅོས་སྒྱུར་བཅོས་གཞུང་ལས་ཁང་གི་ཡིག་ཆ་〔2023〕ཨང་1པ།)ཡི་དགོངས་དོན་གཞིར་བཟུང་། དཀའ་ངལ་ཆེ་བའི་མང་ཚོགས་དང་ནད་གཞི་ཚབས་ཆེན་ཕོག་མཁན་གྱི་མཐིལ་བརྟོལ་རང་བཞིན་གྱི་འགན་སྲུང་སྔར་ལས་ཆེ་རུ་བཏང་ནས། ནད་གཞི་ཕོག་ནས་བསྐྱར་དབུལ་འབྱུང་བར་སྔོན་འགོག་བྱ་དགོས།
(1)རོགས་སྐྱོབ་བྱ་ཡུལ། རོགས་སྐྱོབ་བྱ་ཡུལ་རིགས་དང་པོ་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་དཀའ་ངལ་ཧ་ཅང་ཆེ་བའི་རོགས་སྐྱོབ་དང་གསོ་སྐྱོང་བྱ་ཡུལ་ཡིན།རོགས་སྐྱོབ་བྱ་ཡུལ་རིགས་གཉིས་པ་ནི་དྭ་ཕྲུག་(དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་ཚུད།)དང་། དབང་པོ་སྐྱོན་ཅན་ཚབས་ཆེན་རིམ་པ་དང་པོ་དང་རིམ་པ་གཉིས་པ་ཡིན། རོགས་སྐྱོབ་བྱ་ཡུལ་རིགས་གསུམ་པ་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་ཁོངས་མི་དང་བསྐྱར་དབུལ་མི་འབོར་ཡིན། རོགས་སྐྱོབ་བྱ་ཡུལ་རིགས་བཞི་པ་ནི་བསྐྱར་དབུལ་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་སུ་ཚུད་པའི་དབུལ་ཕོངས་སུ་ལོག་སླ་བའི་དབུལ་ཕོངས་མི་གྲངས(དབུལ་སྒྲོལ་བརྟན་ལྷིང་མེད་པའི་དུད་ཚང་དང་། མཐར་ལུས་དབུལ་ཕོངས་སུ་འགྱུར་སླ་བའི་དུད་ཚང་། ནད་ཀྱི་དབང་གིས་གློ་བུར་དུ་དཀའ་ངལ་ཚབས་ཆེན་ཡོད་པའི་དུད་ཚང་བཅས་ཚུད།)དང་། གྲོང་ཁྱེར་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དམའ་སྲུང་མཐརས་ལུས་ཁྱིམ་ཚང་གི་ཁོངས་མི། བཟོ་ཚོགས་སྡེ་ཚན་གྱིས་ངོས་འཛིན་བྱས་པའི་དཀའ་ངལ་ཅན་གྱི་ལས་བཟོ་བ་བཅས་ཡིན།རོགས་སྐྱོབ་བྱ་ཡུལ་རིགས་ལྔ་པ་ནི་གོང་གསལ་གྱི་རོགས་སྐྱོབ་བྱ་ཡུལ་རིགས་བཞིའི་ཁོངས་སུ་མི་གཏོགས་ཀྱང་། སྨན་བཅོས་འགྲོ་གྲོན་མང་པོའི་རྐྱེན་གྱིས་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་བྱུང་བའི་ནད་གཞི་ཚབས་ཆེན་ཕོག་མཁན་དང་རྫོང་(ཆུས།)རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དམིགས་བསལ་དཀའ་ངལ་ཅན་གྱི་མི་སྣ་གཞན་དག་ཡིན།
(2)རོགས་སྐྱོབ་ཚད་གཞི། a.སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་དུ་སྡོད་པའི་དམིགས་བསལ་ནད་ཀྱི་རོགས་སྐྱོབ། རོགས་སྐྱོབ་བྱ་ཡུལ་གྱི་སྲིད་ཇུས་ཁྱབ་ཁོངས་སུ་མི་སྒེར་གྱིས་སྨན་བཅོས་འགྲོ་གྲོན་རང་གིས་སྤྲོད་དགོས་ན།རིགས་དང་པོ་དང་རིགས་གཉིས་པའི་ཆ་ཚང་དང་། རིགས་གསུམ་པའི་95%དང་། རིགས་བཞི་པའི་90%བཅས་ཀྱི་བསྡུར་ཚད་ལྟར་རོགས་སྐྱོབ་བྱ་དགོས།ཆབ་མདོ་གྲོང་ཁྱེར་གྱི་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་འཁོར་གྱིས་རོགས་སྐྱོབ་བཅད་གྲངས་བརྩི་རྒྱུ་དང་། སྤྱིར་བཏང་གི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་འཁོར་གྱི་བཅད་གྲངས་སྒོར་ཁྲི་15དང་།ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་འཁོར་གྱི་བཅད་གྲངས་སྒོར་ཁྲི་30ཡིན།རོགས་སྐྱོབ་བྱ་ཡུལ་གྱི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ཚབས་ཆེན་གྱི་འགན་བཅོལ།སྤྱིར་བཏང་གི་སྨན་བཅོས་རོགས་སྐྱོབ་(ཐོག་མའི་གཏོང་སྤྲོད་ཐིག་མི་བཟོ།)བཅས་བརྒྱུད་རྩིས་ཞུས་བྱས་རྗེས་ཀྱི་སྲིད་ཇུས་ཁྱབ་ཁོངས་སུ་མི་སྒེར་གྱིས་སྤྲད་པའི་འགྲོ་གྲོན་དེ་ལྗོངས་ཡོངས་ཀྱི་ལོ་གོང་མའི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་5%ཡན་ཟིན་ཚེ། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱ་དགོས། ནད་གཞི་ཚབས་ཆེན་གྱི་སྨན་ཁང་དུ་སྡོད་པའི་རོགས་སྐྱོབ་ལ་ནད་རིགས་ཀྱི་ཚད་བཀག་མེད་པར་སྨན་བཅོས་འགྲོ་གྲོན་ལྟར་འགན་སྲུང་བྱ་དགོས། b.སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་རོགས་སྐྱོབ།རོགས་སྐྱོབ་བྱ་ཡུལ་གྱིས་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་སྲིད་ཇུས་ཁྱབ་ཁོངས་ནང་གི་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་བྱུང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་གཅིག་འདོམས་ལམ་ལུགས་བརྒྱུད་དེ་རྩིས་ཞུ་བྱས་རྗེས། རིགས་དང་པོ་དང་གཉིས་པའི་ཆ་ཚང་དང་། རིགས་གསུམ་པའི་95%། རིགས་བཞི་པ་90%བཅས་ཀྱི་བསྡུར་ཚད་ལྟར་རོགས་སྐྱོབ་བྱ་དགོས།ལོ་འཁོར་གྱི་ཆེས་མཐོ་བའི་རོགས་སྐྱོབ་བཅད་གྲངས་སྒོར་500ཡིན། c.རོགས་སྐྱོབ་རེ་ཞུར་གཞིགས་ན། རོགས་སྐྱོབ་བྱ་ཡུལ་རིགས་ལྔ་པ་ནི་ནད་ཀྱི་དབང་གིས་དབུལ་ཕོངས་དང་ནད་ལྕི་བའི་འགན་བཅོལ་ནང་ཞུགས་མཁན་གྱི་ནད་པའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་གྱིས་སྤྲད་རྗེས་དེའི་ཁྱིམ་ཚང་གི་ལོ་གོང་མའི་ཡོང་འབབ་ཀྱི་40%ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ན། དམངས་སྲིད་སྡེ་ཁག་གིས་《བོད་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོབ་རེ་ཞུའི་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱ་ཐབས》ལྟར་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱས་ཏེ་ཞིབ་བསྡུར་སྙན་ཞུ་ཕུལ་རྗེས། སྔོན་གྱི་ཟླ་བ་24ནང་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་ཐོན་པའི་རང་སྤྲོད་སྨན་བཅོས་འགྲོ་གྲོན་དེ་ལོ་འཁོར་གྱི་རོགས་སྐྱོབ་བཅད་གྲངས་ཀྱི་70%ལྟར་རོགས་སྐྱོབ་བྱ་དགོས།
18.农牧民孕产妇住院分娩奖励政策
农牧区孕产妇在享受住院分娩费全额报销政策的同时,享受一次性住院分娩补助,标准为1000元/人,待产期间每天30元给予生活补贴,按人均10天共300元预算,护送奖励150元(孕产妇、1名村医、1名家属均预算50元)。
18.ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བའི་བྱ་དགའི་སྲིད་ཇུས།
ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་ན་གྲོན་དངུལ་ཚང་མ་རྩིས་ཞུ་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་དང་། དུས་མཚུངས་ཐེངས་གཅིག་རང་བཞིན་གྱི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ཁ་གསབ་ལོངས་སུ་ཆོག ཚད་གཞི་ནི་མི་རེར་སྒོར་1000ཡིན་པ་དང་།ཕྲུ་གུ་སྐྱེ་བར་སྒུག་པའི་རིང་ཉིན་རེར་སྒོར་30འཚོ་བའི་ཁ་གསབ་སྤྲོད་ཅིང་། མི་རེའི་ཆ་སྙོམས་ཉིན་10ལ་ཁྱོན་སྒོར་300ཡི་སྔོན་རྩིས་ལྟར། སྲུང་སྐྱེལ་བྱ་དགའ་སྒོར་150(སྦྲུམ་མ་དང་།གྲོང་ཚོའི་སྨན་པ་1 ཁྱིམ་མི་1་བཅས་ཚང་མར་སྔོན་རྩིས་སྒོར་50ཡིན།)སྤྲོད་དགོས།
19.义务教育学生营养改善计划
每生每天5元,全年按200天核定,即每生每学年1000元(资金与“三包”经费统筹使用)。
19.འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི།
སློབ་མ་རེར་ཉིན་རེར་སྒོར་5ཡིན་པ་དང་། ལོ་ཧྲིལ་པོར་ཉིན་200ལྟར་ཞིབ་བཤེར་གཏན་འབེབས་བྱ་དགོས་ཏེ།སློབ་མ་རེར་སློབ་ལོ་རེར་སྒོར་1000(མ་དངུལ་དང“འགན་ལེན་གསུམ”གྱི་གྲོན་དངུལ་གཅིག་གྱུར་གྱིས་སྤྱོད་དགོས།)ཡིན།
20.全民团体意外伤害保险
自治区出资为全区户籍人员和援藏干部等人员购买人身意外伤害保险,意外伤害保险最高赔付6万元。根据《关于提高全区驻村工作队员和寺管会干部团体人身意外伤害保险保额工作的通知》(藏组发〔2023〕164号),为全区所有驻村工作队员和寺管会干部购买团体人身意外伤害保险,最高赔付额60万元。
20.དམངས་ཡོངས་ཚོགས་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ།
རང་སྐྱོང་ལྗོངས་ཀྱིས་མ་དངུལ་བཏང་ནས་ལྗོངས་ཡོངས་ཀྱི་ཐེམ་ཐོའི་མི་སྣ་དང་བོད་སྐྱོར་ལས་བྱེད་པ་སོགས་ལ་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེ་འགན་བཅོལ་ཉོ་སྒྲུབ་བྱས་པ་དང་། བསམ་ཡུལ་ལས་འདས་པའི་གནོད་འཚེ་འགན་བཅོལ་གྱི་སྐྱིན་ཚབ་མཐོ་ཤོས་སྒོར་ཁྲི་6སྤྲོད་དགོས། 《ལྗོངས་ཡོངས་ཀྱི་གྲོང་ཚོ་བཅའ་སྡོད་ལས་དོན་རུ་མི་དང་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་ཚོགས་པའི་མི་ལུས་བསམ་ཡུལ་ལས་འདས་པའི་གནོད་འཚེ་འགན་བཅོལ་གྱི་འགན་བཅོལ་གྲངས་འབོར་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ལྗོངས་རྩ་འཛུགས་ཀྱི་ཡིག་ཆ〔2023〕་ཨང་164པ།)གཞིར་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཚོ་བཅའ་སྡོད་ལས་དོན་རུ་མི་དང་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་ཡོངས་ལ་ཚོགས་པའི་མི་ལུས་བསམ་ཡུལ་ལས་འདས་པའི་གནོད་འཚེ་འགན་བཅོལ་ཉོ་རྒྱུ་དང་སྐྱིན་ཚབ་མཐོ་ཤོས་སྒོར་ཁྲི་60སྤྲོད་དགོས།
21.义务教育寄宿制学校寄宿生交通补贴
2016年开始,对我区农牧区寄宿制学校住校生按150元/生·年标准安排寒暑假集中接送交通补助经费。
21.འོས་འགན་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཞག་སྡོད་སློབ་མའི་འགྲིམ་འགྲུལ་ཁ་གསབ།
2016ལོ་ནས་བཟུང་། རང་ལྗོངས་ཞིང་འབྲོག་ས་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གྲྭར་སྡོད་མཁན་སློབ་མ་རྣམས་སློབ་མ་རེར་ལོ་རེར་སྒོར་150ཡི་ཚད་གཞི་ལྟར། དགུན་དབྱར་གུང་གསེང་གི་གཅིག་སྡུད་ཕར་སྐྱེལ་ཚུན་ལེན་གྱི་འགྲིམ་འགྲུལ་ཁ་གསབ་གྲོན་དངུལ་བཀོད་སྒྲིག་བྱས་ཡོད།
22.农村公路养护补贴
县道及重要专用公路每年每公里10000元,乡道及其他专用公路每年每公里5000元,村道每年每公里3000元,自治区、地(市)、县(区)财政承担比例为5:3:2。旅游、厂矿、林场和产业园区等专用公路日常养护经费和管理养护工作由受益或使用单位配套和负责。
22.གྲོང་གསེབ་གཞུང་ལམ་བདག་སྐྱོང་ཁ་གསབ།
རྫོང་རིམ་པའི་ལམ་དང་དེ་བཞིན་ཆེད་སྤྱོད་གཞུང་ལམ་གལ་ཆེན་ལོ་རེར་སྤྱི་ལེ་རེར་སྒོར་10000དང་། ཤང་རིམ་པའི་ལམ་དང་དེ་བཞིན་ཆེད་སྤྱོད་གཞུང་ལམ་གཞན་དག་ལོ་རེར་སྤྱི་ལེ་རེར་སྒོར་5000དང་། གྲོང་ཚོ་རིམ་པའི་ལམ་ལོ་རེར་སྤྱི་ལེ་རེར་སྒོར་3000བཅས་ཡིན་ཞིང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར།)རྫོང་(ཆུས།)བཅས་ཀྱི་ནོར་སྲིད་ཀྱིས་འགན་འཁུར་བའི་བསྡུར་ཚད་ནི་5:3:2ལྟར་ཡིན། ཡུལ་སྐོར་དང་། བཟོ་གྲྭ་གཏེར་ཁ། ནགས་ར་དང་ཐོན་ལས་གླིང་ཁུལ་སོགས་ཆེད་སྤྱོད་གཞུང་ལམ་གྱི་རྒྱུན་ལྡན་བདག་སྐྱོང་གྲོན་དངུལ་དང་དོ་དམ་བདག་སྐྱོང་ལས་ཀ་དེ་ཁེ་ཕན་ཐོབ་པའམ་ཡང་ན་བེད་སྤྱོད་བྱེད་མཁན་སྡེ་ཚན་གྱིས་བཀོད་སྒྲིག་དང་འགན་འཁུར་དགོས།
23.基本公共卫生服务
中央和自治区财政通过共同财政事权转移支付方式安排(中央和自治区共同财政事权)。适用于全区承担基本公共卫生服务任务的城市社区卫生服务中心(站)、乡镇卫生院、村卫生室等基层医疗卫生机构、其他非基层医疗卫生机构、有关专业公共卫生机构,以及通过政府购买服务方式确定的承接基本公共卫生服务项目的社会办医医疗机构等。
原基本公共卫生服务项目(12项):建立居民健康档案、健康教育、预防接种、0~6岁儿童健康管理、孕产妇健康管理、老年人健康管理、高血压患者健康管理(糖尿病患者健康管理)、严重精神障碍患者管理、中医药健康管理、传染病和突发公共卫生事件报告和处理、卫生计生监督协管、结核病患者健康管理。支持家庭医生签约服务、巡回诊疗服务。
2024年基本公共卫生服务经费人均财政补助标准提高至115元。
23.གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ།
ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱིས་ཐུན་མོང་གི་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་སྤོ་སྒྱུར་གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་བཀོད་སྒྲིག་(ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐུན་མོང་གི་ནོར་སྲིད་ཀྱི་དོན་གཅོད་དབང་ཆ།)བྱ་དགོས། ལྗོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་འགན་འཁུར་མཁན་གྱི་གྲོང་ཁྱེར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས།)དང་། ཤང་གྲོང་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་སོགས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་། གཞི་རིམ་མིན་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཞན་དགའབྲེལ་ཡོད་ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་ལས་ཁུངས་བཅས་དང་། དེ་བཞིན་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་དེ་གཏན་འཁེལ་བྱས་པའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དང་ལེན་བྱེད་པའི་སྤྱི་ཚོགས་ཀྱི་སྨན་བཅོས་སྨན་བཅོས་ལས་ཁུངས་སོགས་ལ་སྤྱོད་དགོས།
དེ་སྔའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་(རྣམ་གྲངས་12ཡོད།)ནི་གྲོང་མིའི་བདེ་ཐང་ཡིག་ཚགས་བཟོ་པ་དང་། བདེ་ཐང་སློབ་གསོ། སྔོན་འགོག་སྨན་ཁབ་རྒྱག་པ། ལོ་0ནས་6བར་གྱི་བྱིས་པའི་བདེ་ཐང་དོ་དམ།སྦྲུམ་མའི་བདེ་ཐང་དོ་དམ། རྒན་རྒོན་གྱི་བདེ་ཐང་དོ་དམ། ཁྲག་ཤེད་མཐོ་བའི་ནད་པའི་བདེ་ཐང་དོ་དམ།(གཅིན་སྙི་ཟགས་ཁུའི་ནད་པའི་བདེ་ཐང་དོ་དམ།)སེམས་ཁམས་འགལ་རྐྱེན་ཚབས་ཆེན་གྱི་ནད་པའི་དོ་དམ།ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་དོ་དམ།འགོས་ནད་དང་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སྙན་ཞུ་དང་ཐག་གཅོད། འཕྲོད་བསྟེན་འཆར་ལྡན་བུ་བཙའི་ལྟ་སྐུལ་དོ་དམ།འདུས་འདྲིལ་གཅོང་ནད་ནད་པའི་བདེ་ཐང་དོ་དམ་བཅས་ཡིན། ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་དང་། སྐོར་སྐྱོད་སྨན་བཅོས་ཞབས་ཞུ་ལ་རྒྱབ་སྐྱོར་བྱ་དགོས།
2024ལོར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་115བར་མཐོ་རུ་བཏང་ཡོད།
24.综合文化活动站免费开放资金
地市级图书馆、群艺馆补助标准为每馆每年50万元,其中自治区财政补助40万元、市级财政补助10万元;县(区)级图书馆、群艺馆补助标准为每馆每年20万元,乡镇综合文化站(中心)补助标准为每站(中心)5万元,承担比例为中央财政80%,项目所在地县(区)财政20%。
24.ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ས་ཚིགས་ཀྱི་རིན་མེད་སྒོ་འབྱེད་མ་དངུལ།
ས་ཁུལ་དང་གྲོང་ཁྱེར་རིམ་པའི་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་གི་ཁ་གསབ་ཚད་གཞི་ནི་ཁང་རེར་ལོ་རེར་སྒོར་ཁྲི་50ཡིན་པ་དང་།དེའི་ནང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཁ་གསབ་སྒོར་ཁྲི་40དང་། གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱི་ཁ་གསབ་སྒོར་ཁྲི་10ཡིན།རྫོང་(ཆུས།)རིམ་པའི་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་གི་ཁ་གསབ་ཚད་གཞི་ནི་ཁང་རེར་ལོ་རེར་སྒོར་ཁྲི་20དང་། ཤང་དང་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་(ལྟེ་གནས།)ཀྱི་ཁ་གསབ་ཚད་གཞི་ནི་ས་ཚིགས་རེར་སྒོར་ཁྲི་5འགན་འཁུར་རྒྱུ་དང་། ལས་འགན་འཁུར་ཚད་ནི་ཀྲུང་དབྱང་ནོར་སྲིད་ཀྱི་80%དང་། རྣམ་གྲངས་གནས་ཡུལ་རྫོང་(ཆུས།)ནོར་སྲིད་ཀྱི་20%བཅས་ཡིན།
25.创先争优强基惠民工作经费
从2018年起“为民办实事”和“短平快”项目资金整合为全区强基惠民工作经费,每个村(社区)20万元。
25.སྔོན་གཏོད་ལེགས་བརྩོན་དང་དམངས་ཕན་རྨང་བརྟན་ལས་དོན་གྱི་གྲོན་དངུལ།
2018ལོ་ནས་བཟུང་“དམངས་ལ་དོན་དངོས་བསྒྲུབ་”དང“ཡུན་ཐུང་ཕན་མང་”རྣམ་གྲངས་ཀྱི་མ་དངུལ་དེ་ལྗོངས་ཡོངས་ཀྱི་དམངས་ཕན་རྨང་རྡོ་བརྟན་པོར་གཏོང་བའི་ལས་དོན་གྱི་གྲོན་དངུལ་དུ་བསྡུ་སྒྲིལ་བྱས་ནས། གྲོང་ཚོ་(སྡེ་ཁུལ།)རེར་སྒོར་ཁྲི་20སྤྲོད་དགོས།
26.重点陆生野生动物肇事保险
重点陆生野生动物造成公民人身伤害和财产损失,自治区财政承担60%,市级承担30%,县(区)级承担10%。保费=保额×费率×承保数量。
保额。(1)农作物:青稞1000元/亩;小麦:800元/亩;油菜:1000元/亩;水稻:1200元/亩;玉米:800元/亩;马铃薯:600元/亩。(2)牛、马、骡、驴(大畜):2600元/头(匹);猪:600元/头;羊(小畜):350元/只。(3)家禽:12元/只。(4)房屋:砖混结构12000元/户、土木结构10000元/户,另外家具、家电、畜圈等家庭合法财产赔付额不超过5000元。(5)a.造成身体伤害的,赔偿受害人医疗费以实际发票为准;因误工减少收入的,按照自治区统计部门公布的当地上一年度农牧民人均收入折算。实际误工天数依照村(社区)居委会和乡(镇)级以上医疗机构出具的有效证明确定。b.造成部分或者完全丧失劳动能力的,一次性补偿受害人医疗费以及残疾赔偿金,部分丧失劳动能力的,残疾赔偿金为自治区统计部门公布的当地上一年度农牧民人均纯收入的15倍;全部丧失劳动能力的,残疾赔偿金为自治区统计部门公布的当地上一年度农牧民人均纯收入的25倍为标准。c.造成死亡的,一次性赔偿受害人医疗费、丧葬费和死亡赔偿金。其中:丧葬费1000元,死亡赔偿金为自治区统计部门公布的当地上一年度农牧民人均纯收入的30倍。
费率。(1)农作物:0.9%;(2)牲畜(牛、羊):0.55%;牲畜(猪、马、骡、驴):0.08%;(3)家禽:3%;(4)房屋:0.05%;(5)人伤:1元/人。
26.སྐམ་སའི་རི་སྐྱེས་སྲོག་ཆགས་གཙོ་བོའི་བྱུར་ཉེས་བཟོ་བའི་འགན་བཅོལ།
སྐམ་སའི་རི་སྐྱེས་སྲོག་ཆགས་གཙོ་བོ་ཡིས་སྤྱི་དམངས་ཀྱི་མི་ལུས་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་ཚེ། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་60%དང་།གྲོང་ཁྱེར་རིམ་པས་30%དང་། རྫོང་(ཆུས།)རིམ་པས་10%བཅས་ཀྱི་འགན་འཁུར་དགོས།འགན་བཅོལ་གྲོན་དངུལ།=འགན་བཅོལ་དངུལ་གྲངས།×གྲོན་དངུལ་གྱི་ཚད།×འགན་འཁུར་གྲངས་འབོར།
འགན་བཅོལ་དངུལ་གྲངས། (1)ཞིང་ལས་ལོ་ཏོག་ནི། ནས་མུའུ་རེར་སྒོར་1000དང་། གྲོ་མུའུ་རེར་སྒོར་800དང་། པད་ཁ་མུའུ་རེར་སྒོར་1000དང་། ཆུ་འབྲས་མུའུ་རེར་སྒོར་1200དང་། མ་རྨོས་ལོ་ཏོག་མུའུ་རེར་སྒོར་800དང་། ཞོག་ཁོག་མུའུ་རེར་སྒོར་600བཅས་ཡིན། (2)ནོར་དང་རྟ། དྲེལ། བོང་བུ་(ཕྱུགས་ཆེན།)བཅས་ལ་སྒོར་2600ཡིན། ཕག་རེར་སྒོར་600ཡིན། ལུག་(ཕྱུགས་ཆུང་།)ནི་སྒོར་350ཡིན།(3)ཁྱིམ་བྱ་སྒོར་12རེར་ཡིན། (4)ཁང་པ་ནི། སོ་ཕག་བརྩིགས་མའི་སྒྲིག་གཞིའི་ཁང་པ་རེར་སྒོར་12000དང་། ས་ཤིང་སྒྲིག་གཞིའི་ཁང་པ་རེར་སྒོར་10000ཡིན། དེ་མིན་ཁྱིམ་ཆས་དང་གློག་ཆས། ལྷས་ར་སོགས་ཁྱིམ་ཚང་གི་ཁྲིམས་མཐུན་རྒྱུ་ནོར་གྱི་སྐྱིན་ཚབ་འཇལ་གྲངས་སྒོར་5000ལས་བརྒལ་མི་ཆོག (5)a.ལུས་ཕུང་ལ་གནོད་འཚེ་བཟོས་རིགས་ལ། གནོད་འཚེ་ཕོག་མཁན་གྱི་སྨན་རིན་སྐྱིན་ཚབ་འཇལ་རྒྱུ་དེ་འཛིན་ཤོག་དངོས་གཞིར་བཟུང་དགོས། ལས་ཐེབས་ཆག་པའི་དབང་གིས་ཡོང་འབབ་ཉུང་དུ་ཕྱིན་ན། རང་སྐྱོང་ལྗོངས་བསྡོམས་རྩིས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ས་གནས་དེ་གའི་ལོ་གོང་མའི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ལྟར་ཕབ་རྩིས་བྱ་དགོས། ལས་ཐེབས་ཆག་པའི་ཉིན་གྲངས་དངོས་ནི་གྲོང་ཚོ་(གྲོང་མི་ཨུ་ལྷན།)མི་དམངས་ཨུ་ཡོན་ལྷན་ཁང་དང་ཤང་(གྲོང་རྡལ།)རིམ་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱིས་སྤྲད་པའི་ནུས་ལྡན་དཔང་ཡིག་ལྟར་གཏན་འཁེལ་བྱ་དགོས། b.ངལ་རྩོལ་བྱེད་ནུས་ཆ་ཤས་སམ་ཡང་ན་རྦད་དེ་ཤོར་རིགས་ལ། ཐེངས་གཅིག་རང་བཞིན་གྱིས་གནོད་འཚེ་ཕོག་མཁན་ལ་སྨན་རིན་དང་དབང་པོ་སྐྱོན་ཅན་གྱི་སྐྱིན་ཚབ་འཇལ་དགོས། ངལ་རྩོལ་བྱེད་ནུས་ཆ་ཤས་ཤོར་རིགས་ལ། དབང་པོ་སྐྱོན་ཅན་གྱི་སྐྱིན་ཚབ་འཇལ་དངུལ་ནི་རང་སྐྱོང་ལྗོངས་སྡོམ་རྩིས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ས་གནས་དེ་གའི་ལོ་གོང་མའི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བའི་ལྡབ་15ཡིན། ངལ་རྩོལ་བྱེད་ནུས་རྦད་དེ་ཤོར་རིགས་ལ། དབང་པོ་སྐྱོན་ཅན་གྱི་སྐྱིན་ཚབ་འཇལ་དངུལ་ནི་རང་སྐྱོང་ལྗོངས་བསྡོམས་རྩིས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ས་གནས་དེ་གའི་ལོ་གོང་མའི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བའི་ལྡབ་25ཚད་གཞིར་འཛིན་དགོས། c.བསད་པའི་རིགས་ལ། ཐེངས་གཅིག་རང་བཞིན་གྱིས་གནོད་འཚེ་ཕོག་མཁན་ལ་སྨན་བཅོས་གྲོན་དངུལ་དང་། དུར་འཇུག་གྲོན་དངུལ། ཤི་བའི་སྐྱིན་ཚབ་འཇལ་དགོས། དེའི་ནང་དུར་འཇུག་གི་གྲོན་དངུལ་སྒོར་1000ཡིན་པ་དང་།ཤི་བའི་སྐྱིན་ཚབ་འཇལ་དངུལ་ནི་རང་སྐྱོང་ལྗོངས་བསྡོམས་རྩིས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་ས་གནས་དེ་གའི་ལོ་གོང་མའི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བའི་ལྡབ་30ཡིན།
གྲོན་དངུལ་གྱི་ཚད། (1)ཞིང་ལས་ལོ་ཏོག་ནི་0.9%ཡིན། (2)སྒོ་ཕྱུགས་(ནོར་དང་ལུག)0.55%དང་།སྒོ་ཕྱུགས(ཕག་དང་རྟ།དྲེལ། བོང་བུ།)0.08%ཡིན། (3)ཁྱིམ་བྱ་3%ཡིན། (4)ཁང་པ་ནི་0.05%ཡིན། (5)རྨས་པའི་མི་རེར་སྒོར་1ཡིན།
27.残疾人康复服务
按照《西藏自治区残疾人基本型辅助器具适配补贴实施办法(试行)》要求,为低保、特困供养家庭残疾人、防返贫动态监测户残疾人、“一户多残”家庭、重度残疾人、残疾学生以及由残疾评定机构或具备医疗诊断资质的专业机构出具诊断证明的西藏籍0~17岁未成年人、65岁以上失能老人(此对象可不持残疾人证)免费提供辅助器具适配及肢残群众假肢装配服务。
按照《西藏自治区残疾儿童康复救助细则》要求,市残联会同藏医院签订残疾儿童定点康复协议,开展残疾儿童康复救助,保障全市0~8岁诊断明确、有康复需求的肢体、脑瘫残疾儿童提供康复治疗,康复补助标准为1.2万元/人·年,康复训练时间不少于10个月。
27.དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུ།
《བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རྣམ་པའི་རམ་འདེགས་ཡོ་བྱད་འཚམ་སྒྲིག་ཁ་གསབ་ལག་བསྟར་བྱ་ཐབས(ཚོད་ལྟ་བྱ་ཐབས)》ཀྱི་བླང་བྱ་གཞིར་བཟུང་། མ་མཐའི་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཅན་གྱི་གསོ་སྐྱོང་ཁྱིམ་ཚང་གི་དབང་པོ་སྐྱོན་ཅན། བསྐྱར་དབུལ་སྔོན་འགོག་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གི་དབང་པོ་སྐྱོན་ཅན།“ཁྱིམ་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་བའི”ཁྱིམ་ཚང་། དབང་པོ་སྐྱོན་ཅན་ཚབས་ཆེན། དབང་བོ་སྐྱོན་ཅན་སློབ་མ་བཅས་དང་། དེ་བཞིན་དབང་པོ་སྐྱོན་ཅན་དཔྱད་བསྡུར་གཏན་འབེབས་ལས་ཁུངས་སམ་ཡང་ན་སྨན་བཅོས་བརྟག་དཔྱད་ཀྱི་ཐོབ་ཐང་ལྡན་པའི་ཆེད་ལས་ལས་ཁུངས་ཀྱིས་བརྟག་དཔྱད་དཔང་ཡིག་སྤྲད་པའི་བོད་ལྗོངས་ཐེམ་ཐོའི་ལོ་0ནས་17བར་གྱི་ལོ་ནར་མ་སོན་པའི་མི་དང་། ལོ་65ཡན་གྱི་དབང་པོ་སྐྱོན་ཅན་རྒན་རྒོན་ནུས་ཤོར་(ཁ་གཏད་ཡུལ་འདིར་དེར་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གྱིས་མི་ཆོག)བཅས་ལ་རིན་མེད་ངང་རམ་འདེགས་ཡོ་བྱད་འཚམ་སྒྲིག་ཞབས་ཞུ་མཁོ་འདོན་བྱ་དགོས།
《བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པ་བདེ་ཐང་སླར་གསོའི་རོགས་སྐྱོབ་ཞིབ་སྲོལ》གྱི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྨན་རྩིས་ཁང་དང་མཉམ་དུ་དབང་པོ་སྐྱོན་ཅན་བྱིས་པ་བདེ་ཐང་སླར་གསོའི་གྲོས་མཐུན་བཞག་ནས། དབང་པོ་སྐྱོན་ཅན་བྱིས་པ་བདེ་ཐང་སླར་གསོའི་རོགས་སྐྱོབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ལོ་0ནས་8བར་གྱི་ནད་དཔྱད་ཁ་གསལ་དང་། བདེ་ཐང་སླར་གསོའི་དགོས་མཁོ་ཡོད་པའི་རྐང་ལག་དང་ཀླད་པ་ཞ་བའི་དབང་པོ་སྐྱོན་ཅན་བྱིས་པར་བདེ་ཐང་སླར་གསོའི་སྨན་བཅོས་བྱ་རྒྱུའི་འགན་ལེན་བྱེད་པ་དང་། བདེ་ཐང་སླར་གསོའི་ཁ་གསབ་ཚད་གཞི་ནི་ལོ་རེར་མི་རེར་སྒོར་ཁྲི་1.2ཡིན་པ་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར་དུས་ཚོད་ཟླ་བ་10ལས་མི་ཉུང་བ་ཡིན།
28.残疾人就业技能培训
按照《西藏自治区人力资源社会保障厅 西藏自治区财政厅关于印发<西藏自治区职业培训补贴资金使用管理实施细则(试行)>的通知》(藏人社发〔2018〕157号)要求,为18~50岁有劳动能力的残疾人提供就业技能培训,不断提升残疾人职业素质和就业创业能力。
28.དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་།
《﹤བོད་རང་སྐྱོང་ལྗོངས་ལས་རིགས་གསོ་སྦྱོང་ཁ་གསབ་མ་དངུལ་བེད་སྤྱོད་དོ་དམ་ལག་བསྟར་ཞིབ་སྲོལ(ལག་བསྟར་ཚོད་ལྟ།)﹥པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བརྡ་ཐོ》(བོད་ལྗོངས་མི་སྤྱིའི་ཡིག་ཆ〔2018〕་ཨང་157པ།)ཡི་བླང་བྱ་གཞིར་བཟུང་། ལོ་18ནས་50བར་གྱི་ངལ་རྩོལ་ནུས་པ་ལྡན་པའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་ནས། དབང་པོ་སྐྱོན་ཅན་གྱི་ལས་རིགས་བྱང་ཚད་དང་ལས་ཞུགས་ལས་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
29.残疾人创业扶持
鼓励和引导残疾人利用“互联网”、实体经营等形式自主就业创业,残疾人首次创办小微企业或从事个体经营,且所创企业或个体工商户工商注册之日起正常运营1年以上的,由残联(或残疾人就业服务机构)从保障金中给予1万元的一次性创业补贴,并在经营场地、设施设备购置改造方面给予支持,符合条件的按规定可享受相应补贴和金融扶持政策。
29.དབང་པོ་སྐྱོན་ཅན་གྱི་ལས་གཏོད་རོགས་སྐྱོར།
དབང་པོ་སྐྱོན་ཅན་གྱིས“མཉམ་སྦྲེལ་དྲ་རྒྱ་”དང་དངོས་གཞིའི་གཉེར་སྐྱོང་སོགས་ཀྱི་རྣམ་པའི་ཐོག་ནས། རང་བདག་ལས་ཞུགས་བྱ་གཞག་བྱ་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱ་དགོས། དབང་པོ་སྐྱོན་ཅན་གྱིས་ཁེ་ལས་ཆུང་ཆུང་ཐོག་མར་བཙུགས་པའམ་ཡང་ན་མི་སྒེར་གཉེར་སྐྱོང་བྱས་པ་མ་ཟད། ད་དུང་གསར་དུ་བཙུགས་པའི་ཁེ་ལས་སམ་ཡང་ན་མི་སྒེར་བཟོ་ཚོང་ཁྱིམ་ཚང་གི་བཟོ་ཚོང་ཐོ་འགོད་ཉིན་ནས་བཟུང་རྒྱུན་གཏན་ངང་ལོ་1ཡན་གཉེར་སྐྱོང་བྱས་ཚེ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་(ཡང་ན་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་སྒྲིག་གཞི།)ཀྱིས་འགན་སྲུང་དངུལ་ལས་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་ཁྲི་1སྤྲོད་དགོས་པ་མ་ཟད། ད་དུང་གཉེར་སྐྱོང་བྱ་ཡུལ་དང་སྒྲིག་ཆས་ཉོ་སྒྲུབ་སྒྱུར་བཀོད་ཐད་རྒྱབ་སྐྱོར་བྱ་དགོས་ཤིང་། ཆ་རྐྱེན་དང་འཚམ་ན་གཏན་འབེབས་ལྟར་ལྟོས་ཟླའི་ཁ་གསབ་དང་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱད་ཆོག